མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སར་དམ་དྲག་ཤུགས་ཆེན་བྱས་ཏེ་ཞི་ཅིན་ཕིན་བསུས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཚོགས་འདུ་རིམ་པ་བསྡུས་ཏེ་ཞི་ཡི་ལྷ་སའི་སྐོར་བསྐྱོད་ལ་སྔ་ས་ནས་གྲ་སྒྲིག་བྱས་པ་དང་དངོས་སུ་ལྷ་སར་འབྱོར་སྐབས་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་འབྱོར་ཏེ། ལྷ་སའི་ཁུལ་གྱི་ཉིང་ཁྲི་དང་ཀོང་པོ། དེ་བཞིན། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། འབྲས་སྤུངས་དགོན་པ་སོགས་སུ་རྟོག་ཞིབ་ཟེར་བར་སོང་ཡོད་འདུག ཞི་ཡི་སྐོར་བསྐྱོད་ལས་ཐོག་མར། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཞི་ཅིན་ཕིན་རྒྱ་གར་དང་འབར་མའི་ས་མཚམས་སུ་འཁེལ་ཞིང་། བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ལྷོའི་མཚམས་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆགས་པའི་ཉིང་ཁྲིར་འབྱོར་ཡོད་སྟབས། ཆབ་སྲིད་དབྱེ་ཞིབ་མང་པོས་མགྲིན་གཅིག་ཏུ་སྐོར་བསྐྱོད་དེས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་སྐོར་རྗོད་ཀྱིན་འདུག་ལ། ཉིང་ཁྲི་རུ་ཞི་ཅིན་ཕིན་གྱིས་ཡར་ཀླུང་གཙང་པོ་དང་ཉང་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག དེ་བཞིན། གྲོང་གསེབ་དང་གྲོང་ཁྱེར་འཕེལ་རྒྱས། གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་ཟེར་བ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས་ཡོད་ཟེར།

གཞན་ཡང་། ཞི་ཅིན་ཕིན་གྱིས་ཀོང་པོའི་ཉིང་ཁྲི་དང་དེ་ནས་ཉེ་ལམ་ལྷ་ས་ནས་ཉིང་ཁྲི་བར་བསྐྲུན་མ་ཐག་པའི་མེ་འཁོར་ལྕགས་ལམ་དང་འཛུགས་སྐྲུན་སོགས་ཀྱི་ལས་གཞིར་རྟོག་ཞིབ་ཟེར་བ་བྱས་ཡོད་ཅིང་། ཕྱི་ཚེས་ ༢༢ ཉིན་ཞི་ཅིན་ཕིན་ལྷ་སར་འབྱོར་ཏེ་བོད་མིའི་སེམས་ཁོངས་ཀྱི་དད་པའི་དག་ཞིང་དུ་གྱུར་བའི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། འབྲས་སྤུངས་དགོན་པ་སོགས་སུ་ལྟ་སྐོར་རུ་ཕྱིན་ཡོད་པ་རེད།

ད་རེས་ཞི་ཅིན་ཕིན་ནི་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ཉེ་འཁྲིས་ས་མཚམས་ཁག་ཏུ་བསྐྱོད་མཁན་རྒྱ་ནག་གི་ལས་ཐོག་སྲིད་འཛིན་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཞི་ཅིན་ཕིན་ལྷ་སར་སོང་བའི་གནས་ཚུལ་ཧ་ཅང་གསང་རྒྱ་བྱས་ཏེ། ཁ་སང་ཉིན་རྒྱབ་ཙམ་ལ་བརྙན་ཐུང་ཞིག་ཕྱིར་འབྱོར་བ་བརྒྱུད་མ་གཏོགས་ཤེས་རྟོགས་བྱུང་མེད་པ་དང། ཞི་ཅིན་ཕིན་ལྷ་སར་མ་འབྱོར་གོང་རྒྱལ་ས་ལྷ་སའི་ཕྱོགས་ཀྱི་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག་ལ། ཞི་ཅིན་ཕིན་བོད་ནང་སོང་བའི་གནས་ཚུལ་ལ་གསང་རྒྱ་བྱེད་པ་དང་བོད་ནང་གི་བོད་མིར་དམ་དྲག་བྱས་ཚུལ་སོགས་ལས་རྒྱ་ནག་གིས་ད་དུང་བོད་མིའི་སེམས་ཁམས་བསྒྱུར་ཐུབ་མེད་པ་དང་། ཞི་ཅིན་ཕིན་ལ་ངོ་རྒོལ་སོགས་མི་ཡོང་ངམ་སྙམ་སྟེ་གྲ་སྒྲིག་སྡུག་ས་ནས་བྱས་ཡོད་པ་མཚོན་ཡོད།

སྤྱིར་ད་རེས་ཞི་ཅིན་ཕིན་ལྷ་སར་ཕྱིན་པ་དང་ལྷན་དུ་རྒྱ་ནག་གི་མགོ་ཁྲིད་ཁག་ཅིག་ཀྱང་ཡོད་རབས་གླེང་སློང་བྱེད་ཀྱིན་འདུག་པ་དང་ཞི་ཡིས་ལྷ་ས་དང་ཉིང་ཁྲི་སོགས་ནས་གཏམ་བཤད་རིགས་སྤེལ་ཡོད་ཚོད་འདུག་ནའང་། ད་སྔ་བར་ཡོངས་བསྒྲགས་བྱས་པའི་རིགས་མི་འདུག་ལ། བརྙན་ཐུང་ཞིག་གི་ནང་ཞི་ཡིས་རང་ཉིད་ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གིས་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ངོ་ ༦༠ འཁོར་བར་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་འཁྲིད་དེ་ལྷ་སར་ཡོང་མྱོང་བ་དང་། ད་རེས་སྐོར་བསྐྱོད་ཡོང་དོན་ནི་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ངོ་བདུན་ཅུ་འཁོར་བར་འཚམས་འདྲི་ཞུ་སླད་ཡིན་སྐོར་སོགས་བརྗོད་འདུག

ཟླ་འདིའི་མགོ་སྟོད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་བོད་ཀྱི་ལས་དོན་གཉེར་མཁན་མཐོ་ཤོས་ཝུའུ་དབྱིང་ཅེ་ཟེར་བ་ལྷ་སར་ཡོང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཆེས་དགྲ་ལྷ་གཙོས་པའི་དམར་ཤོག་གི་ལས་བྱེད་གཙོ་གྲས་ཁག་དང་ཐུག་འཕྲད་ཀྱིས། བཞུགས་མོལ་ཚོགས་འདུ་བསྐོང་ཡོད་པ་མ་ཟད། སྐབས་དེར་ཝེ་ཧྲན་ཀྲུང་ཟེར་བས། ཞི་ཅིན་ཕིན་དང་གུང་ཁྲན་ཏང་གི་དམིགས་བསལ་ཐུགས་ཁུར་འོག་བོད་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བཅས་བྱུང་བས་མི་སེམས་འགུལ་བ་ཞིག་འདུག་ལ་ལྕག་སྐུལ་ཡང་ཟབ་མོ་ཐེབས་ཡོད་སྐོར་སོགས་འདུག་ལ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༥ ཡས་མས་ཙམ་ལ་བོད་ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ཟེར་བའི་ཚོགས་འདུ་བསྡུས་ཏེ། ཕྱི་ལོ་ ༢༠༢༡ ལོར་ཞི་ཅིན་ཕིན་ཀོང་ཤིས་དང་མཚོ་སྔོན་སོགས་སུ་ཕྱིན་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ། འབྲེལ་ཡོད་སྙན་གསེང་ལ་ཉན་ཏེ་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་དགོས་ཟེར་བ་སོགས་ལས། ཞི་ཅིན་ཕིན་ལྷ་སར་ཡོང་གི་ཡོད་པར་སྔ་ས་ནས་ནང་ཁུལ་གྲ་སྒྲིག་བྱས་ཡོད་པ་གསལ་བོར་བསྟན་ཡོད།

དེ་རིང་རྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་ཁག་ཏུ། ལྷ་ས་དང་ཉིང་ཁྲི་རུ་ཞི་ཅིན་ཕིན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གཏམ་བཤད་སྤེལ་ཡོད་རབས་བཀོད་འདུག ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༧ ནས་ ༩ བར་ཞི་ཅིན་ཕིིན་བོད་མཚོ་སྔོན་གྱི་ས་གནས་ཁག་ཅིག་ཏུ་བསྐྱོད་དེ། སྐབས་དེ་དུས་ཀྱང་ཁོས་ཡུལ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དགོས་པའི་གཏམ་བཤད་སྤེལ་ཡོད་པ་རེད།

ཉེ་སྔོན་ཞི་ཅིན་ཕིན་མཚོ་སྔོན་ཕྱིར་རྒྱ་ནག་ཏུ་ལོགས་པ་དང་མཚོ་སྔོན་གྱི་གུང་ཁྲང་ཏང་ཡོན་ལས་ཁུངས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྐབས་དེར་སྤེལ་བའི་ཞི་ཡི་གཏམ་བཤད་ཀྱི་དགོངས་པ་ཟེར་བ་སློབ་སྦྱོང་བྱེད་དུ་བཅུག་སྟེ། མང་ཚོགས་ལག་བསྟར་དོན་འཁྱོལ་དགོས་པའི་བཀའ་བཏང་ཡོད་པ་ལྟར། ད་རེས་ལྷ་སའི་ཕྱོགས་སུའང་ཞི་ཅིན་ཕིན་ཕྱིར་ལོགས་པ་དང་ཁོའི་སྐོར་བསྐྱོད་དང་འབྲེལ་བའི་གཏམ་བཤད་ཁག་གཙུགས་སུ་བཟུང་སྟེ་དེར་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་བཀའ་གཏོང་མི་སྲིད་པ་མ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧

མཆན། 1

  1. Kongtul says:
    ལོ་ 5 སྔོན།

    ཉིང་ཁྲི་ནི་ཀོང་པོ་རེད་ཉིང་ཁྲི་དང་ཀོང་པོ་ཟེར་འབྲི་དོན་གང་ཡིན་མ་ཤེས་པའམ་འབྲི་འདུན་མེད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese