མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦེལ་ཀོབ་གཞིས་ཆགས་སུ་ཏོག་དབྱིབས་ནད་པ་ ༡༤༣ ཙམ་བྱུང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་ཏོག་དབྱིབས་ནད་པ་ ༡༤༣ བྱུང་སྟེ་འགྲོ་སྐྱོད་བཀག་སྡོམ་བྱེད་མུས་རེད་འདུག་ལ་ནད་པ་མང་ཆེ་བ་ཏོག་དབྱིབས་འགོག་ཁབ་དང་པོ་དང་ཡང་ན་འགོག་ཁབ་གཉིས་ཀ་བརྒྱབ་ཚར་བ་་ཤ་སྟག་ཡིན་འདུག

འདི་གའི་གསར་འགོད་པས་སྦེལ་ཀོབ་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ལ་ཁ་པར་བརྒྱུད་གཞིས་ཆགས་ཀྱི་གནས་སྟངས་སྐོར་དྲིས་པར་ཁོང་གིས། དེ་སྔོན་འགྲོ་སྐྱོད་བཀག་སྡོམ་ཡོད་པའི་སྐབས་སུ། ལུགས་བསམ་ལ་བོད་མི་ཏོག་དབྱིབས་ནད་རྟགས་ཐོན་པ་ ༤༠ བྱུང་བ་རེད། ད་ལྟ་སྦེལ་ཀོབ་གཞིས་ཆགས་སུ་ཏོག་དབྱིབས་ནད་རྟགས་ཐོན་པའི་བོད་མིའི་གྲངས་ ༡༤༣ ཡོད་པ་རེད། རྒྱུ་མཚན་ནི་ཟླ་འདིའི་ཕྱི་ཚེས་ ༥ ཉིན་འགྲོ་སྐྱོད་བཀག་སྡོམ་ཀློད་པའི་བཀའ་རྒྱ་བཏང་བ་ནས་བཟུང་ལྷོད་གཡེང་ཕྱིན་པའི་རྐྱེན་གྱིས་མི་མང་པོ་ཕྱི་ལ་བསྐྱོད་པ་དང་འཛོམས་འཛོམས་བྱས་པའི་རྐྱེན་གྱིས་ནད་པ་མང་པོ་བྱུང་སོང་། ཟླ་འདིའི་ཕྱི་ཚེས་ ༡༥ ནས་སྦེལ་ཀོབ་གཞིས་ཆགས་སུ་ཉིན་བཅུའི་རིང་ཚལ་གྱི་ཚོང་ཁང་དང་སྨན་ཁང་སོགས་དགོས་ངེས་ཅན་མ་གཏོགས་གཞན་ཟ་ཁང་དང་ཚོང་ཁང་རྣམས་སྒོ་བརྒྱབ་ནས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

ད་ལྟ་ནད་པའི་གནས་སྟངས་ག་འདྲ་ཡོད་དྲིས་པར་ཁོང་གིས། ཏོག་དབྱིབས་ནད་པ་དྲག་སྐྱེད་སོང་བ་མང་པོ་བྱུང་གི་འདུག ཁ་སང་མི་གྲངས་ ༡༦ དྲག་སྐྱེད་ཕྱིན་ཡོད་རེད། ད་ེཡང་ཉིན་རེ་ཉིན་རེ་ནས་མི་གྲངས་ ༡༠ དྲག་སྐྱེད་བྱུང་བ་དང་། སྐབས་རེར་མི་གྲངས་ ༢༤ ལ་སོགས་པ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་རང་ཁྱིམ་དུ་གཏོང་གི་ཡོད། རྒྱ་གར་གྱི་མི་དང་བོད་མི་ལ་སོགས་པ་ཕྱི་ནས་ཡོང་སྟེ་ཏོག་དབྱིབས་ནད་པ་བྱུང་མགོ་བཙུགས་ཏེ། སྦེལ་ཀོབ་ལུགས་བསམ་གྱི་གཞིས་ཆགས་ནང་དུ་ཁྱབ་པ་རེད། སྤྱིར་བཏང་ཕྱི་ནས་ཡོང་མཁན་རྣམས་ཟུར་བཀག་ཏུ་བཞག་གི་ཡོད་ཀྱང་། འགྲོ་སྐྱོད་བཀག་སྡོམ་མེད་པ་ཆགས་པ་ནས་བཟུང་ཕྱི་ནས་ནང་དུ་ཡོང་བ་མང་པོ་བྱུང་སྟེ་ན་ཚ་དེ་ཡོང་བ་རེད། དེ་ནས་མི་གཞན་དང་འཛོམས་པའི་རྐྱེན་གྱིས་ཁྱབ་པ་རེད་དྲན་གྱི་འདུག ཅེས་དང་། ནད་པ་མང་ཆེ་བ་ཏོག་དབྱིབས་འགོག་ཁབ་དང་པོ་དང་ཡང་ན་འགོག་ཁབ་གཉིས་ཀ་བརྒྱབ་ཚར་བ་ཤ་སྟག་ཡིན་ལ། ཁོང་ཚོའི་ནད་རྟགས་ཛ་དྲག་པོ་མེད་ཀྱང་། འགོག་ཁབ་གཅིག་ཐོབ་པ་དང་འགོག་ཁབ་གཉིས་ཀ་ཐོབ་རུང་ཏོག་དབྱིབས་ན་མཁན་བྱུང་གི་འདུག ཅེས་བརྗོད་བྱུང་།

དེ་རིང་གི་བཙན་བྱོལ་བོད་མིའི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། རྒྱ་གར་དང་བལ་ཡུལ་ནང་བོད་མི་ཏོག་ནད་ཅན་ ༥༣༥༦ བྱུང་བའི་ཁྲོད་དྲག་སྐྱེད་སོང་བ་ ༤༨༩༧དང་། རྐྱེན་འདས་སུ་ཕྱིན་པ་ ༡༣༢། ན་བཞིན་པ་ ༣༢༧ འདུག ཕྱི་རྒྱལ་དུ་བོད་མི་ཁྱོན་ ༢༡༣ ལ་ཏོག་དབྱིབས་ན་བའི་ཁྲོད་ནས་དྲག་སྐྱེད་སོང་བ་ ༡༦༥། རྐྱེན་འདས་སུ་ཕྱིན་པ་མི་གྲངས་ ༩། ན་བཞིན་པ་ ༣༩ ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese