མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་དམག་གཞུང་གིས་༢༠༢༣ ལོ་མཇུག་བར་སྲིད་དབང་བཙན་བཟུང་བྱས་ནས་འདུག་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་སྔོན་འབར་མའི་དམག་གཞུང་གིས་ལོ་གཅིག་ཙམ་གྱི་རྗེས་ནས་བསྐྱར་དུ་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་སྐོར་བཤད་ཡོད་ཀྱང་ད་ལྟ་ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་བར་དུ་སྲིད་དབང་བཙན་བཟུང་བྱས་ནས་འདུག་རྒྱུ་ཡིན་སྐོར་བསྒྲགས་འདུག

Myanmar’s military leader Min Aung Hlaing claims role of prime minister, vows to stay in power at least another 2 years© Sefa Karacan/Anadolu Agency via Getty

དེ་རིང་རའོ་ཊར་ (Reuter)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  འབར་མའི་དམག་དཔོན་མིན་ཨང་ལིན་ (Gen. Min Aung Hlaing)གྱིས། ཁོ་རང་གིས་སྲིད་བློན་གྱི་ལས་འགན་འཁུར་ཏེ་རྒྱལ་ཁབ་ཛ་དྲག་གནས་སྟངས་ལས་སྐྱོབ་ཆེད་ཕྱི་ལོ་ ༢༠༢༣ ཟླ་ ༨ བར་གོ་དབང་རྒྱུན་སྐྱོང་བྱ་རྒྱུ་ཡིན། དེའི་རྗེས་སུ་ཚོགས་སྡེ་ཁག་ནས་འོས་བླུགས་ཆོག་སྐོར་བསྒྲགས་ཡོད་པ་མ་ཟད། ད་ལྟའི་ཆར་འབར་མ་རྒྱལ་ཡོངས་ཀྱི་གནས་སྟངས་ལེགས་པོ་ཆགས་ཡོད་ཀྱང་། དམངས་གཙོ་ཚོགས་པའི་དྲག་སྤྱོད་པ་འགས་འཐབ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གཞན་ཡང་། མིན་ཨང་ལིན་གྱིས། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མཐུན་ཚོགས་(Association of Southeast Asian Nations) ནས་དམིགས་བསལ་སྐུ་ཚབ་གཏང་བ་ཡིན་ན། དྲག་དམག་གཞུང་ནས་འབར་མའི་ནང་དྲག་སྤྱོད་རིགས་མེད་པ་བཟོས་ཏེ། ངོ་རྒོལ་བ་དང་དམག་མི་གཉིས་དབར་ལ་མཐུན་རྐྱེན་སྦྱར་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་༡ ཉིན་འབར་མའི་དྲག་པོའི་དམག་དཔུང་གིས་སྤྱི་མང་ཚོགས་པའི་ལག་ནས་སྲིད་དབང་བཙན་འཕྲོག་བྱས་ཡོད་པ་མ་ཟད། འདས་ལོའི་འབར་མ་རྒྱལ་ཡོངས་ཀྱི་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དེ་དྲང་བདེན་མིན་པའི་ནག་ཉེས་བཙུགས་བྱས།  དམག་དཔོན་མིན་ཨང་ལིན་གྱིས་སྲིད་བློན་གྱི་གོ་དབང་འཛིན་སྐབས། ལོ་གཅིག་རིང་རྒྱལ་ཁབ་ཛ་དྲག་གནས་སྟངས་ལས་ཐར་རྗེས་འཇིགས་སྣང་མེད་པའི་ཐོག་ནས་ཚོགས་སྡེ་ཁག་སྣ་མང་གི་འོས་འདེམས་མགོ་འཛུགས་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། སྐད་ཆ་དེ་མི་མང་ལ་མགོ་སྐོར་བཏང་བ་ཙམ་ལས་དོན་འབྲས་མེད་པ་ཞིག་ཏུ་གྱུར་ཡོད་འདུག

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བརྗོད་པ་ལྟར་ན།  འདི་ལོའི་ཕྱི་ཟླ་ ༢ པའི་ནང་འབར་མའི་དྲག་པོའི་དམག་དཔུང་གིས་སྲིད་དབང་བཙན་བཟུང་བྱས་རྗེས་མི་གྲངས་ ༩༠༠ ཙམ་དམག་མིས་བསད་ཡོད་པ་དང་། དེ་བཞིན་ངོ་རྒོལ་ལས་འགུལ་བ་དང་ཆབ་སྲིད་པ། གསར་འགོད་པ་བཅས་མི་གྲངས་ ༥༣༠༠ ལྷག་འཛིན་བཟུང་བཀག་ཉར་བྱས་པ་ཡོད་པ་དང་༔ མི་གྲངས་ ༦༥ ལ་སྲོག་ཁྲིམས་གཅོད་པའི་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese