མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ ༡༡༠ ལྷག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་སྐྱོན་བརྗོད་དྲག་པོ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཐའེ་ཝན་གྱི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཡོན་ལཱི་རྣམ་གཉིས་འབོད་མགྲོན་གྱིས་གསུང་བཤད་གནང་བར་རྒྱ་ནག་གིས་གནོན་ཤུགས་སྤྲད་པ་དེར་ཨ་རིའི་གཞུང་གིས་རྟོག་ཞིབ་གནང་བཞིན་ཡོད་འདུག

Lee Yuan-tseh is an outspoken supporter of Taiwanese independence. Photo: AFP

ཁ་སང་ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཡིག་ངག་གཉིས་ཀྱི་ཐོག་ནས། འདི་ལོའི་ཕྱི་ཟླ་ ༤ པའི་ནང་དྲ་ལམ་བརྒྱུད་ཚོགས་པའི་ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པའི་ཚོགས་འདུའི་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཐའེ་ཝན་གྱི་རང་བཙན་དོན་གཉེར་བ་དང་ཚན་རིག་པ་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཡོན་ལཱི་ (Yuan Lee)ལགས་རྣམ་གཉིས་མགྲོན་འབོད་ཞུ་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པ་དེར། འཛམ་གླིང་གི་ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་གནད་ཡོད་མི་སྣ་ ༡༡༡ ལྷག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་འདུག

སྤྱིར་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར། ཨ་རིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྒྱལ་ཡོངས་ཚན་རིག་བསྟི་གནས་ཁང་(National Academy of Sciences) གིས་ནོ་བྷེལ་ལྷན་ཚོགས་(Nobel Foundation) དང་མཉམ་འབྲེལ་གྱིས་དྲ་ལམ་བརྒྱུད་སྐོང་འཚོག་གནང་པའི་ང་ཚོའི་འཇིག་རྟེན་དང་ང་ཚོའི་མ་འོངས་ (Our Planet, Our Future) ཞེས་པའི་ནོ་བྷེལ་ལྷན་ཚོགས་ཀྱི་ཚོགས་འདུ་དེ། འདི་ལོའི་ཕྱི་ཟླ་ ༤ ཚེེས་ ༢༦ ནས་ ༢༨ བར་ཚོགས་ཡོད་པ་མ་ཟད། ༧གོང་རྒྱལ་བ་རིན་པོ་ཆེ་མཆོག་དང་ཚན་རིག་པ་ཡོན་ལཱི་རྣམ་གཉིས་ནས་གསུང་བཤད་ཀྱང་གནང་ཡོད་ནའང་། ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པའི་སྐྱོན་བརྗོད་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་ཚན་རིག་པའི་སྡེ་ཁག་ལ་བཀག་སྡོམ་དང་བརྙས་བཅོས་བྱེད་ཐབས་དེར་བློ་འཚབ་ཆེན་པོ་བྱུང་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་གནང་འདུག་ཅིང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་གཞུག་དང་ཕྱི་ཟླ་ ༤ པའི་ནང་ཚོགས་འདུ་གོ་སྒྲིག་པ་ཨ་རི་རྒྱལ་ཡོངས་ཚན་རིག་བསྟི་གནང་ཁང་གི་འབྲེལ་ཡོད་ལས་བྱེད་ལ་ཁ་པར་ཐེངས་གཉིས་བཏང་སྟེ། ཚོགས་འདུར་མགྲོན་འབོད་ཞུས་ཟིན་པའི་སྐུ་མགྲོན་༧གོང་ས་མཆོག་དང་སྐུ་ཞབས་ཡོན་ལཱི་རྣམ་གཉིས་ཀྱི་མགྲོན་ཤོག་ཕྱིར་འཐེན་བྱས་ཏེ་གསུང་བཤད་གནང་འཇུག་རྒྱུ་མེད་པའི་གནོན་ཤུགས་བསྟུད་མར་སྤྲད་ཡོད་པ་མ་ཟད། ནོ་བྷེལ་གྱི་ཚོགས་འདུ་ཚོགས་པའི་སྔར་ཉིན་ཏག་ཏག་དེར། རྒྱ་ནག་གཞུང་ཚབ་ཁང་གིས་བསྐྱར་དུ་གློག་འཕྲིན་བཏང་སྟེ་སྐུ་མགྲོན་རྣམ་གཉིས་ཚོགས་འདུར་གསུང་བཤད་གནང་དུ་འཇུག་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་ནའང་། ཚོགས་འདུ་གོ་སྒྲིག་པས་སྐབས་གཉིས་ཀར་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་དྭང་ལེན་བྱས་མེད་སྐོར་བཀོད་འདུག

ཡང་བསྒྲགས་གཏམ་དེའི་ནང་། ནོ་བྷེལ་ལྷན་ཚོགས་ཀྱི་ཚོགས་འདུ་དེ་འཆར་གཞི་ལྟར་ཚོགས་ཐུབ་ཡོད་ནའང་། ཚོགས་འདུའི་ཉིན་དང་པོའི་དྲ་ཐོག་གི་བརྙན་ལམ་ལས་རིམ་དེར་དྲ་ཐོག་འཇབ་རྒོལ་བྱས་ཡོད་པ་མ་ཟད། ཉིན་གཉིས་པ་ལའང་དྲ་ཐོག་འཇབ་རྒོལ་བྱས་ཏེ་ལས་རིམ་ཚང་མ་ལ་བར་ཆད་བཟོས་ཡོད་སྐོར་བཀོད་འདུག་ལ། རྒྱ་ནག་གཞུང་གི་བྱ་སྤྱོད་དེས་འབྱུང་འགྱུར་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ཚན་རིག་གི་ལས་གཞི་ཁག་ནང་ཕྱིའི་ཚན་རིག་པ་རྣམས་མཉམ་ཞུགས་བྱ་རྒྱུར་འགོག་རྐྱེན་བཟོ་ངེས་ཡིན་པ་དང་། གུ་ཡངས་ཀྱི་ཐོག་ནས་བསམ་ཚུལ་བརྗོད་རེས་དང་འདུ་འཛོམས་ཀྱི་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་གོ་སྒྲིག་གནང་མཁན་ནི། ཕྱི་ལོ་ ༡༩༩༣ ལོའི་ནོ་བྷེལ་གྱི་སྨན་བཅོས་གཟེངས་རྟགས་བཞེས་མཁན་སྐུ་ཞབས་རི་ཆར་ཌི་རོ་བྷར་ཊི་ (Richard Roberts) ལགས་ཡིན་ཞིང་། ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ད་ཐེངས་ཀྱི་བསྒྲགས་གཏམ་འདི་ལ་བརྟེན་ནས་ཨ་རིའི་དབུས་ཉེན་རྟོག་ལས་ཁུངས་ངོས་ནས་དོན་རྐྱེན་དེར་ཞིབ་འཇུག་གནང་མགོ་བརྩམས་ཡོད་འདུག སྤྱིར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེ་རྒྱལ་ཡོངས་ཚན་རིག་བསྟི་གནང་ཁང་དང་ནོ་བྷེལ་ལྷན་ཚོགས་ལ་སྤྱན་འབུལ་ཞུས་འདུག་ནའང་། སྐབས་དེར་ལྷན་ཚོགས་ངོས་ནས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་པར་བརྟེན་བསྒྲགས་གཏམ་ཐོག་ས་ཡིག་མ་བསྐྱོན་པར་ལུས་པ་ཞིག་ཡིན་འདུག་ལ། ནོ་བྷེལ་གཟེངས་རྟགས་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་གཞོན་པས་རྟོག་ཞིབ་ཀྱི་འབྲས་བུ་མ་ཐོན་བར་དུ་ཐག་གཅོད་གང་ཡང་བྱེད་ཐབས་མེད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༠ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༡ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༡ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡༡ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese