མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྕམ་ཨུ་ཛི་ར་ཛེ་ཡ་ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྐྱེ་ཁུངས་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ནས་ཡིན་པའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་གསར་པ་ལྕམ་ཨུ་ཛི་ར་ཛེ་ཡ་ལགས་མ་འོངས་པར་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

Uzra Zeya. Credit: Getty.

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་གོང་མས་ལྕམ་ཨུ་ཛི་ར་ཛེ་ཡ་(Uzra Zeya)ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཙན་པའི་དྲུང་ལས་སུ་མང་མོས་བསྐོ་བཞག་གནང་ཡོད་པ་དང་། གྲོས་ཚོགས་གོང་མའི་འོས་བསྡུ་གནང་སྐབས་རྒྱབ་སྐྱོར་གནང་མཁན་འཐུས་མི་ ༧༡ དང་དགག་པ་རྒྱག་མཁན་ ༢༣། དེ་བཞིན་འཐུས་མི་ ༣ ནས་འོས་བླུགས་མེད་འདུག ཁོང་མོའི་སྐྱེ་ཁུངས་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ཡིན་ཞིང་ཨ་རིའི་ཨེ་ཤ་ཡའི་མི་ཞིག་ལས་གནས་དེར་བསྐོས་པ་ཐོག་མ་དེ་ཆགས་ཡོད་འདུག

དེ་སྔ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་། དམངས་གཙོ། འགྲོ་བ་མི་ཡི་ཐོབ་ཐང་ཚན་པའི་དྲུང་ལས་(Under Secretary) དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་གནས་གཅིག་ལྕོགས་གནང་གི་ཡོད་པར་བརྟེན། མ་འོངས་པར་ལྕམ་ཨུ་ཛི་ར་ཛེ་ཡ་ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། སྲིད་འཛིན་བྷའེ་ཌིན་མཆོག་གི་འཛིན་སྐྱོང་ནས་གང་མགྱོགས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་རྒྱུ་ཡིན་སྐོར་དེ་སྔོན་ནས་ཡོངས་ཁྱབ་ཐོག་གསུངས་ཡོད་པ་རེད།

Former State Dept Special Coordinator for Tibetan Issues Robert Destro. (Image: US embassy in Brazil)

ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་ཕུའི་འཛིན་སྐྱོང་གི་ལོ་མཐའ་མ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཕྱི་སྲིད་ལས་ཁུངས་ཀྱི་དམང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་རོ་བྷིར་ཊི་ཌི་སི་ཊོའོ་(Robert Destro)ལགས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་པ་གསལ་བསྒྲགས་གནང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་དང་། དེ་བཞིན་དམིགས་བསལ་སྐུ་ཚབ་ཀྱི་གནས་རིམ་ཐོག་ནས་ཅུང་དམའ་རུ་ཕྱིན་པའི་ཐོག་གླེང་སློང་ཡང་བྱུང་ཡོད་པ་རེད། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༢༠ ནས་ཁོང་གི་ལས་ཡུན་རྫོགས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཁོང་མོ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་།  དམངས་གཙོ། འགྲོ་བ་མི་ཡི་ཐོབ་ཐང་ཚན་པའི་དྲུང་ལས་ཀྱི་འོས་མིར་འདེམས་ཐོན་བྱུང་སྐབས་ཁོང་མོས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་གཞན་རྣམས་ལ་བཙན་གནོན་བྱེད་མུས་ཡིན་སྐོར་བརྗོད་ཡོད་འདུག་ལ། ད་ལན་གྱི་ཁོང་མོ་དྲུང་ལས་སུ་བསྐོ་བཞག་བྱུང་བའི་གནས་ཚུལ་དང་འབྲེལ་ཏེ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ལགས་ཀྱི་འདས་པའི་ཉམས་མྱོང་ལ་གཞིགས་ན། ཁོང་མོ་ནི་འགྲན་ཟླ་བྲལ་བའི་བོད་དོན་འབྲེལ་མཐུད་པ་ཞིག་ཡིན་ཞིང་། གང་མགྱོགས་ཁོང་མོ་དང་ལྷན་དུ་ལས་ཀ་བྱེད་པར་རེ་སྒུག་གནང་མུས་ཡིན་སྐོར་བརྗོད་འདུག

Uzra Zeya, Sameera Fazili & Aisha Shah.

ལྕམ་སྐུ་ཨུ་ཛི་ར་ཛེ་ཡ་ལགས་ནི་ཨ་རིའི་ཨེ་ཤ་ཡའི་མི་ཞིག་ཕྱི་སྲིད་ལྷན་ཁང་གི་དྲུང་ལས་སུ་བསྐོས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་ལ། ལྕམ་ཨུ་ཛི་ལགས་ཀྱི་སྐྱེ་ཁུངས་ནི་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ནས་ཡིན་འདུག ཨ་རིའི་སྲིད་གཞུང་གསར་པའི་འཛིན་སྐྱོང་ནང་མཐོ་རིམ་མགོ་འཁྲིད་གནང་བཞིན་པའི་རྒྱ་གར་བ་ ༢༠ ཙམ་ཡོད་པའི་ཁྲོད་དུ་བུད་མེད་ ༡༣ ཡོད་པ་དང་། དེའི་ནང་ཁ་ཆེའི་བུད་མེད་གསུམ་ཡོད་པ་ནི་ལྕམ་ཨུ་ཛི་ར་ཛེ་ཡ་ལགས་དང་། ཀ་ཤི་མེར་ནས་ཡིན་པའི་ཕོ་བྲང་དཀར་པོའི་འཕྲུལ་ལས་འཐབ་ཇུས་ཁང་གི་མཉམ་འབྲེལ་ལས་འཛིན་ཨའེ་ཤ་ཤཱ་(Aisha shah )དང་། དེ་བཞིན་སྐྱེ་ཁུངས་རྒྱ་གར་གྱི་ཀ་ཤི་མེར་ནས་ཡིན་པའི་ཨ་རིའི་རྒྱལ་ཡོངས་དཔལ་འབྱོར་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ས་མི་ར་ཧྥ་ཛི་ལི་(Sameenra fazili)བཅས་ཡིན་འདུག

དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist