མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བར་འགོག་རྐྱེན་བཟོ་ཐབས་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་ཀྱི་འབྲོག་སྡེ་བདེ་མཆོག་དང་སྒོ་ཡུལ་བཀག་གཞུང་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུ་སྐབས་རྒྱ་གཞུང་གིས་འགོག་རྐྱེན་བཟོ་ཐབས་བྱས་འདུག

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ སྟེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར། ལ་དྭགས་ཀྱི་འབྲོག་སྡེ་བདེ་མཆོག་དང་སྒོ་ཡུལ་བཀག་གཞུང་ (Koyul Kakjung)་དུ་སྐུའི་འཁྲུངས་སྲུང་གཙི་ཞུ་སྐབས། རྒྱ་གར་གྱི་སེང་གེ་གཙང་པོའི་ (Indus River) ཕ་རོལ་ནས་རྒྱ་དམག་གིས་རྒྱ་ནག་གི་རྒྱལ་དར་དང་འཕྲེད་དར་དམར་པོ་བཤམས་ཏེ། འཁྲུངས་སྐར་སྲུང་གཙི་ཞུ་བར་འགོག་རྐྱེན་བཟོ་ཐབས་དང་ངོ་རྒོལ་བྱས་ཡོད་འདུག

གནས་ཚུལ་དེ་ཐོག་མར་ཚེ་དབང་ (Urgain Tsewang)ཞེས་པའི་ཡུལ་བཀག་གཞུང་ (Koyul Kakjung) འབྲོག་སྡེའི་མགོ་བ་ཞིག་གིས་བརྙན་དང་བཅས་སྤེལ་ཡོད་པ་དང་།  དེ་ཡང་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ༦ ཉིན་མི་མང་རྣམས་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙིའི་ཆེད་རྡོ་ལྷས་འགྲམ་སྒོ་ (Dola Tamgo) རུ་འདུ་འཛོམས་བྱེད་སྐབས། ཞོགས་པའི་ཆུ་ཚོད་ ༡༡ ཐོག་མོ་ཊ་ལྔའི་ནང་དུ་རྒྱ་ནག་གི་དམག་མི་དང་མི་དཀྱུས་མ་འགའ་ཤས་བསླེབས་ཏེ་སྨི་ ༢༠༠ ཅན་གྱི་འཕྲེད་དར་དམར་པོ་བཤམས་པ་དང་། རྒྱ་ནག་གི་རྒྱལ་དར་འཁྱེར་ནས་སྐུའི་འཁྲུངས་སྲུང་གཙི་ཞུ་བར་ངོ་རྒོལ་བྱས་སོང་། འཕྲེད་དར་དམར་པོའི་སྟེང་དུ་ཡི་གེ་གང་བྲིས་པ་ཧ་གོ་མ་སོང་། ཁོང་ཚོས་འཕྲེད་དར་དམར་པོ་བཤམས་ཏེ་ཆུ་ཚོད་ཕྱེད་ཀའི་རིང་བསྡད་བྱུང་། ཞེས་བརྗོད་ཡོད་འདུག

ཡང་ཁོང་གིས། ཉིན་བཅུའི་སྔོན་ལ་ང་ཚོའི་ས་ཁུལ་དུ་ཉི་འོད་ཀྱི་ཆུ་འཐེན་འཕྲུལ་འཁོར་ (Solar Pump) བཙུགས་པའི་སྐབས་སུ་རྒྱ་ནག་གིས་ངོ་རྒོལ་བྱས་སོང་། ཞེས་བརྗོད་ཡོད་འདུག་ལ། རྒྱ་གར་གྱིས་རྒྱ་ནག་གི་དམག་དཔོན་ཚོར་གནས་ཚུལ་དེའི་སྐོར་དྲིས་པར། རྒྱ་ནག་གི་དམག་དཔོན་ནས་ལན་གང་ཡང་སྤྲད་མི་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་ཞལ་པར་བརྒྱུད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་ཞུས་ཡོད་པ་དང་། འདི་ནི་མུ་དྷི་མཆོག་ཕྱི་ལོ་ ༢༠༠༤ ལོར་སྲིད་བློན་ཆགས་ནས་ད་ལྟ་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཀའ་མོལ་གནང་བ་ཡོངས་གྲགས་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༢ ཉིན་ (Ladakh in the Media) ཞེས་པའི་ངོ་དེབ་ཚོགས་པའི་ནང་གནས་ཚུལ་སྤེལ་བའི་ནང་དུ། ཕྱི་ཟླ་ ༧ ཚེས་ ༦ ཉིན་གོས་ཡུལ་དང་། བདེ་མཆོག དུང་ཁྲི་བཅས་ཀྱི་མི་མང་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙིའི་ཆེད་རྡོ་ལྷས་འགྲམ་སྒོ་ (Dohla) རུ་འདུ་འཛོམས་བྱས་ཡོད། དེ་ནི་འདས་པའི་ལོ་མང་པོའི་ཡར་སྔོན་ནས་སྲུང་གཙི་ཞུ་སྲོལ་ཞིག་ཆགས་ཡོད་པ་མ་ཟད། ཉིན་དེར་ང་ཚོས་རྒྱ་གར་གྱི་རྒྱལ་དར་དང་། ནང་པའི་ཆོས་དར། བོད་ཀྱི་རྒྱལ་དར་ (Tibetan Flag) བཅས་སྒྲེང་གི་ཡོད། ཡིན་ན་ཡང་ཐེངས་འདིར་རྒྱ་ནག་ཕྱོགས་ནས་ཉུང་མཐར་མི་གྲངས་ ༧ དང་སྒེར་འཁོར་ ༣ ཞིག་སྤྱི་ལེ་ ༦ ཙམ་གྱི་རྒྱང་ཐག་ལས་མེད་པའི་ང་ཚོའི་ས་ཐོག་ཏུ་འཛུལ་ཏེ། རྒྱ་ནག་གི་རྒྱལ་དར་གཅིག་དང་། འཕྲེད་དར་དམར་པོ་ཞིག་སྒྲེང་འཛུགས་བྱས་ཏེ། བོད་ཁ་བྲལ་དུ་གཏོང་བའི་ལས་འགུལ་མཚམས་འཇོག་དགོས་པ་དང་། དར་ཆ་སྒྲེང་མི་ཆོག་སྐོར་དང་། གཞན་ཡང་། བྱང་ཐང་ཕྱོགས་ལ་རྒྱང་མཐོང་བཙུགས་ནས་ལྟ་བཤེར་བྱེད་བཞིན་ཡོད་པ་སོགས་གསལ་པོ་མཐོང་གི་ཡོད་སྐོར་བརྗོད་སོང་། ཞེས་དང་། ཁོ་ཚོས་ང་ཚོའི་ས་ཐོག་ཏུ་འཛུལ་ཏེ་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེས། ང་ཚོའི་ཕ་མེས་ཡང་མེས་ནས་དགུན་སར་སྤྱོད་བཞིན་པའི་རྩྭ་ས་དག་ཧམ་བཟུང་བྱེད་འདོད་ཡོད་པ་མཚོན་གྱི་ཡོད། རྒྱ་སྐྱེད་བྱེད་རྒྱུ་དེ་རྒྱ་ནག་གི་རང་གཤིས་ཤིག་ཡིན་ཡང་གྱོང་གུད་དེ་སུ་ལ་ཡོད་མེད་ཤེས་རྒྱུ་གལ་ཆེ། དེ་ནི་སྤྱི་ལེ་ ༦ ཙམ་མིན་པར་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་མང་པོའི་གནད་དོན་ཞིག་ཡིན་སྟབས། དབུས་སའི་མགོ་འཁྲིད་རྣམས་ཀྱིས་རྒྱལ་ཁབ་ཀྱི་བདེ་སྲུང་དང་། བྱང་པ་དང་ཁོ་ཚོའི་ནོར་ལུག་རྣམས་ཀྱི་འཚོ་གནས་བཅས་ལ་གཞིགས་ཏེ་གནད་དོན་འདི་གཙིགས་ཆེར་འཛིན་རྒྱུའི་བརྡ་གཏོང་གི་ཡོད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese