མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭགས་འབྲོག་མིའི་སེམས་ཅན་གྱི་ན་ཚ་ལ་དམིགས་བསལ་བཅོས་ཐབས་མེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ལ་དྭགས་འདུད་གཅིག་ཁུལ་གྱི་འབྲོག་མིའི་ར་ལུག་མང་པོར་གློ་བུར་དུ་ན་ཚ་ཞིག་འགོས་ཏེ་ར་ལུག་མང་པོ་སྡེབ་གཅིག་ཏུ་ཤི་ཡོད་པར་བོད་མིའི་སྒྲིག་འཛུགས་ནས་གྱོང་གུད་ཕོག་པའི་འབྲོག་མི་རྣམས་ལ་ངལ་སེལ་རོགས་དངུལ་གནང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ལ་དྭགས་ཀྱི་ཡུལ་མི་སྒྲོལ་མ་ལྷ་མོ་ལགས་སུ་ཁ་པར་བརྒྱུད། ཉེ་སྔོན་ལ་དྭགས་འདུད་གཅིག་ (Duchik) ཁུལ་གྱི་འབྲོག་མིའི་སྒོ་ཕྱུགས་སེམས་ཅན་འཆི་སྐྱོན་གྱི་ད་ལྟའི་གནས་སྟངས་གང་འདྲ་ཡོད་མེད་སྐོར་དྲིས་སྐབས། ད་ལྟའི་ཆར་ལ་དྭགས་བྱང་ཐང་ཁུལ་གྱི་འབྲོག་མིའི་སེམས་ཅན་འཆི་སྐྱོན་གྱི་གནས་སྟངས་ཇེ་ལེགས་སུ་ཕྱིན་ཏེ། སེམས་ཅན་གཟུགས་པོ་ཐང་པོའི་རིགས་དེ་དག་རི་སྒང་ལ་འགྲོ་ཐུབ་པ་དང་སེམས་ཅན་ནད་པ་འགའ་ཤས་རི་གཤམ་དུ་སྡོད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ལྷ་མོ་སྒྲོལ་མོ་ལགས་ཀྱིས་གསུངས་པ་ལྟར་ན། ལ་དྭགས་ལུག་ལྟ་སྐྱོང་སྡེ་ཚན་ (Ladakh Sheep Department) ངོས་ནས་ལུག་གི་ཕུང་པོར་བརྟག་དཔྱད་བྱེད་པའི་ཆེད་དུ་ཨོ་ཌི་སའི་བརྟག་དཔྱད་ཁང་དུ་བསྐུར་ནས་ན་ཚ་དེ་ངོས་འཛིན་ཐུབ་ཡོད་པ་དང་། ན་ཚ་དེའི་མིང་ལ་ (Serotype O of Foot and mouth disease) ཟེར་གྱི་ཡོད་ཅིང་། དེ་ལ་དམིགས་བསལ་གྱི་སྨན་བཅོས་གང་ཡང་མེད་པ་རེད་ལ།  ན་ཚ་དེ་འགོས་ནད་ཞིག་ཡིན་པ་དང་ཀེ་ལོ་མེ་ཊར་ ༢༠ ཙམ་གྱི་ནང་ན་ཚ་དེ་འགོས་ཁྱབ་བྱུང་གི་ཡོད་པ་དང་། ད་ལྟའི་ལ་དྭགས་ཀྱི་ལུག་ལྟ་སྐྱོང་གི་སྡེ་ཚན་ངོས་ནས་འགོས་ནད་ཕོག་པའི་ལུག་དེ་དག་ལ་སྨན་བཅོས་བྱེད་བཞིན་ཡོད་འདུག

ཡང་ས་གནས་འབྲོག་མི་ཚོས་བོད་མིའི་སྒྲིག་འཛུགས་ལ་སེམས་ཅན་འཆི་སྐྱོན་གྱི་གནད་དོན་དེའི་སྐོར་ཡར་ཞུ་གནང་ཡོད་སྐོར་ལ་ལྷ་མོ་སྒྲོལ་མ་ལགས་ཀྱིས། ས་གནས་མགོ་འཛིན་ལས་ཁུངས་ནས་ཡུལ་མིའི་སྒོ་ཕྱུགས་མང་པོར་འཆི་སྐྱོན་ཐེབས་པའི་གནད་དོན་བོད་མིའི་སྒྲིག་འཛུགས་ལ་ཞུས་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ངོས་ནས་ངལ་སེལ་རོགས་སྐྱོར་གྱི་ཆེད་དུ་སྒོར་འབུམ་གཉིས་ཕུལ་ཡོད་འདུག  ཅེས་བརྗོད་བྱུང་།

དེ་ནས་གསར་འགོད་པས་སྨན་རྩིས་ཁང་གི་སྨན་པ་ཡི་ཤེས་མཁའ་འགྲོ་ལགས་ལ་ན་ཚ་འདི་དང་འབྲེལ་ནས་བོད་སྨན་ཐོག་ནས་སྨན་བཅོས་ཡོད་མེད་སྐོར་དྲིས་པར། ཁོང་གིས། དེའི་ཐོག་ལ་རྒྱུས་མངའ་དམིགས་བསལ་མེད་པ་དང་སྨན་བཅོས་ཡོད་མེད་ཤེས་ཀྱི་མེད། ཅེས་བརྗོད་བྱུང་བ་དང་། ལ་དྭགས་ཀྱི་སྒོ་ཟོག་སེམས་ཅན་ལ་ན་ཚ་འགོས་ཁྱབ་བྱུང་བའི་གནད་དོན་དེ་ཟླ་འདིའི་ཕྱི་ཚེས་ ༤ ནས་བྱུང་མགོ་བརྩམས་ཏེ། ད་བར་དུ་སེམས་ཅན་ ༡༡༠༠ ལྷག་ཙམ་ཤི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

ཆུ་ཚོད་ ༧ སྔོན་ལ།
༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

༢༠༢༥/༡༢/༡༩
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

༢༠༢༥/༡༢/༡༩
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

༢༠༢༥/༡༢/༡༩
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

༢༠༢༥/༡༢/༡༩

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 4 སྔོན།

    ཨ་ཁ་ ཕྱུག་ནད་མཚེར་བའི་ནང་ཁྲག་བབ་པའི་ནད་རེད་། མཚེར་བ་ལ་ཁྲག་རྒྱབ་དགོས་པ་རེད་།
    ནད་དེ་ལ་དབྱིན་ཇིའི་ནད་མིང Anthrax, ཟེར་བ་རེད་ལ་། Foot and mouth disease ཡང་ཟེར་བ་རེད་།
    ཨོྃ་མ་ཎི་པདྨེ་ཧཱུྃ་་་་་ ་་་་་་་་་ཨོྃ་མ་ཎི་པདྨེ་ཧཱུྃ་་་་་་་་་་་་་་་་་་་ཧྲི་།

    Reply
  2. གཙུག་ན་ཏོག says:
    ལོ་ 4 སྔོན།

    ན་ཚ་དེ་ལ་ངའི་ཕ་ཡུལ་ནས་ཧྲེ་ཟེར། དམིགས་བསལ་སྨན་ཡོད་པ་མ་རེད། ན་ཚ་མ་སླེབས་སྔ་རོལ་ལ་འགོག་ཁབ་བརྒྱབ་པ་ཡིན་ན། ནད་དེ་རིགས་མི་འབྱུང་བར་ཕན། ནད་ངན་དེ་ཕོགས་ཚར་བའི་རྗེས་ལ་ཕན་ཐོགས་ཅི་ཡང་མེད། ནད་དེས་ཤི་བའི་སེམས་ཅན་གང་དེའི་ཤ་མིས་ཟ་མི་ཉན། གནས་སྐབས་ཀྱི་འགོག་ཐབས་གཅིག་ཡོད་པ་དེ་ནི། ནད་གཞི་ཅན་གྱི་སེམས་ཅན་དེ་དག་འཁྱག་སར་འདེད་དགོས་པ་རེད། དམིགས་བསལ་འཁྱག་ས་ལ་འགྲོ་སྡོད་བྱ་ས་མེད་ཚེ། ཆུ་འཁྱིལ་བཅུག་སྟེ་སེམས་ཅན་དེར་སྡོད་བཅུག་ན་ཆུ་གྲང་མོ་ཡིན་པས་ཕན་གི་རེད། ཁ་ལ་རྨ་དང་། རྨིག་པའི་རྩ་ལ་འབུ་རྒྱག་གི་རེད། ནད་གཞི་ངེས་མི་ཟིན་ཚེ། བོད་ནང་གི་ནོར་ལུག་མང་སའི་ས་གནས་ཁག་ལ་དྲིས་ན་གསལ་པོ་ཧ་གོ་ཡོང་གི་རེད། དེ་མིན་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གི་མིའི་སྨན་པ་ཚོས་ཟོག་དང་ལུག་གི་ནད་གཞི་ངོས་མི་ཟིན་པ་བརྒྱ་ཆ་བརྒྱ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese