མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་ནས་བོད་མི་དྲུག་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་ནས་མགོ་ལོག་དང་གསེར་རྟ་སོགས་ནས་བོད་མི་ཁྱོན་སུམ་ཅུ་ཡས་མས་འཛིན་བཟུང་བྱས་ཏེ་འདྲི་རྩད་གཅོད་པ་དང་སློབ་གསོ་གཏོང་གི་ཡོད་འདུག

འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་བ་དང་བསྟུན། རྒྱ་ནག་གཞུང་གིས་སྔ་གཞུག་ཏུ་བོད་མི་ཁྱོན་ ༣༠ ཡས་མས་ཙམ་འཛིན་བཟུང་བྱས་ཏེ། བོད་མི་ཁག་ཅིག་མ་གཏོགས་གཞན་ཚང་མའི་མིང་དང་ད་ལྟའི་གནས་བབ་ཅི་ཆགས་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གནས་ཚུལ་མཁོ་སྤྲོད་པས། བོད་གསེར་རྟ་རྫོང་གེ་སར་ཤང་ལམ་གྱི་སྒོ་རྟགས་ ༢  པའི་ཐོག་ཁང་ཟ་ཁང་ཞིག་ཏུ་མི་བཞི་འཛིན་བཟུང་བྱས་ཡོད་པ་དང་ཁོ་ཚོ་ནི་རིན་ཆེན་བཟང་པོ་དང་བློ་དགའ། དག་ཐེར་དང་དབང་ཕྱུག་སྐྱིད་བཅས་ཡིན་པ་དང་། ས་གནས་རང་གི་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རེད། ཉེན་རྟོག་པས་ཁོ་ཚོའི་ཁ་པར་སྔོག་བཤེར་བྱས་རྗེས་འཛིན་བཟུང་བཙན་འཁྲིད་བྱས་པ་རེད། ཅེས་བརྗོད་བྱུང་བ་དང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་སྔ་གཞུག་ཏུ། རྒྱ་གཞུང་ཉེན་རྟོག་པས་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་རྫོང་དང་བྱང་གྲོང་གི་བོད་མི་ཐུག་ཚད་ཀྱི་ཁ་པར་སྔོག་བཤེར་བྱེད་པའི་སྲིད་ཇུས་ཤིག་ལག་བསྟར་གྱིས། བོད་མི་མང་པོར་འདྲི་རྩད་བཅད་པ་དང་ཁག་ཅིག་ཐད་ཀར་འཛིན་བཟུང་བྱེད་ཀྱི་ཡོད་འདུག

ཡང་འདི་གའི་གསར་འགོད་པར་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་ལགས་ཀྱིས། རྒྱ་ནག་གིས་བཅད་བགོ་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་འཁྱག་ལུང་ཡུལ་ཚོའི་ཧ་ཤུལ་ནས་ཡིན་ཞིང་རང་ལོ་ ༤༠ ཙམ་སོན་པའི་སྐྱེས་པ་དཀོན་མཆོག་བཀྲ་ཤིས་ཟེར་བ་ཞིག་དང་བུད་མེད་རྫ་པོ་ཞུ་བ་གཉིས་འཛིན་བཟུང་བྱས་ཏེ། ད་ལྟ་ཁོ་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཁོ་གཉིས་འཛིན་བཟུང་བྱེད་དོན་ནི་༧སྐུའི་འཁྲུངས་སྐར་ཉིན་སྐད་འཕྲིན་ཚོགས་པ་ཞིག་གི་ནང་མ་ཎི་བགྲང་དགོས་པ་དང་པར་རིས་སོགས་བརྒྱུད་སྐུར་བྱས་པས་ཡིན་པ་རེད། ཅེས་བརྗོད་བྱུང་།

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱི་གསུངས་པ་ལྟར་ན། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མ་བསླེབས་གོང་དུ་རྒྱ་ནག་གཞུང་གིས་མགོ་ལོག་དང་དཀར་མཛེས་ཁུལ་དུ་བསང་གསོལ་དང་རླུང་རྟ། རྒྱལ་མཚན་རྩེ་མོ་འདོགས་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྟབས། དཀར་མཛེས་རྫོང་ཁོངས་ནས་༧སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་ནས་བོད་མི་ ༢༠ ནས་ ༣༠ ཡས་མས་ཙམ་འཛིན་བཟུང་བྱས་ཡོད་ནའང་། རྒྱ་ནག་གི་དམ་དྲག་རྐྱེན་པས་ཁོ་ཚོའི་གནས་སྟངས་ཅི་ཆགས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཡང་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས། ཁ་སང་ཕྱི་ཚེས་ ༡༤ ཉིན་རྔ་བ་ཀིརྟི་དགོན་པའི་མགྲོན་ཁང་ནང་ནས་བོད་པ་ཞིག་འཛིན་བཟུང་བྱས་ཏེ་བཀག་ཉར་ཁང་དུ་འཁྲིད་ཡོད་པ་རེད། ཡང་ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་རྔ་བ་རྫོང་སྤྲོ་སྐྱིད་ཚོང་རའི་ནང་ནས་བོད་མི་ཞིག་འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese