མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གདུལ་བྱའི་ཁམས་དང་མོས་པར་མ་རན་པ་ཞིག་ལ་བླ་མའི་ངོས་ནས་ཆོས་ཟབ་པོ་གསུངས་པ་ཡིན་ན་སྐུར་འདེབས་བྱེད་པའི་རྐྱེན་ལ་འགྲོ་རྒྱུ་ཡོང་གི་ཡོད་སྐོར་གསུངས་སོང་།

ལ་དྭགས་ནང་པའི་ཚོགས་པ་དང་ལ་དྭགས་དགོན་པའི་ཚོགས་པ། ཁྲིག་སེ་རིན་པོ་ཆེ་བཅས་ནས་གསོལ་བ་བཏབ་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་༧གོང་ས་མཆོག་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མེའི་ཉིན་གྲངས་གཉིས་རིང་གི་གསུང་ཆོས་དབུ་འཛུགས་གནང་སོང་།

གསུང་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས། དེ་རིང་ལ་དྭགས་ཀྱིས་སེར་སྐྱ་མི་མང་གི་ཐོག་ནས་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན་ཐོག་གསུང་ཆོས་གནང་དགོས་པའི་རེ་སྐུལ་གནང་བ་རེད། དགའ་པོ་བྱུང་། བོད་ལ་བསྟན་པ་སྔ་དར་དང་ཕྱི་དར་ཡོད་པ་རེད། བར་སྐབས་བསྟན་པ་ཉམས་ཆག་ཕྱིན་པའི་དུས་སུ་མངའ་རིས་ཆོས་རྒྱལ་གྱི་རྒྱལ་ཕྲན་ཆུང་ཆུང་ཞིག་ཆགས་ཡོད་པ་རེད། མཐོ་ལྡིང་དུ་བར་སྐབས་སངས་རྒྱས་ཀྱི་བསྟན་པ་གླང་དར་གྱི་སྐབས་ནས་ཉམས་ཆག་ཕྱིན་པ་བདག་པོ་བརྒྱབ་ཐུབ་ན་ཞེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་ཞུ་གནང་སྟེ། ཇོ་བོ་རྗེ་མཐོ་ལྡིང་དུ་ཕེབས་ནས་བྱང་ཆུབ་ལམ་སྒྲོན་མཛད་པ་རེད། བཀའ་ཆོས་རྒྱས་པོ་གནང་མི་དགོས། བཀའ་ཆོས་རྒྱས་པོ་གནང་བ་ཡིན་ན་བཀའ་འགྱུར་བསྟན་འགྱུར་མཛད་དགོས་རེད། དེར་བརྟེན་བར་སྐབས་བོད་ལ་བསྟན་པ་ཉམས་ཆག་ཕྱིན་ཡོད་པས་མདོར་བསྡུས་དང་གོ་བདེ་པོ་ཞིག་གསུངས་རོགས་གནང་ཞེས་ཇོ་བོ་རྗེ་ལ་ཞུས་པ་རེད། ཇོ་བོ་རྗེ་མཉེས་པོ་ཞེ་དྲག་བྱུང་སྟེ་ལམ་སྒྲོན་གསུངས་འདུག  སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས་གསུངས་པ་དེ་སྐད་གྲགས་ཆེ་བའི་སྐད་ཆ་མ་རེད། དངོས་ཡོད་གནས་ཚུལ་དང་མཐུན་པའི་གསུང་ཆོས་གནང་རོགས་གནང་ཞུས་པའི་རྐྱེན་གྱིས། ཇོ་བོ་རྗེ་ཐུགས་མཉེས་པོ་བྱུང་སྟེ། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས་གསུངས་འདུག  ང་རང་ཚོ་བོད་ལ་ས་སྐྱ་ལམ་འབྲས་ལ་ཆ་བཞག་ནའང་ལམ་རིམ་སྐོར་ཕལ་ཆེར་གཅིག་པ་ཡོད་རེད། རྗེ་རིན་པོ་ཆེས་ལམ་རིམ་ཆེ་འབྲིང་ཆུང་གསུམ་ཟེར་ནས་ལམ་རིམ་ཆེན་པོ་རྒྱས་པ་གཅིག་དེ་གཞུང་ཆེན་མོ་དང་འབྲེལ་ནས་གསུངས་བཞག་པ་ཞིག་རྒྱ་ཆེན་པོ་རེད་འདུག  ལམ་རིམ་འབྲིང་པོ་དེ་ལས་ཏོག་ཙམ་བསྡུས། དེ་ནས་ཤིན་ཏུ་བསྡུས་པ་དེ་ལམ་རིམ་ཉམས་མགུར་ནི་རྗེ་རིན་པོ་ཆེས་ཉམས་ལེན་མགུར་མའི་ཚུལ་དུ་གསུངས་བཞག་པ་ཞིག་ལ་ལམ་རིམ་ཉམས་མགུར་རེད། བོད་ལ་ས་སྐྱ་བཀའ་བརྒྱུད་རིས་སུ་མ་ཆད་པའི་ཐུན་མོང་ལམ་སྦྱང་གི་ཁུངས་གཏུགས་ས་དེ་ཇོ་བོ་རྗེའི་ལམ་སྒྲོན་རེད། དེ་རིང་ལ་དྭགས་ཀྱི་སེར་སྐྱ་མི་མང་ཚོས་གཙོ་བོ་བྱས་ནས་ལམ་སྒྲོན་གྱི་གསུང་ཆོས་གནང་རོགས་ཟེར་ནས་དེ་རིང་དང་སང་ཉིན་ཆོས་འཁོར་དུས་ཆེན་ཡིན་པས། རྗེ་རིན་པོ་ཆེས་སྟོན་པ་བཅོམ་ལྡན་འདས་ཀྱི་བདེན་བཞིའི་ཆོས་འཁོར་དང་པོ་གསུངས་པ་དེ་དྲུག་པའི་ཚེས་བཞི་ཆགས་ཀྱི་ཡོད་པ་རེད། དུས་ཚིགས་ཁྱད་པར་ཅན་རེད་འདུག  དེར་བརྟེན་ང་ཚོས་ཐེག་པ་ཆེ་ཆུང་དང་ལེགས་སྦྱར་གྱི་ཆོས་བརྒྱུད། པྰ་ལིའི་ཆོས་བརྒྱུད་ཀྱི་ཁྱད་པར་མེད་པ་ཚང་མར་ཁྱབ་བསྡད་པ་དེ་བདེན་བཞིའི་ཆོས་འཁོར་རེད། སང་ཉིན་བཅོམ་ལྡན་འདས་ཀྱི་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཆགས་ཀྱི་ཡོད་པ་རེད། དེ་རིང་མགོ་འཛུགས་བྱས་ནས་སང་ཉིན་མཚམས་དེ་ལ་བསླེབ་ཀྱི་རེད་ལ། སེམས་བསྐྱེད་འདོན་ན་ཏག་ཏག་ཆགས་ཀྱི་རེད་དྲན་སོང་། ཞེས་གསུངས་སོང་།

དེ་ནས་བཀའ་འདྲི་བཀའ་ལན་གྱི་ལས་རིམ་ནང་ལམ་སྒྲོན་སློབ་གྲྭའི་བསྟན་འཛིན་ཚེ་འཕེལ་གྱིས། གཞན་ཕན་སྒྲུབ་པའི་དོན་དུ་མངོན་ཤེས་ལ་སོགས་པ་རྟོགས་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། གཞན་དོན་སྒྲུབ་པ་ལ་ཆོས་བཤད་སའི་སེམས་ཅན་གཞན་གང་འདྲ་ཡོད་པ་ཤེས་པའི་ཐོག་ནས་ཁམས་དང་མོས་པར་འཚམ་པའི་ཆོས་བཤད་དགོས་ཡོད་རེད། དཔེར་ན་སངས་རྒྱས་ཀྱི་ཆོས་ནང་ཆོས་ཐམས་ཅད་སྟོང་པ་ཉིད་རེད། གང་ཡང་ཡོད་མ་རེད་གསུངས་ཀྱི་ཡོད་རེད། གང་ཡང་ཡོད་མ་རེད་བཤད་མཁན་ཡོང་གི་འདུག  སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་ཚོ་ཞིབ་ཚགས་པོ་མ་ཤེས་དུས། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ་གསུངས་པའི་སྐབས་སུ་མངོན་སུམ་ལ་བསྙོན་པ་ལྟ་བུ་གཟུགས་ང་ཚོས་མཐོང་བསྡད་པ་ཡོད་རེད། ལག་པས་རེག་རྒྱུ་ཡོད་རེད། འདི་རང་བཞིན་སྟོང་པ་ཉིད་རེད་ལབ་ན་དཔེ་སྲིད་ཀྱི་མ་རེད་བསམ་བསམ་ཡོང་གི་འདུག  དེར་བརྟེན་ཆ་རྐྱེན་འཛོམས་པ་ཞིག་གིས་སེམས་ཅན་གྱི་ཁམས་དང་མོས་པ་ཤེས་པའི་ཐོག་ནས་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པ་སངས་རྒྱས་མ་ཐག་ཏུ་ལམ་སེང་ཤེར་ཕྱིན་གྱི་ཆོས་སྐོར་གསུངས་མི་འདུག  སྔོན་ལ་བདེན་བཞིའི་ཆོས་འཁོར་གསུངས། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་འདི་ཚོ་གསུངས། དེ་ནས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། དེ་ནས་ཏོག་ཙམ་ཟབ་ཏུ་ཕྱིན་ནས་སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད་ཅེས་ཀུན་ལ་རིགས་བསྒྲེ་ཡོང་གི་འདུག་ཅེས་དང་།   བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་བསྟུན་ནས་ཆོས་གསུངས་ཡོད་ལ། ཁམས་དང་མོས་པར་མ་རན་པ་ཞིག་ལ་བླ་མའི་ངོས་ནས་ཆོས་ཟབ་པོ་གསུངས་པ་ཡིན་ན་སྐུར་འདེབས་བྱེད་པའི་རྐྱེན་ལ་འགྲོ་རྒྱུ་ཡོང་གི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

སྐར་མ ༢༧ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

སྐར་མ ༣༧ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

ཆུ་ཚོད་ ༢༤ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese