མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བང་རི་རིན་པོ་ཆེའི་བཙོན་འཇུག་དུས་ཡུན་རྫོགས་ཡོད་ཀྱང་ཀློད་ཡོད་མེད་གསལ་ཁ་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་ཕྱི་ལོ་ ༢༠༠༣ ལོར་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་བཙོན་འཇུག་བྱས་པའི་བང་རི་མཚམས་སྤྲུལ་རིན་པོ་ཆེ་ཡི་བཙོན་འཇུག་དུས་ཡུན་ཁེ་ཉིན་ཕྱི་ཚེས་ ༣༡ ཉིན་རྫོགས་ཡོད་ཀྱང་ད་ལྟའི་ཆར་ཁོང་ཀློད་གྲོལ་བཏང་ཡོད་མེད་ཀྱི་གནས་ཚུལ་གང་ཡང་གསལ་ཁ་མེད་པ་རེད།

Bangri Tsamtrul Rinpoche: Still from a propaganda video on Drapchi Prison in the early 2000s.

ཁ་སང་ཕྱི་ཚེས་ ༡ ཉིན་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་ངོས་ནས་བདེན་དཔང་དང་བཅས་བང་རི་རིན་པོ་ཆེ་བདེ་ཐང་ངང་བཙོན་ཁང་ནས་ཀློད་གྲོལ་ཟིན་པ་ཡོངས་ཁྱབ་བྱེད་དགོས་ལ། ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་འཕྲོད་བསྟེན་ཀྱི་མཐུན་འགྱུར་རིགས་ལྷག་ལུས་མེད་པ་སྤྲོད་དགོས་པ། ད་དུང་ཁོང་ལ་བཙོན་འཇུག་ཁྲིམས་ཆད་སྟེང་ཚེ་གང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པར་བརྟེན། དེའི་མིང་ཐོག་ནས་ཁོང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མི་ཆོག་པ་བཅས་ཀྱི་སྐུལ་མ་བཏང་འདུག

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྗེས་ཏེ། ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༨ ཚེས་ ༢༧ ཉིན། ལྷ་ས་ཞོལ་ཐང་ཆེན་དུ་བོད་མི་བཀྲ་ཤིས་ཚེ་རིང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་འབར་རྫས་གཡུགས་ཏེ་རང་སྲོག་གཅོད་ཐབས་བྱས་པའི་གནད་དོན་ལ་སྐུལ་སློང་བྱས་པའི་དོགས་གཞིའི་འོག ལོ་དེའི་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་ལྷ་སའི་ཉེན་རྟོག་པས་བང་རི་མཚམས་སྤྲུལ་རིན་པོ་ཆེ་དང་ཁོང་གི་སྐུ་ཟླ་ཉི་མ་ཆོས་སྒྲོན་ལགས་རྣམ་གཉིས་འཛིན་བཟུང་བྱས་ཏེ། ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཀག་ཉར་གྱིས་ཉིན་མཚན་ལྔ་ལ་འདྲི་རྩད་དང་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཕྱི་ལོ་ ༢༠༠༠ ཟླ་ ༩་ཚེས་ ༢༦ ཉིན་བང་རི་རིན་པོ་ཆེ་དང་ཉི་མ་ཆོས་སྒྲོན་རྣམ་གཉིས་ཀྱིས་རྒྱལ་ཁབ་ཁ་བྲལ་བཏང་བའི་ནག་ཉེས་བཙུགས་ཏེ། བང་རི་རིན་པོ་ཆེ་མཆོག་ལ་ཚེ་བཙོན་དང་ཉི་མ་ཆོས་སྒྲོན་ལགས་ལ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་དེ། ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༢༩ ཉིན་ལྷ་སའི་ཉེ་འགྲམ་ཆུ་ཤུར་རྫོང་གི་བཙོན་ཁང་དུ་གནས་སྤོས་བྱས་ཡོད་འདུག

Bangri Tsamtrul Rinpoche

ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༧ ཚེས་ ༣༡ ཉིན་བང་རི་རིན་པོ་ཆེ་ཡི་ཚེ་བཙོན་ཆག་ཡང་བཏང་སྟེ་ལོ་ ༡༩ བཟོས། ཕྱི་ལོ་ ༢༠༠༥ ལོར་རིན་པོ་ཆེ་ལ་སྙིང་གི་ནད་གཞི་དང་མཁྲིས་རྡོ་ཕོག་པའི་གནས་ཚུལ་ཞིག་ཐོན་པ་ཙམ་ལས། རྒྱ་ནག་གཞུང་གིས་ཁོང་གི་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་ལ་གསང་རྒྱ་དམ་པོ་བྱས་ཏེ་གང་ཡང་གོ་ཐོས་མེད་པར་གྱུར་ཡོད་འདུག ཕྱི་ལོ་ ༢༠༠༥ ལོའི་ཟླ་ ༡༡ པའི་ནང་རིན་པོ་ཆེའི་བཙོན་འཇུག་དུས་ཡུན་ལོ་གཅིག་གིས་ཐུང་དུ་བཏང་བར་བརྟེན། འདི་ལོའི་ཕྱི་ཟླ་ ༧་ཚེས་ ༣༡ ཉིན་བཙོན་འཇུག་དུས་ཡུན་ཚང་གི་ཡོད་འདུག དེ་བཞིན་ཁོང་གི་སྐུ་ཟླ་ཉི་མ་ཆོས་སྒྲོན་ལའང་ཆག་ཡང་ཐེངས་གཉིས་ཐོབ་སྟེ་ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༢ པའི་ནང་བཙོན་གྲོལ་ཐོབ་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དེ་འབྲེལ་གྱི་གནས་ཚུལ་ཞིག་ནང་། རྒྱ་ནག་གི་ཉེན་རྟོག་པས་བང་རི་རིན་པོ་ཆེ་འཛིན་བཟུང་བྱས་རྗེས། ལོ་དེའི་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་ལྷ་སའི་ཉེན་རྟོག་པས་རིན་པོ་ཆེའི་སྲིང་མོ་བདེ་ཆེན་ཆོས་འཛོམས་ལགས་ཀྱང་འཛིན་བཟུང་བྱས་ཏེ་ཉིན་ ༩ རིང་བཀག་ཉར་བྱས་ཡོད་འདུག  དེ་བཞིན་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ཏེ་བང་རི་རིན་པོ་ཆེའི་གནད་དོན་དང་འབྲེལ་ནས་ཉུང་མཐར་མི་གྲངས་ ༢༣ འཛིན་བཟུང་བྱས་པའི་ཁྲོད་ནས། མི་ ༡༢ ལ་དུས་ཡུན་མི་འདྲ་བའི་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན་བོད་མི་བཀྲ་ཤིས་ཚེ་རིང་ཞུ་བ་ཞིག་གིས་རྒྱ་གཞུང་གི་འདྲི་རྩད་དང་མནར་གཅོད་ལ་མ་བཟོད་པར་ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༢ ཚེས་ ༨ ཉིན་རྒུ་རྩ་ལྟ་སྲུང་ཁང་དུ་རང་སྲོག་བཅད་པའི་གནས་ཚུལ་ཐོན་ཡོད་པ་རེད།

བང་རི་མཚམས་སྤྲུལ་རིན་པོ་ཆེ་མཆོག་ནི་བོད་ནང་ཆེན་དུ་སྐུ་འཁྲུངས་ཤིང་། ཁོང་གིས་ཕྱི་ལོ་ ༡༩༩༩ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནོར་གླིང་ཕོ་བྲང་གི་ཉེ་འདབས་སུ་ཆགས་པའི་རྒྱ་མཚོ་གྲོང་སྡེར་དྭ་ཕྲུག་རྣམས་ཀྱི་ཆེད་དུ་རྒྱ་མཚོ་དྭ་ཕྲུག་སློབ་གྲྭ་ཞེས་པ་ཞིག་གསར་འཛུགས་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་དང་ཁོང་གི་སྐུ་ཟླ་རྣམ་གཉིས་འཛིན་བཟུང་བྱས་པའི་རྗེས་ཏེ། ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༡༠ ཚེས་ ༡༧ ཉིན་དྭ་ཕྲུག་སློབ་གྲྭ་དེ་ཉིད་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་བྱས་ཏེ་སྒོ་བརྒྱབ་ཡོད་པ་མ་ཟད། སློབ་གྲྭ་དྭ་ཕྲུག་ ༥༩ ལྷག་ཡོད་པ་རྣམས་ཀྱང་ཕྱིར་འབུད་བཏང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist