མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཌལ་ཧོར་ས་གནས་སུ་འཛམ་གླིང་ནགས་ཚལ་ཉིན་མོ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ནགས་ཚལ་ཉིན་དང་བསྟུན་ཌལ་ཧོར་ས་གནས་མང་ཚོགས་ཀྱིས་ཤིང་སྡོང་བརྒྱ་ལྷག་བཙུགས་ཏེ་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་༧སྐུའི་ཐུགས་སྐྱེད་དམ་བཅའ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད།

ཁ་སང་འཛམ་གླིང་ནགས་ཚལ་སྲུང་སྐྱོབ་ཀྱི་ཉིན་མོ་ཡིན་པ་ལྟར། བཞུགས་སྒར་དྷ་སའི་ནུབ་རྒྱུད་དུ་ཆགས་པའི་ཌལ་ཧོར་ས་གནས་སུ། སྨན་པ་བཟོད་པ་ལགས་ཀྱི་མཐུན་སྦྱོར་འོག ས་གནས་རྒྱ་གར་ནགས་ཚལ་ལས་ཁུངས་ཀྱི་བཀའ་འཁྲོལ་འཐོབ་པ་བརྒྱུད། ཌལ་ཧོར་ས་གནས་མི་མང་ནས་ཤིང་སྡོང་ཁྱོན་ ༡༢༥ བཙུགས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞལ་པར་བརྟན་པ་དང་༧སྐུའི་ཐུགས་སྐྱེད་དམ་བཅའ་བཞིའི་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་བཀའ་དགོངས་འགྲུབ་པའི་སྨོན་འདུན་འོག འཛམ་གླིང་ནགས་ཚལ་སྲུང་སྐྱོབ་ཉིན་མོ་སྲུང་གཙི་ཞུས་གནང་ཡོད་པ་རེད།

འདི་གའི་གསར་འགོད་པར་ཌལ་ཧོར་ས་འཐུས་བསྟན་འཛིན་བྱམས་ཆེན་ལགས་ཀྱིས། ཁ་སང་ང་ཚོ་ཌལ་ཧོར་ནས་ཅམ་པ་ཕྱོགས་ཀྱི་ཀེ་ལོ་མེ་ཊར་ ༢༥ ཙམ་གྱི་སར་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་བཟོད་པ་ལགས་སྒེར་གྱི་མཐུན་སྦྱོར་འོག ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་གྲོང་མི་ ༣༠ ཙམ་ནས་འཛམ་གླིང་ནགས་ཚལ་ཉིན་མོ་དང་བསྟུན། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་༧སྐུའི་ཐུགས་སྐྱེད་དམ་བཅའ་བཞིའི་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོངས་དོན་ལེགས་འགྲུབ་ཡོང་སླད། ཤིང་སྡོང་ ༡༢༥ བཙུགས་ཏེ་འཛམ་གླིང་ནགས་ཚལ་ཉིན་མོ་སྲུང་གཙི་ཞུས་ཡོད། ཅེས་བརྗོད་བྱུང་།

འཛམ་གླིང་ནགས་ཚལ་ཉིན་མོ་ནི་ཕྱི་ལོ་  ༡༩༧༡ ཟླ་ ༡༡ པའི་ནང་འཛམ་གླིང་གི་ཟས་རིགས་དང་ཞིང་ལས་ཚོགས་པའི་ལྷན་ཚོགས་ཐེངས་ ༡༦ སྟེང་གཏན་འབེབས་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༠༧ ནས་ ༢༠༡༢ བར་རྒྱལ་སྤྱིའི་ནགས་ཚལ་ཞིབ་འཇུག་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་གྱིས། ནགས་ཚལ་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་ཆེན་སྐབས་དྲུག་རིང་བསྡུས་ཏེ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ ཉིན་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་འཛམ་གླིང་གི་ནགས་ཚལ་ཉིན་མོར་གཏན་འབེབས་བྱས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist