མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུ་ནུར་བྲག་རྡོ་ཉིལ་ཏེ་མི་ ༩ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་ཁུ་ནུར་རྫོང་ཁུལ་དུ་ཆར་བ་ཤུགས་ཆེན་བབས་ཏེ་ས་རུད་དང་རྡོ་ཉིལ་གྱི་རང་བྱུང་གོད་ཆག་འོག་མི་རྒྱུ་གཉིས་ལ་དཀའ་ངལ་བཟོས་ཡོད་པ་རེད།

ཁ་སང་རེས་གཟའ་ཉི་མའི་ཉིན་ཧི་མ་ཅལ་མངའ་སྡེའི་ཁུ་ནུར་ ( Kinnaur ) རྫོང་ཁུལ་དུ་ཆར་ཞོད་དྲག་པོ་བབས་པའི་རྐྱེན་གྱིས། སང་ལཱ་( sangla -chitkul ) ལམ་ཆེན་དུ་ས་ནུད་པ་དང་རྦབ་རྡོ་ལྷུང་ནས་མི་ ༩ ཡི་ཚེ་སྲོག་ཤོར་ཡོད་པ་དང་མི་ ༣ ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་པས། ཁུལ་དེར་ཡོད་པའི་ཡུལ་མི་དང་བོད་ཧིན་ས་མཚམས་ཀྱི་དམག་མི་རྣམས་ཀྱིས་རྐྱེན་འདས་སུ་ཕྱིན་པའི་མི་དག་གི་ཕུང་པོ་དབོར་འདྲེན་དང་། རྨས་སྐྱོན་ཐེབས་པའི་མི་དག་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་ཡོད་འདུག

དེའི་ཐད་རྒྱ་གར་གྱི་སྲིད་བློན་མུ་དྷི་ (Narendra modi ) མཆོག་གིས། རྐྱེན་ལམ་དུ་ཕྱིན་པའི་མི་རྣམས་ཀྱི་ཤུལ་ལུས་ནང་མིར་གདུང་སེམས་སྐྱེད་དང་རྨས་སྐྱོན་ཐེབས་པའི་མི་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་རེ་སྨོན་ཞུས་པ་དང་འབྲེལ། རྒྱ་གར་སྲིད་བློན་གྱི་ངལ་སེལ་ཐེབས་རྩ་ ( PMNRF ) ནས་རང་བྱུང་གོད་ཆག་དེའི་ཁྲོད་དུ་འདས་གྲོངས་སུ་ཕྱིན་པའི་མི་རྣམས་ཀྱི་ནང་མིར་རོགས་དངུལ་སྒོར་འབུམ་ ༢ རེ་དང་། སྨས་སྐྱོན་ཐེབས་མཁན་ཚོར་སྒོར་ཁྲི་ ༥ རེ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱན་བློན་ཆེན་ཇའེ་རམ་ཐ་ཀོར་( Jairam Thakur ) ལགས་ཀྱིས། བྲག་རྡོ་ཉིལ་བའི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་རྣམས་ཀྱི་ནང་མིར་ཧིན་སྒོར་འབུམ་ ༤ རེ་དང་རྨས་སྐྱོན་ཕོག་པ་རྣམས་ལ་ཧི་མ་ཅལ་མངའ་སྡེ་གཞུང་ནས་རིན་མེད་ངང་སྨན་བཅོས་བྱ་རྒྱུ་ཡིན་སྐོར་དང་། གནོད་སྐྱོན་ཐེབས་ཡུལ་དངོས་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱས་ཏེ། དགོས་ངེས་ཅན་གྱི་མི་རྣམས་ལ་མཐུན་རྐྱེན་སྦྱར་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་ཌི་པག་ཤཱར་མ་ Deepa Sharma) ཞེས་པའི་བུད་མེད་ཅིག་གིས། ཊུ་ཝི་ཊར་སྟེང་རང་ཉིད་ཀྱི་པར་ཞིག་སྤེལ་ཏེ། ད་ལྟ་ང་ལངས་འདུག་ས་འདི་ནི་རྒྱ་གར་མི་མང་འགྲོ་སྐྱོད་ཆོག་སའི་ལམ་གྱི་མཐའ་མ་དེ་ཡིན། འདི་ནས་ཕར་ཀེ་ལོ་མེ་ཊར་ ༨༠ ཙམ་མདུན་སྐྱོད་བྱས་ཚེ། དེ་ནི་ང་ཚོ་དང་བོད་ཀྱི་ས་མཚམས་ཡིན། བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་ཡོད། ཅེས་བཀོད་ཡོད་པ་རེད།

ད་ལོ་རྒྱ་གར་ནང་ཆར་པ་ཤུགས་ཆེན་འབབ་བཞིན་ཡོད་པའི་རྐྱེན་གྱིས། རྒྱ་གར་གྱི་ས་ཕྱོགས་མང་པོར་རི་ཉིལ་བ་དང་ཆུ་ལོག་རྒྱུག་པ་སོགས་ཀྱི་དཀའ་ངལ་འཕྲད་མུས་ཡིན་པ་ལྟར། ད་རེས་བྲག་རྡོ་ཉིལ་ནས་ཁུ་ནུར་གྱི་ཟམ་ཆེན་དེ་གཏོར་ཡོད་པར་བརྟེན། ཁུལ་དེའི་ཡུལ་མི་རྣམས་ལ་འགྲོ་འོང་ཐད་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ལྷག་པར་ཁུ་ནུར་བརྒྱུད་ནས་ཧི་མ་ཅལ་ནང་དུ་ཡོང་མཁན་ཚོར་ལམ་འགག་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག

ས་ཉིལ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་བརྙན་ཐུང་གཉིས་སྤྱི་ཚོགས་དྲ་ལམ་དུ་ཐོན་པའི་ནང་རྦབ་རྡོ་ཡིས་ལྕགས་ཟམ་དང་། གཞུང་ལམ་གྱི་རླངས་འཁོར་སོགས་གཏོར་བཅོམ་བཏང་བ་དང་། དམག་མི་མང་པོ་ཞིག་གིས་ཕུང་པོ་དང་རྨས་མ་རྣམས་དབོར་འདྲེན་བྱེད་བཞིན་ཡོད་པ་སོགས་མཐོང་རྒྱུ་འདུག

ཁུ་ནུར་རྫོང་ནི་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་པའི་རྫོང་སྡེ་ཞིག་ཡིན་པ་དང་། དེ་ནི་རྒྱ་གར་ནང་གི་མི་ཆེས་འདུ་སྡོད་ཉུང་སའི་ས་ཆ་ཞིག་ཡིན་པ་རེད་ལ། བོད་དང་ས་འབྲེལ་ཡོད་པའི་རྒྱ་གར་གྱི་རྫོང་ཁུལ་ཞིག་ཀྱང་ཡིན་པ་རེད།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས། དྲ་ལམ་གྱི་པར། 
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

སྐར་མ ༡༣ སྔོན་ལ།
TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༢༡ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese