མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བྱང་ཤར་གྱི་མངའ་སྡེ་གཉིས་དབར་འཁྲུག་འཛིང་ཤོར།

བོད་ཀྱི་དུས་བབ།
༢༠༢༡/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་དང་མི་ཛོ་རམ་(Mizoram)དབར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་ཡོད་པའི་ས་མཚམས་རྩོད་རྙོག་གི་གདོང་ཐུག་བྱུང་སྟེ་ཨ་སམ་གྱི་ཉེན་རྟོག་པ་ ༥ རྐྱེན་འདས་དང་མི་གྲངས་ ༨༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་འདུག

Assam CM Himanta Biswa Sarma lays wreath and pays tribute to six Assam police personnel who lost their lives in Assam-Mizoram border clash, at SP office in Cachar district, on July 27, 2021; (PTI Photo)

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་སམ་དང་མི་ཛོ་རམ་གཉིས་ཀྱི་རྩོད་གཞི་ཅན་གྱི་ས་མཚམས་གྲོང་སྡེ་ལེ་ལ་པུར་ (Lailapur) དུ། ཕྱོགས་གཉིས་ཀྱི་ཉེན་རྟོག་པའི་དབར་མེ་མདའ་གཞུ་རེས་བྱས་ཏེ་ཨ་སམ་ཕྱོགས་ལ་གནོད་སྐྱོན་ཆེན་པོ་ཕོག་པར་བརྟེན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཧི་མན་ཏ་བྷི་སི་ཝ་སར་མ་ (Himanta Biswa Sarma) ཡིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊུ་ཝི་ཊར་སྟེང་། རང་སྲོག་འབེན་ལ་བཙུགས་ཏེ་མངའ་སྡེའི་ས་མཚམས་སྲུང་སྐྱོབ་བྱེད་མཁན་གྱི་ང་ཚོའི་སྙིང་སྟོབས་ཅན་གྱི་ཉེན་རྟོག་པ་དྲུག་འདས་གྲོངས་སུ་ཕྱིན་པར་བློ་ཕམ་ཚད་མེད་བྱུང་། ངས་ཁོང་ཚོའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞེས་བརྗོད་འདུག་ལ། ཕྱིས་སུ་མངའ་སྡེའི་ལས་ཁུངས་ངོས་ནས་ཉེན་རྟོག་པ་ ༥ རྐྱེན་འདས་སོང་བའི་གསལ་བསྒྲགས་སྤེལ་ཡོད་པ་རེད། ཡང་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་སྤྱི་ཁྱབ་བློན་ཆེན་སར་མ་ཡིས། གདོང་ཐུག་ཁྲོད་རྐྱེན་འདས་སོང་བའི་ཉེན་རྟོག་པའི་ཤུལ་ལུས་ནང་མི་རྣམས་ལ་ཧིན་སྒོར་འབུམ་ ༥༠ རེ་དང་། ཁྱིམ་མི་གཅིག་རེ་ལ་གཞུང་གི་ལས་ཀ་སྤྲོད་རྒྱུ། དེ་བཞིན་གདོང་ཐུག་ཁྲོད་རྨས་སྐྱོན་ཕོག་པ་རྣམས་ལ་ཧིན་སྒོར་འབུམ་རེ་དང་། རྩོད་གཞི་ཅན་གྱི་ས་མཚམས་སུ་བགོ་འགྲེམ་བྱེད་པའི་ཉེན་རྟོག་པ་རྣམས་ལ་ཟླ་གཅིག་གི་གླ་ཕོགས་འཕར་མ་སྤྲོད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ས་མཚམས་ཁུལ་དུ་དམིགས་བསལ་དྲག་དམག་ ༤༠༠༠ འགྲེམ་འཇོག་བྱ་རྒྱུ་ཡིན་སྐོར་ཡང་བསྒྲགས་ཡོད་པ་རེད།

ཨ་སམ་གྱི་ཉེན་རྟོག་ལས་ཁུངས་ངོས་ནས་ཐེངས་འདིའི་གདོང་ཐུག་དེ་ནི་མི་ཛོ་རམ་གྱི་མི་སྐོར་ཞིག་གིས་ལེ་ལ་པུར་གྲོང་སྡེར་ཡོད་པའི་ཨ་སམ་གྱི་གཞུང་འབྲེལ་མི་སྣའི་ཐོག་རྡོ་གཞུས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ནའང་། མི་ཛོ་རམ་གྱི་ནང་སྲིད་ལྷན་ཁང་གིས་སྤེལ་བའི་གསལ་བཤད་ནང་། ཨ་སམ་གྱི་དྲག་ཆས་ཉེན་རྟོག་པ་ ༢༠༠ ལྷག་ཅིག་བཙན་དབང་གི་ཐོག་ནས་དབུས་གཞུང་གི་ཉེན་རྟོག་པས་ཉེན་སྲུང་འོག་ཡོད་པའི་འཛིང་རགས་བརྒལ་ཏེ་མི་ཛོ་རམ་མངའ་སྡེའི་ནང་འཛུལ་བ་མ་ཟད། གཞུང་ལམ་སྟེང་གི་རླངས་འཁོར་འགའ་ཤས་ལ་གཏོར་བཅོམ་བཏང་ཡོད་སྐོར་བརྗོད་འདུག འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་དུའང་ཕྱོགས་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་བྱུང་བའི་རྐྱེན་གྱིས་རྒྱ་གར་དབུས་གཞུང་གིས་མངའ་སྡེ་གཉིས་ཀའི་ས་མཚམས་ཁུལ་དུ་དབུས་ཀྱི་གཏན་འཇགས་ཉེན་རྟོག་པ་འགྲེམ་འཇོག་བྱས་ཡོད་པ་རེད།

ཡང་ཨ་སམ་གྱི་ཉེན་རྟོག་པས་ད་ལན་གྱི་རྩོད་རྙོག་གི་རྐྱེན་རྩ་གཙོ་བོ་ཞིག་ནི། མི་ཛོ་རམ་གཞུང་གིས་མངའ་སྡེ་དེའི་ས་མཚམས་གྲོང་ཚོ་ཝེ་རེང་ཊི་ (Vairengte) ནས་ཨ་སམ་གྱི་ས་མཚམས་གྲོང་ཚོ་ལེ་ལ་པུར་ (Lailapur) བར་དུ་མོ་ཊའི་ལམ་ག་བསྐྲུན་ཐབས་བྱས་ཡོད་ཀྱང་། ཕྱོགས་གཅིག་ནས་ས་ཁུལ་དེ་ནགས་ཚལ་སྲུང་སྐྱོབ་ལྟེ་གནས་ (Reserve Forest) ཁོངས་སུ་གཏོགས་ཀྱི་ཡོད་པ་དང་། ཕྱོགས་གཞན་ནས་མི་ཛོ་རམ་གྱིས་ཁུལ་དེར་ཉེན་རྟོག་ས་ཚིགས་ (police post) ཤིག་ཀྱང་བཙུགས་ཡོད་པར་བརྟེན། ཨ་སམ་གྱི་གཞུང་འབྲེལ་མི་སྣ་སྐོར་ཞིག་ས་ཁུལ་དེར་ཆེད་སྐྱོད་ཀྱིས་མི་ཛོ་རམ་གྱི་མི་སྣར་གྲོས་མོལ་བྱེད་སྐབས། མི་ཛོ་རམ་གྱི་མི་མང་སྐོར་ཞིག་གིས་ཨ་སམ་གྱི་གཞུང་འབྲེལ་མི་སྣའི་ཐོག་རྡོ་སོགས་འཕངས་ཏེ་རྨས་སྐྱོན་བཏང་ཡོད་པ་མ་ཟད། མི་ཛོ་རམ་གྱི་ཉེན་རྟོག་པས་ཀྱང་ཨ་སམ་གྱི་གཞུང་འབྲེལ་མི་སྣའི་ཐོག་མེ་མདའ་གཞུས་ཡོད་སྐོར་བརྗོད་ཡོད་འདུག

Tensions have been building between the two states since last month when officials in Mizoram alleged that Assam police had taken over a border post [File: EPA]
སྤྱིར་ད་ཐེངས་ཀྱི་རྩོད་རྙོག་དེ་ཟླ་གཅིག་གོང་ཙམ་ནས་མགོ་བརྩམས་པ་ཞིག་ཡིན་ཞིང་། ཉེ་ཆར་གྱི་མེ་གདའི་དོན་རྐྱེན་དེ་མ་བྱུང་སྔོན་ཏེ། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་ཨ་མིཊ་ཤཱ་ (Amit Shah)མཆོག་གི་བཀོད་འདོམ་འོག མེ་གྷ་ལ་ཡའི་ (Meghalaya) ཤིས་ལོང་གྲོང་ཁྱེར་དུ་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ ༨ ཀྱི་སྤྱི་ཁྱབ་བློན་ཆེན་རྣམས་ལྷན་འཛོམས་ཀྱི་ཐོག་ནས་ཨ་སམ་དང་མི་ཛོ་རམ་གྱི་ས་མཚམས་དཀའ་རྙོག་སྐོར་ནང་མོལ་གྱི་ཚོགས་འདུ་ཞིག་བསྐོངས་ཡོད་ཅིང་། ཚོགས་ཐོག་དེར་དབུས་ཀྱི་ནང་སྲིད་བློན་ཆེན་ཕྱོགས་ནས་མངའ་སྡེ་གཉིས་ཀས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་ཀྱི་ལམ་བུ་ཞིག་འཚོལ་དགོས་པའི་ལམ་སྟོན་བྱས་ཡོད་འདུག འོན་ཀྱང་གྲོས་མོལ་དེ་གྲུབ་ནས་ཉིན་གྲངས་གཉིས་ལས་མ་འགོར་བར་གནས་སྟངས་ཛ་དྲག་ཏུ་གྱུར་བར་བརྟེན། ད་ལྟ་ཕྱོགས་གཉིས་ཀས་བསྐྱར་དུ་དབུས་གཞུང་ངོས་ནས་འདུམ་སྒྲིག་གནང་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་པ་རེད།

ཨ་སམ་དང་མི་ཛོ་རམ་གྱི་ས་མཚམས་རྩོད་རྙོག་དེ་ཡར་དེད་ན་ལོ་ངོ་བརྒྱ་ཕྲག་གཅིག་དང་ཕྱེད་ཀའི་སྔོན་བར་གཏུག་རྒྱུ་ཡོད་པ་ཞིག་རེད། དེ་ཡང་ད་ལྟའི་མི་ཛོ་རམ་མངའ་སྡེ་དེ་ཉིད་དེ་སྔ་རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་ཡོད་སྐབས། ཨ་སམ་གྱི་ཁོངས་གཏོགས་རྫོང་ཁག་ཅིག་ཡིན་ལ། སྐབས་དེར་ས་ཁུལ་དེར་ལུ་ཤའེ་ལུང་གཤོངས་ (Lushai Hills) ཞེས་སུ་འབོད་ཀྱི་ཡོད། རྒྱ་གར་རང་བཙན་ཐོབ་ནས་ལོ་ ༢༥ རྗེས་ཏེ། ཕྱི་ལོ་ ༡༩༧༢ ལོར་ལུ་ཤའེ་ལུང་གཤོངས་དེ་ཨ་སམ་དང་ཁ་གྱེས་ཏེ་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ཁུལ་ (Union Territory) ཞིག་བཅས་པ་དང་། དེ་ནས་ཕྱི་ལོ་ ༡༩༨༧ ལོར་གཞི་ནས་མངའ་སྡེ་ཞིག་ཏུ་གྱུར་ཏེ། ད་ལྟ་ཨ་སམ་དང་མི་ཛོ་རམ་དབར་ལ་སྤྱི་ལེ་ ༡༦༤ ལྷག་གི་ས་འབྲེལ་ཡོད་ནའང་། ཕྱི་ལོ་ ༡༨༧༥ དང་ ༡༩༣༣ ལོའི་ས་ཁུལ་དབྱེ་མཚམས་ཀྱི་ཆིངས་ཡིག་མི་འདྲ་བ་གཉིས་ལ་བརྟེན་ནས་ད་བར་ཨ་སཱམ་དང་མི་ཛོ་རམ་དབར་ས་མཚམས་ཀྱི་རྩོད་རྙོག་མུ་མཐུད་ལྷག་མུས་ཡིན་པ་རེད། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་ཕྱོགས་གཉིས་དབར་ས་མཚམས་དེ་དང་འབྲེལ་བའི་རྩོད་རྙོག་མང་པོ་བྱུང་མྱོང་ཡོད་ཀྱང་། ཕན་ཚུན་གྱི་ཉེན་རྟོག་པའི་དབར་དངོས་སུ་གདོང་ཐུང་བྱུང་བ་དཀོན་པོ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese