མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཆུ་ལོག་གིས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བཟོས།

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཧེ་ནན་ཞིང་ཆེན་ནང་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཆུ་ལོག་རྒྱུགས་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཐེབས་པ་དང་རྒྱ་ནག་གི་གྲོང་ཁྱེར་བཅུ་གཉིས་ལྷག་དང་མི་གྲངས་ས་ཡ་གཉིས་མ་ཟིན་ཙམ་གྱི་འཚོ་བར་དོ་ཕོག་བཟོས་ཡོད་འདུག

ཉེ་ལམ་གཟའ་འཁོར་གཅིག་གི་གོང་དུ་རྒྱལ་ཁབ་ལྷག་ ༥༥ ཡི་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཁོར་ཡུག་ལྷན་ཚོགས་( New Green Peace )ཀྱིས་གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་ཕྱིན་པའི་རྐྱེན་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་། ཧྲང་ཧེ་སོགས་སུ་དབྱར་ཁ་ཚ་བ་ཆེ་བ་དང་ཆར་པ་འབབ་ཞོད་ཆེ་བ་ཡོང་རྒྱུའི་་ཉེན་བརྡ་བཏང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་རྒྱ་ནག་གི་ཧཱེ་ནན་ (Henan ) ཞིང་ཆེན་ཁུལ་དུ་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས། རྒྱ་མི་ཆེས་གནས་སྡོད་མང་སའི་གྲོང་ཁྱེར་ཀྲང་ཀྲའོ་ ( Zhengzhou ) ཁུལ་དུ་ཆུ་ལོག་ཆེན་པོ་ཞིག་བརྒྱུགས་ཏེ། ཉུང་མཐར་མི་གྲངས་ ༢༥ ལྷག་འདས་གྲོངས་སུ་ཕྱིན་པ་དང་མི ༧ བོར་བརླག་དང་མི་ ༥ ལ་གནོད་སྐྱོན་ཐེབས་ཡོད་པ། དེ་བཞིན་མི་གྲངས་འབུམ་ ༢ ལྷག་ཆུ་ལོག་གི་ཛ་དྲག་གནས་སྟངས་འོག་ས་གནས་གཞན་ལ་གནས་སྤོས་བྱེད་དགོས་བྱུང་ཡོད་འདུག་ལ། ཆུ་ལོག་གི་རྐྱེན་པས་ཧེ་ནན་གྱི་ཆུ་མཛོད་ཅིག་ཡོད་པ་དེ་གད་འཐོར་འབྱུང་སྲིད་པའི་ཉེན་ཁའང་འཕྲད་ཀྱི་ཡོད་འདུག

ད་ལན་ཧེ་ནན་དུ་ཆུ་ལོག་བྱུང་བ་ལ་བརྟེན་ནས་མི་མང་གི་འགྲོ་འདུག་ལ་དཀའ་ངལ་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ས་འོག་གི་གཞུང་ལམ་ཡོངས་སུ་གནོད་སྐྱོན་ཐེབས་ཏེ། ས་འོག་མྱུར་བསྐྱོད་མེ་འཁོར་ནང་དུ་ཆུ་ཡིས་ཁེངས་ནས་མེ་འཁོར་ ༡༦༠ ལྷག་འགྲོ་སྐྱོད་བྱེད་ཐུབ་ཀྱི་མེད་པ་དང། དེ་བཞིན་ད་ལྟ་བཟོ་བསྐྲུན་བྱེད་མུས་ཡིན་པའི་རྒྱ་ནག་ཤར་ཕྱོགས་གྱི་ས་འོག་ཕུག་ལམ་ (  Shijinshan tunnel ) དུའང་ཆུ་ལོག་རྒྱུག་ནས་ལས་མི་བཅུ་བཞི་ལས་གསུམ་ལ་འཆི་སྐྱོན་བྱུང་ཡོད་པ་དང་།  མྱུར་སྐྱོབ་པ་མི་གྲངས་ ༢༠༠༠ ཙམ་གྱིས་ཕུག་ལམ་ལས་བཟོ་བ་རྣམས་འཚོལ་ཐབས་བྱེད་མུས་ཡིན་ཡང་།  ད་ལྟ་བར་རྐྱེན་ལམ་དུ་ཕྱིན་པའི་ཕུག་ལམ་ལས་བཟོ་བ་གསུམ་གྱི་ཕུང་པོ་ལག་སོན་བྱུང་ཡོད་པ་ལས། ད་དུང་ལས་མི་བཅུ་གཅིག་གི་གནས་ཚུལ་གང་ཡང་གོ་ཐོས་བྱུང་མེད་པ་རེད།

འབྱུང་བའི་གོད་ཆག་གི་དོན་རྐྱེན་འདིའི་ཐད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། གོད་ཆག་བྱུང་སའི་ཡུལ་དངོས་ཀྱི་གནས་བབ་གང་མགྱོགས་སླར་གསོ་བྱེད་དགོས་པའི་བཀའ་བཏང་བ་དང་འབྲེལ།  རིན་ཐང་ཆེ་བའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་ཡོད། ཅེས་བརྗོད་ཡོད་པ་རེད།

གཞན་ཡང་ད་རེས་ཧེ་ནན་གྱི་ཆུ་ལོག་དེ་རྒྱ་ནག་གི་གྲོང་ཁྱེར་གཞན་བཅུ་གཉིས་ལྷག་གི་ནང་རྒྱུགས་ཏེ་འགྲིམས་འགྲུལ་གྱི་ལས་དོན་ཁག་མཚམས་འཇོག་བྱེད་དགོས་ཁེལ་ཡོད་པ་དང་། ཆུ་ལོག་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་བརྙན་རིས་གཉིས་ཀྱི་ཐོག་ནས་དྲ་ལམ་དུ་ཐོན་ཞིང་། བརྙན་ཐུང་ཞིག་ཏུ་ས་འོག་གི་མྱུར་བསྐྱོད་མེ་འཁོར་འབབ་ཚུགས་ཀྱི་ལམ་ཁ་དག་ཆུ་ཡིས་ཁེངས་ནས་ཡོད་པ་དང་། མེ་འཁོར་ནང་དུའང་ཆུ་ཡིས་ཁེངས་ནས་འགྲོ་ཐུབ་ཀྱི་མེད་པ། དེ་བཞིན་མི་མང་ཕལ་མོ་ཆེའི་ཁོག་སྨད་ཆུའི་ནང་དུ་ནུབ་ཡོད་པ་སོགས་མཐོང་གི་འདུག   དེ་བཞིན་གཞུང་ལམ་དུ་སྒེར་འཁོར་མང་པོ་ཞིག་ཆུ་ཡིས་ཁུར་བ་དང་། མི་རྣམས་ཀྱིས་ལག་པ་དང་ལག་པ་སྦྲེལ་ནས་ཕན་ཚུན་ལ་རོགས་འདེགས་བྱེད་བཞིན་པ་སོགས་བརྙན་རིས་བརྒྱུད་མཐོང་རྒྱུ་འདུག

ནན་ཞིང་ཆེན་གྱི་གྲོང་ཁྱེར་ཀྲང་ཀྲའོ་ནི་རྒྱ་ནག་མི་མང་ས་ཡ་བཅུ་གཉིས་ལྷག་གི་གནས་སྡོད་བྱེད་ས་ཞིག་ཡིན་པ་དང།  རྒྱ་ནག་ནང་གི་འདུ་འཛི་ཆེས་རྒོད་སའི་གྲོང་ཁྱེར་གྱི་གྲས་སུ་གཏོགས་ཀྱི་ཡོད་པ་ལྟར། ད་རེས་ཆུ་ལོག་གི་རྐྱེན་བྱས་ཏེ་རྒྱ་རིགས་ཁྱོན་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱི་འཚོ་བར་དོ་ཕོག་བྱུང་ཡོད་པ་རེད།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

ཆུ་ཚོད་ ༢ སྔོན་ལ།
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༢༣ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༢༣ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    འབྱུང་བའི་གནོད་སྐྱོན་ནི་མི་གི་བྱེད་ལས་འོག་ནས་ཡོང་གི་ཡོད་ན་མི་ཚང་མས་འདོད་ཆུང་ཆོག་ཤེས་ལ་བསྟེན་རྒྱུ་ནི་འབྱུང་བའི་གནོད་འཚེ་མི་ཕོག་པའི་ཐབས་ལམ་བཟང་ཤོས་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese