མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རང་བཙན་ཉིན་མོར་དྲག་སྤྱོད་སྤེལ་སྲིད་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

པཱ་ཀི་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཞིག་གིས་བསླེབ་ལ་ཉེ་བའི་རྒྱ་གར་གྱི་རང་བཙན་ཉིན་མོ་སྲུང་གཙི་གནང་སྐབས་མཁའ་སྤྱོད་འཕྲུལ་ཆས་བཏང་ནས་དྲག་སྤྱོད་སྤེལ་སྲིད་པའི་ཉེན་བརྡ་བཏང་ཡོད་པས་ད་ལྟ་ནས་འགོག་སྲུང་ནན་པོ་བྱེད་ཀྱི་འདུག

The security has been heightened near Red Fort on January 27, 2021. (Photo: ANI)

ཁ་སང་ཕྱི་ཚེས་ ༢༠ ཉིན་དེ་རིང་གི་རྒྱ་གར་(India Today)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་གསང་བའི་ལས་ཁུངས་ངོས་ནས་ཁྱིམ་མཚེས་རྒྱལ་ཁབ་པཱ་ཀི་སི་ཐན་དང་ས་འབྲེལ་ཡིན་པའི་བྱང་ཕྱོགས་མངའ་སྡེ་ཇ་མུ་ཀཱ་ཤི་མིར་གྱི་མངའ་སྡེའི་གནས་བབ་ཕྱིར་བསྡུ་བྱས་ཏེ་ལོ་གཅིག་འཁོར་བའི་ཉིན་མོ་སྟེ། ཡོང་ལ་ཉེ་བའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱལ་ས་ལྡི་ལིར་འཇིགས་སྐུལ་བས་དྲག་སྤྱོད་སྤེལ་སྲིད་པའི་ཉེན་བརྡ་བཏང་བར་བརྟེན། ད་ལྟའི་ཆར་ལྡི་ལི་ཁུལ་དུ་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཉེན་རྟོག་པ་རྣམས་ཀྱིས་གནས་སྟངས་ལ་རྒྱུས་ལོན་དང་རྟོག་ཞིབ་དོ་ནན་བྱེད་ཀྱིན་ཡོད་འདུག

རྒྱ་གར་གྱི་གསར་ཁང་དེའི་གནས་ཚུལ་ནང་། རྒྱ་གར་གྱི་གསང་བའི་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། པཱ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་ཞིག་གིས་མཁའ་སྐྱོད་འཕྲུལ་ཆས་ (Drone) བཀོལ་སྤྱོད་བྱས་ཏེ་རྒྱལ་ས་ལྡི་ལིར་དྲག་སྤྱོད་བྱ་འགུལ་སྤེལ་རྒྱུའི་འཆར་གཞི་འཐེན་གྱི་ཡོད་སྐོར་དང་། དྲག་སྤྱོད་བྱ་འགུལ་དེ་ཕྱི་ཟླ་ ༨ ཚེས་ ༡༥ རྒྱ་གར་གྱི་རང་བཙན་ཉིན་མོའི་སྔ་རོལ་དུ་སྤེལ་སྲིད་པ་ཞིག་ཡིན་སྐོར་ཡང་བརྗོད་ཡོད་འདུག

ད་ཐེངས་ཀྱི་གསང་བའི་གནས་ཚུལ་དང་འབྲེལ་ཏེ། ལྡི་ལིའི་ཉེན་རྟོག་པས་དྲག་སྤྱོད་པར་འགོག་རྒོལ་ཆེད་རྟོག་ཞིབ་ཁང་ཞིག་ལོགས་སུ་བཙུགས་འདུག་པ་མ་ཟད། རྒྱ་གར་གྱི་རང་བཙན་ཉིན་མོ་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོག་ཡུལ་ཕོ་བྲང་དམར་པོ་(Red Fort) དེ་ཉིད་ཕྱི་ཟླ་ ༨ ཚེས་ ༡༥ བར་སྒོ་བརྒྱབ་འདུག་ལ། སྔར་ལོ་དང་མི་འདྲ་བར་ཕོ་བྲང་དམར་པོར་ཉེན་སྲུང་ཆེད་མཁའ་སྐྱོད་འཕྲུལ་ཆས་ལ་འགོག་རྒོལ་གྱི་མ་ལག་(anti-drone system) གཉིས་ཁ་སྣོན་བྱས་ཏེ་ཁྱོན་བསྡོམས་མ་ལག་བཞི་བཙུགས་ཡོད་འདུག

ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་ཇ་མུར་ཡོད་པའི་རྒྱ་གར་གྱི་མཁའ་དམག་ས་ཚིགས་སུ་མཁའ་སྐྱོད་འཕྲུལ་ཆས་འབར་མདེལ་གཡུགས་ཏེ་དམག་མི་གཉིས་ལ་རྨས་སྐྱོན་ཐེབས་ཡོད་ཅིང་། དོན་རྐྱེན་དེའི་རྗེས་སུ་ཇ་མུའི་ཁུལ་དུ་མཁའ་སྐྱོད་འཕྲུལ་ཆས་རྩ་ནས་འཕུར་སྐྱོད་མི་ཆོག་པའི་བཀའ་བཏང་ཡོད་འདུག ལྡི་ལིའི་ནང་མཚོན་ནའང་མཁའ་སྤྱོད་འཕྲུལ་ཆའི་ཉེན་ཁར་དོ་ནན་གྱིས་རྟོག་ཞིབ་བྱེད་མགོ་བརྩམས་ཟིན་པ་མ་ཟད། སྔར་དང་མི་འདྲ་བར་འདི་ལོའི་རྒྱ་གར་རང་བཙན་ཉིན་མོར་ལྡི་ལི་ཁུལ་དུ་ཉེན་རྟོག་པ་དང་དབུས་གཞུང་གི་དྲག་ཆས་དམག་དཔུང་ཇེ་མང་དུ་གཏོང་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༦ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༧ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese