མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཁུལ་གྱི་རྒྱ་དཔོན་ཞིག་གིས་རྒྱ་སྒོར་ས་ཡ་ ༡༩ ལྷག་གི་ལྐོག་རྔན་བླངས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་མཚོ་ཤར་དང་མཚོ་ནུབ་ཁུལ། སྐྱེ་རྒུ་མདོ་ཁུལ་སོགས་སུ་ལོ་ངོ་ ༣༣ ལྷག་ཙམ་རིང་མགོ་ཁྲིད་བྱས་མྱོང་བའི་རྒྱ་རིགས་དཔོན་པོ་ཝུན་གོ་ཏུང་ཟེར་བ་ཞིག་གིས་ལྐོག་རྔན་དངུལ་དངོས་རྒྱ་སྒོར་ས་ཡ་ ༡༩ ལྷག་གི་ལྐོག་རྔན་དངུལ་དངོས་བླངས་པའི་ནག་ཉེས་ཕོག་ཡོད་འདུག

Wen Guodong,the former vice governor of Tsongon(Qinghai Province). Image:Chongqing Intermediate People’s Court

བོད་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་སྔོན་དུ་རྒྱ་ནག་ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁྲིམས་བཤེར་ཐེངས་དང་པོ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་ཝུན་གོ་ཏུང་ཟེར་བ་དེས། བོད་རིགས་ས་ཁུལ་དུ་དུས་ཡུན་ལོ་ ༣༣ ལྷག་རིང་མགོ་ཁྲིད་ཀྱི་ལས་ཀ་བྱེད་སྐབས། སྒེར་གྱི་འབྲེལ་ཡོད་སྡེ་ཁག་དང་། ཁེ་ལས་གཉེར་མཁན་སོགས་ནས་དངུལ་དངོས་རྒྱ་སྒོར་ས་ཡ ༡༩(༡༩།༩༡༨།༧༣༢)ལྷག་གི་ལྐོག་རྔན་བླངས་བ་དང་། གོ་དབང་བེད་སྤྱད་དེ་ལྐོག་ཟ་རུལ་སུངས་ཀྱི་ལས་ཀ་བྱས་ཡོད་པའི་ནག་ཉེས་ཕོག་ཡོད་འདུག་ལ། ཝུན་གོ་ཏུང་གིས་སོ་སོའི་ནག་ཉེས་ངོས་ལེན་བྱས་ཡོད་སྐོར་དང་བཙོན་འཇུག་དུས་ཡུན་སོགས་ཁྲིམས་ཆད་ཅི་ཕོག་ཕྱིས་སུ་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག

ཝུན་གོ་ཏུང་ཟེར་བ་དེ་ཐོག་མར་ཕྱི་ལོ་ ༡༩༨༧ ལོར་མཚོ་སྔོན་ཞིང་ཆེན་གྱི་ཙོང་ཁ་རྫོང་(湟中县)གི་སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་བྱས་ཏེ་རིམ་གྱིས་གོ་གནས་འཕར་ཏེ། རྫོང་རླུང་བརྙན་འཕྲིན་ལས་སྒྲུབ་ཁང་གི་དྲུང་ཆེ་དང་གསར་འགོད་པ་བྱས། ཕྱི་ལོ་ ༡༩༩༡ ཟླ་ ༡༡ ནས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དང་མཚོ་ཤར་ཁུལ་བཅས་ཀྱི་དམར་ཤོག་རྒྱུན་ལས་ཁང་གི་དྲུང་ཆེ་དང་མགོ་ཁྲིད་སོགས་བྱས་ཏེ་གོ་གནས་རིམ་འཕར་གྱིས། ཕྱི་ལོ་ ༢༠༠༥ ནས་མཚོ་ནུབ་ཁུལ་གྱི་དམར་ཤོག་རྒྱུན་ལས་སོགས་བྱས། ཕྱི་ལོ་ ༢༠༡༠ ནས་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁུལ་སྲིད་གཞུང་གི་དམར་ཤོག་དྲུང་ཆེ། ༢༠༢༠ ཟླ་ ༧ ཚེས་ ༩ པ་བར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་དང་། རྒྱལ་ཡོངས་སྐབས་བཅུ་དགུ་པའི་མི་མང་འཐུས་མི་སོགས་བྱས་ཡོད་ཀྱང་། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པའི་ནག་ཉེས་འོག་འཛིན་བཟུང་ཞིབ་བཤེར་བྱས་ཡོད་འདུག

དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist