མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་གཉན་ནད་ཧམ་སྤུ་ནག་པོ་ཕོག་མཁན་ཇེ་མང་དུ་འགྲོ་ཡི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ཧམ་སྤུ་ནག་པོའི་ནད་ཡམས་འགོས་ཁྱབ་ཤུགས་ཆེན་བྱུང་སྟེ་མི་མང་པོའི་ཚེ་སྲོག་ཤོར་བ་དང་མི་མང་པོ་ནད་མནར་གྱི་དཀའ་སྡུག་འོག་གནས་མུས་ཡིན་པ་རེད།

འདི་ལོའི་ཕྱི་ཟླ་ ༥ ནང་རྒྱ་གར་འཕྲོད་བསྟེན་ལྷན་ཁང་གིས། གཉན་ནད་ཧམ་སྤུ་ནག་པོ་(Black fungus) ཞེས་པ་ནད་ཡམས་ཤིག་ལ་ངོས་འཛིན་གྱིས་རྒྱ་གར་རྒྱལ་ཡོངས་སུ་དེའི་ཛ་དྲག་གི་ཤུགས་རྐྱེན་བསླེབ་སྲིད་པའི་ཉེན་བརྡ་བཏང་བ་དང་བསྟུན། རྒྱ་གར་མི་མང་ནས་ཏོག་དབྱིབས་དང་ཧམ་སྤུ་ནག་པོ་གཉིས་ཀར་དུས་མཚུངས་སུ་སྔོན་འགོག་དང་སྨན་བཅོས་བརྟག་དཔྱད་སོགས་བྱས་ཏེ་གདོང་ལེན་གནང་དགོས་པའི་བཀའ་ཁྱབ་བཏང་ཡོད་མོད། ཏོག་དབྱིབས་གཉན་རིམས་ཀྱི་རླབས་གཉིས་པ་འཇགས་པ་དང་རྒྱ་གར་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་སྤྱི་ཚོགས་ལྷོད་ཡངས་སུ་གཏོང་བཞིན་པའི་སྐབས་འདིར། ད་ལྟའི་ཆར་རྒྱ་གར་ནང་ཧམ་སྤུ་ནག་པོ་ཕོག་པའི་ནད་པ་ཇེ་མང་དུ་འགྲོ་ཡི་ཡོད་པ་མ་ཟད། ད་བར་མི་གྲངས་ ༤༣༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག

རྒྱ་གར་འཕྲོད་བསྟེན་ལྷན་ཁང་གི་གནས་ཚུལ་ལྟར་ན། ད་ལྟ་རྒྱ་གར་ནང་ཧམ་སྤུ་ནག་པོ་ཕོག་པའི་མི་གྲངས་ ༤༥༣༧༤ ཡོད་པ་དང་། ནད་འབུ་འདིས་ཐད་ཀར་མི་ཡི་སྣ་དང་མིག ཀླད་པ་སོགས་སུ་གནོད་སྐྱོན་བཟོ་ཡི་ཡོད་སྟབས།  མི་སུ་ཞིག་ལ་ནད་འབུ་འགོས་ཚེ་ཐད་ཀར་ནད་གཞི་ཕོག་ཡུལ་གྱི་དབང་པོའམ་ལུས་པོའི་ཆ་ཤས་གང་དེ་གཅོད་པའམ་མེད་པར་བཟོ་དགོས་ཀྱི་ཡོད་པ་རེད། དེ་བས་ད་ལྟ་རྒྱ་གར་གྱི་མངའ་སྡེ་ ༡༣ ལྷག་གི་སྨན་ཁང་ཁག་ཏུ་ཧམ་སྤུ་ནག་པོ་ཕོག་པའི་རྐྱེན་གྱིས། མི་མང་པོའི་མིག་བཀག་སྟེ་ཞ་ར་ཆགས་པ་དང་སྣ་བཀག་པ། འགྲམ་རུས་བླངས་ཟིན་པ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་གི་ཡོད་པ་རེད་ལ། དམིགས་བསལ་ཏོག་དབྱིབས་གཉན་རིམས་ཕོག་པ་དང་གཅིན་སྙིའི་ནད་གཞི་ཡོད་མཁན། གཉན་ནད་རེག་དུག་དང་འབྲས་སྐྲན་ཡོད་མཁན་ཚོར་ཧམ་སྤུ་ནག་པོ་ཕོག་སྲིད་པའི་ཉེན་ཁ་ཧ་ཅང་ཆེ་བ་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་གར་ནང་ཧམ་སྤུ་ནག་པོའི་ན་ཚ་བྱུང་བ་ནས་བཟུང་བརྒྱུད་ལམ་ཁག་ཏུ་ནད་འབུ་ཕོག་པའི་མིའི་པར་དང་བརྙན་རིགས་འཇིགས་སུ་རུང་བ་མང་དག་ཅིག་ཁྱབ་སྤེལ་བྱུང་བ་བཞིན། ཉེ་ལམ་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་རྒྱ་གར་གྱི་མངའ་སྡེ་མ་ཧཱ་ར་ཤི་ཊའི་ཧམ་སྤུ་ནག་པོ་བཅོས་སའི་སྨན་ཁང་ཞིག་ཏུ་བསྐྱོད་དེ་ཡུལ་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། སྨན་ཁང་དེའི་ནང་ཁྱོན་ནད་པ་ ༦༠ ཡོད་པའི་ཁྲོད། ཡ་མགལ་དང་མ་མགལ། སྣ་དང་མིག་སོགས་འགོག་དགོས་བྱུང་བའི་ནད་པ་མང་དག་ཅིག་མཐོང་རྒྱུ་འདུག་ལ། སྐབས་དེར་མིག་ཡ་གཅིག་མེད་པར་གྱུར་བའི་ཤའེ་ཝ་རྗའེ་ཝིར་ཟེར་བའི་འགྲེས་སོན་ཞིག་གིས། ང་ནི་རླངས་འཁོར་ཁ་ལོ་བ་ཞིག་ཡིན། ངའི་ཁྱིམ་ཚང་གི་འཚོ་རྟེན་ང་ལ་བརྟེན་ནས་ཡོད། ང་ཚོས་བུ་ལོན་འབོར་ཆེན་བླངས་ཏེ་ད་ལྟ་ང་རང་གསོན་ཐུབ་ཙམ་བྱུང་ཡོད་ཀྱང་། ད་ནས་ངས་རླངས་འཁོར་གཏོང་ཐུབ་ཀྱི་མེད་པས་ད་ཅི་བྱ་ཞེས་སྐྱོ་ངལ་དང་བཅས་བརྗོད་ཀྱི་འདུག

རྒྱ་གར་དབུས་གཞུང་ནས་ཧམ་སྤུ་ནག་པོ་ནད་ཡམས་ཤིག་ལ་ངོས་བཟུང་བ་གཞིར་བཟུང་། ད་ལྟ་རྒྱ་གར་གྱི་མངའ་སྡེ་ ༧ ནས་ཛ་དྲག་གི་གནས་སྟངས་འོག་ཧམ་སྤུ་ནག་པོ་ནད་ཡམས་ཤིག་ལ་ངོས་བཟུང་སྟེ། ནད་གཞི་ཕོག་པའི་མིར་དམིགས་བསལ་ཟུར་དབྱེ་ནད་ཁང་དང་སྨན་བཅོས་སོགས་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་ད་ལྟ་འཚོགས་བཞིན་པའི་རྒྱ་གར་གྲོས་ཚོགས་སྟེང་། རྒྱ་གར་སྨན་པའི་མཐུན་ཚོགས་ཀྱིས་སྲིད་བློན་མུ་དྷི་མཆོག་ལ་ཞུ་ཕུལ་ཏེ། ཧ་ཅང་དཀོན་པོ་ཡིན་པའི་ཧམ་སྤུ་ནག་པོ་བཅོས་ཐབས་ཀྱི་སྨན་  (Amphotericin-B) ཞེས་པ་བཟོ་སྐྲུན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ད་ལྟ་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ཏུ་ཏོག་དབྱིབས་ནད་པའི་གྲངས་འབོར་ལས་ཧམ་སྤུ་ནག་པོ་འགོས་ཁྱབ་བྱུང་བའི་ནད་པ་མང་བ་ཡོད་ཅིང་། སྨན་པ་མང་པོས་ཧམ་སྤུ་ནག་པོ་ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཁ་ཆེ་བ་ཡོད་སྐོར་བཤད་འདུག

རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་རུ་རྟེན་གཞི་བྱས་པའི་སྨན་པ་ (Akshay Nair) ལགས་ཀྱིས། ནད་པ་མང་དག་ཅིག་སྨན་ཁང་དུ་མ་འབྱོར་གོང་འདས་གྲོངས་སུ་འགྲོ་ཡི་ཡོད་པ་དང་། ནད་པ་ཁག་ཅིག་སྨན་བཅོས་ཀྱིས་དྲག་སྐྱེད་བྱུང་རྗེས་སླར་ཡང་ནད་ལོག་རྒྱག་གིན་འདུག དེར་བརྟེན། ནད་ཡམས་འདི་མིའི་མིག་དང་ཀླད་པ་སོགས་སུ་འགོས་ཁྱབ་ཤུགས་ཆེན་འབྱུང་གི་ཡོད། ཅེས་བརྗོད་ཡོད་ལ། ད་ལྟ་རྒྱ་གར་ནང་ཧམ་སྤུ་ནག་པོ་འགོས་ཁྱབ་ཆེ་ཤོས་ཀྱི་མངའ་སྡེ་ནི་མ་ཧཱ་ར་ཤི་ཊ་དང་གྷོ་ཇའོ་རེ་ཊི་གཉིས་ཡིན་ཞིང་། མངའ་སྡེ་དེ་གཉིས་ནས་ཁྱོན་མི་གྲངས་ ༡༧༨༥ རྐྱེན་འདས་སུ་ཕྱིན་འདུག་པ་དང་། གཞན་ཡང་ཧམ་སྤུ་ནག་པོ་ལྡི་ལི་དང་ཅཱན་དྷི་གྷར། པཎ་ཇབ་དང་ལྷོ་ཕྱོགས་མངའ་སྡེ་ཁར་ནཱ་ཊ་ཀ་སོགས་བོད་མིའི་འདུས་སྡོད་ཀྱི་མངའ་སྡེ་ཁག་དང་དེའི་ཉེ་འཁྲིས་སུ་འགོས་ཁྱབ་བྱུང་གི་ཡོད་པ་གཞིར་བཟུང་། བོད་མིའི་སྒྲིག་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་རྒྱ་གར་དབུས་གཞུང་གི་བཀོད་ཁྱབ་ལྟར། རང་རིགས་བཙན་བྱོལ་བོད་མི་ཡོངས་ནས་ཏོག་ནད་དང་ཧམ་ནད་གཉིས་ལ་སྔོན་འགོག་གནང་དགོས་གལ་ཆེ་བའི་ལམ་སྟོན་སོགས་གང་མང་གནང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༦ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༧ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    ནད་གསར་པ་དེ་ལ་བོད་པས་སོ་པ་རིག་པས་ནད་མིང་གང་ཡིན་ནམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese