མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཁྱིམ་ཚང་རེའི་མི་གཅིག་ངེས་པར་བཅིངས་གྲོལ་དམག་མིར་ཞུགས་དགོས་པ་བཟོས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་པའི་མི་ཚང་རེ་ནས་དམག་མི་བསྡུ་རུབ་ཀྱིས་རྒྱ་གར་ལ་ས་མཚམས་རྩོད་རྙོག་སློང་གི་ཡོད་པའི་སྐབས་འདིར་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་བར་གྲོས་མོལ་མགོ་འཛུགས་བྱས་ཡོད་འདུག

One soldier per family: China PLA recruiting Tibetan youth for deployment at LAC

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། འདས་ལོའི་ལོ་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་མཐའ་མཚམས་ས་ཐིག་ (LAC) ཕྱོགས་སུ་ཁེལ་བའི་བོད་ཀྱི་གྲོང་ཚོ་ཁག་གི་བྱིས་པ་དང་རྒས་འཁོགས་ཕུད་པའི་གཞན་ཕོ་མོ་དབྱེར་མེད་ཀྱིས་གྲོང་མི་ཡོངས་ལ་དམག་སྦྱོང་སྤྲད་དེ། མཐའ་མཚམས་སྲུང་སྐྱོབ་སླད་དམག་འཁྲུག་རྒྱག་དགོས་ཟེར་བའི་དམག་དོན་ལས་འགུལ་སྤེལ་ཡོད་སྐོར་བརྗོད་པ་ལྟར། དེ་རིང་རྒྱ་གར་དུས་བབ་གསར་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁག་གི་ཁྱིམ་ཚང་རེའི་ཁྱིམ་མི་གཅིག་ངེས་པར་དུ་བཅིངས་གྲོལ་དམག་མིར་ཞུགས་བཅུག་སྟེ། རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་སྲུང་སྐྱོབ་བྱེད་སླད་དམག་ཤུགས་རྒྱ་སྐྱེད་བཏང་ཡོད་སྐོར་བརྗོད་འདུག

དེ་རིང་གི་རྒྱ་གར་ཞེས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་བཙན་གྱིས་བོད་པའི་ཁྱིམ་ཚང་རེའི་མི་གཅིག་ངེས་པར་བཅིངས་གྲོལ་དམག་མིར་ཞུགས་དགོས་པའི་བཀའ་བཏང་བ་དང་སྦྲགས། དམག་ཞུགས་མ་བྱས་གོང་བོད་མི་གཞོན་སྐྱེས་རྣམས་རྒྱ་ནག་དམར་ཤོག་ཚོགས་པར་བློ་དཀར་ཡིན་མིན་གྱི་འདྲི་རྩད་གཅོད་ཀྱི་ཡོད་ཅིང་། བོད་པའི་དམག་མི་རྣམས་ཆེད་དུ་ས་བབས་མཐོ་ཞིང་ཡུལ་ཁམས་ཁོར་ཡུག་ལ་རྒྱུས་མངའ་ཟབ་སའི་རྒྱ་ནག་དཀར་ནག་གི་མཐའ་མཚམས་ས་ཐིག་ཁུལ་དུ་མངགས་གཏོང་བྱེད་ཀྱི་ཡོད་འདུག་ལ། གནས་ཚུལ་ནང་རྒྱ་ནག་གིས་བོད་ཀྱི་ས་མཚམས་ཁག་གི་གྲོང་གསེབ་གང་དག་ནས་དམག་མི་བསྡུ་རུབ་བྱེད་ཀྱི་ཡོད་པ་གསལ་མི་འདུག

གནས་ཚུལ་ནང་རྒྱ་གར་དབུས་འབྲེལ་ཡོད་ལས་བྱེད་ཅིག་གིས། ང་ཚོར་གསང་བའི་གནས་ཚུལ་འབྱོར་ཏེ་རྒྱ་ནག་གིས་བོད་པའི་ཁྱིམ་ཚང་རེ་ནས་ངེས་པར་དུ་མི་གཅིག་དམག་མིར་ཞུགས་བཅུག་སྟེ། ལ་དྭགས་དང་ཨ་རུ་ན་ཅལ་ཁུལ་གྱི་རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་སུ་བཏང་ནས་རྒྱ་གར་དམག་མིར་ཁ་གཏད་གཅོག་འཆར་འདུག ཅེས་བརྗོད་ཡོད་པ་དང་། བོད་མི་ཁྱིམ་ཚང་རེ་ནས་བཅིངས་གྲོལ་དམག་མིར་ཞུགས་མཁན་རེ་དགོས་པའི་གནས་ཚུལ་དེ་རྒྱ་གར་གསང་བའི་ལས་ཁུངས་ནས་ཐོག་མར་ཤེས་རྟོགས་བྱུང་ཡོད་འདུག

ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་གོང་མཚོའི་ལྷོ་ངོས་སུ་ཆགས་པའི་གྷལ་ཝན་ (Galwan) ལུང་ཁུལ་དུ་ས་མཚམས་རྩོད་རྙོག་གི་རྐྱེན་པས་དམག་འཁྲུག་ཤོར་རྗེས། ཕྱོགས་གཉིས་ཞི་མོལ་ལམ་ནས་དམག་མི་ཕྱིན་འཐེན་དང་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཐབས་ཡོད་ཀྱང་། འདས་ལོའི་ལོ་མཇུག་ནས་རྒྱ་ནག་གིས་སླར་ཡང་ལ་དྭགས་ཁུལ་དུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་སྟབས། ཕྱོགས་གཉིས་བར་ས་མཚམས་རྩོད་རྙོག་གི་གྲོས་མོལ་ལམ་ལྷོང་མ་བྱུང་བར་དཀའ་རྙོག་ཏུ་གྱུར་བ་དང་། དམིགས་བསལ་ཉེ་ལམ་ནས་རྒྱ་ནག་གིས་མཐའ་མཚམས་སྲུང་སྐྱོབ་ཀྱི་དམག་ཤུགས་རྒྱ་སྐྱེད་བཏང་སྟེ། ལ་དྭགས་དང་ཨ་རུ་ན་ཅལ་ཁུལ་གྱི་རྒྱ་དཀར་ནག་གི་རྩོད་རྙོག་ས་ཁུལ་དུ་དམག་སྒར་དང་དམག་མི། དམག་ཆས་སོགས་སྔར་བའི་ཇེ་མང་དུ་བཏང་ཡོད་པ་རེད།

དེ་མཚུངས་བཞིན། རྒྱ་གར་གཞུང་ནས་ཀྱང་ཕྱོགས་ཡོངས་ཀྱི་རྒྱ་གར་བའི་མཐའ་མཚམས་སྲུང་སྐྱོབ་ཀྱི་དམག་ཤུགས་རྒྱ་སྐྱེད་བཏང་སྟེ། ད་ལྟ་རྒྱ་དཀར་ནག་བར་འདེབས་བཟང་ལ་དང་ཆུ་མིག གྷོ་ར་སོགས་ཀྱི་ས་མཚམས་ནས་རྩོད་རྙོག་འབྱུང་གི་ཡོད་ཅིང་། དེ་རིང་གསར་དུ་ཐོན་པའི་གནས་ཚུལ་ལྟར་ན། དེ་རིང་ནས་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཞི་འགྲིག་གི་གྲོས་མོལ་ཐེངས་ ༡༢ པ་མགོ་འཛུགས་བྱས་ཡོད་སྐོར་འདུག་ལ། ད་ལྟ་རྒྱ་དཀར་ནག་གཉིས་ལ་ས་མཚམས་རྩོད་རྙོག་ཁུལ་དུ་དམག་མི་ཁྱོན་ཁྲི་ ༥ ནས་ ༦ བར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༢ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༠ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese