མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཉིང་ཁྲིར་རང་ལོ་ ༨ ནས་ ༡༦ བར་གྱི་བྱིས་པ་ཚོར་དམག་སྦྱོང་སྤྲད།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཉིང་ཁྲི་ས་ཁུལ་དུ་གངས་ལྗོངས་ཁྲ་ཕྲུག་དམག་དོན་དབྱར་སྒར་ཟེར་བ་བཙུགས་ཏེ་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་སློབ་མ་གཙོ་བོར་གྱུར་བའི་རང་ལོ་ ༨ ནས་ ༡༦ བར་གྱི་བྱིས་པ་ཚོར་དམག་སྦྱོང་སྤྲད་ཡོད་འདུག

New military training camps for Tibet’s youth in Nyintri, Tibet

འདི་ལོའི་ལོ་འགོར་རྒྱ་ནག་གཞུང་གིས་བོད་ལྗོངས་རུང་ཧུའུ་རྒྱལ་སྲུང་སློབ་གསོའི་བློ་འདྲི་ཁང་ཟེར་བ་ཞིག་ཆེད་འཛུགས་བྱས་ཏེ། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༦ ཉིན་བོད་ཉིང་ཁྲི་ས་ཁུལ་བྲག་གསུམ་མཚོ་ཁུལ་དུ་གངས་ལྗོངས་ཁྲ་ཕྲུག་དམག་དོན་དབྱར་སྒར་ཞེས་པ་བཙུགས་ཡོད་པ་དང་། དབྱར་ཁའི་དམག་སྦྱོང་དེའི་ནང་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་རྣམས་གཙོ་བོར་གྱུར་བའི་རང་ལོ་ ༨ ནས་ ༡༦ བར་གྱི་སློབ་ཕྲུག་གྲངས་ ༡༠༠ ལྷག་བསྡུས་ཏེ་བདུན་ཕྲག་གཅིག་ལྷག་ཙམ་རིང་དམག་སྦྱོང་སྤྲད་ཡོད་འདུག་ལ། དམག་སྦྱོང་དེ་ས་བབ་གནམ་གཤིས་ལ་དཔག་པའི་འཆར་ཅན་གྱི་དབྱར་དགུན་སྦྱོང་བརྡར་ཞིག་ཆགས་ཀྱི་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་ལམ་དུ་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་། ཉེ་བའི་ལོ་ཤས་ནས་བཟུང་དབྱར་ཁའི་གུང་གསེང་དང་བསྟུན་ནས་བྱིས་པ་ཚོའི་དབྱར་ཁའི་གུང་གསེང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དམག་སྦྱོང་སྤྲོད་བཞིན་ཡོད་པ་དང་། དམག་སྦྱོང་སྤྲོད་མཁན་ཚོར་རྒྱ་ནག་ཀང་ཏུང་སོགས་ཀྱི་རྒྱལ་སྲུང་སློབ་གསོའི་དམག་སྦྱོང་ལྟེ་གནས་སུ་ཕྱིན་ནས་སྦྱོང་བརྡར་བྱས་ཡོད་པ་མ་ཟད། སྒྲིག་ཆས་དང་དམག་སྦྱོང་གི་ནང་དོན་སོགས་བཀོད་འདོམས་བྱས་ཏེ་རྨང་གཞི་བརྟན་པོ་བཞག་ཡོད་སྐོར་དང་། བྱིས་པ་ཚོར་ཆུང་དུས་ནས་རང་ཉིད་ལ་ཡིད་ཆེས་དང་རང་གཅུན། རང་འབད་བཅས་ཀྱི་བློ་སྟོབས་སྦྱོང་བརྡར་བྱེད་ཀྱི་ཡོད་ཚུལ་དང་། ད་དུང་དཀའ་སྡུག་མྱོང་བ་དང་སྒྲིག་ཁྲིམས་སྲུང་བ། བཀའ་སྲུང་དྭང་ལེན་བྱེད་པ་སོགས་ཀྱི་སྤྱོད་ཚུལ་ཆགས་པར་གདམ་ག་ཡག་ཤོས་ཤིག་ཡིན་སྐོར་བཤད་འདུག

New military training camps for Tibet’s youth in Nyiktri, Tibet

དབྱར་ཁའི་དམག་སྦྱོང་དེའི་ནང་ལོ་ཚད་རན་པའི་བྱིས་པ་རྣམས་ངེས་པར་དུ་ཞུགས་དགོས་ཀྱི་ཡོད་འདུག་ལ། དམག་སྦྱོང་སྤྲོད་རིན་ཡང་ལེན་གྱི་ཡོད་ཀྱང་དངུལ་གྱི་གྲངས་ཚད་ཁ་གསལ་མི་འདུག དེའི་སྐོར་ལ་བོད་ཁུལ་གྱི་གཞུང་འབྲེལ་གསར་ལམ་ནང་། ཐེངས་འདིའི་དབྱར་ཁའི་དམག་སྦྱོང་ནང་བྱིས་པ་ཁག་ཅིག་ཁྱིམ་ཚང་གི་ཆ་རྐྱེན་སོགས་ཀྱིས་ཞུགས་ཐུབ་མེད་སྟབས། བྱིས་པ་དེ་ཚོར་དམིགས་བསལ་གྱི་གཟིགས་སྐྱོང་དམག་སྦྱོང་ཟེར་བ་སྤྲོད་པའི་ཐབས་ལམ་སྤྱད་དེ། དམག་སྦྱོང་སྤྲོད་རིན་ཆག་ཡང་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག

འདི་ལོར་བཙུགས་པའི་བོད་ལྗོངས་རུང་ཧུའུ་རྒྱལ་སྲུང་སློབ་གསོའི་བློ་འདྲི་ཁང་ཟེར་བ་དེའི་ནང་དམག་སྒྱུར་ལས་བྱེད་པ་དང་དམག་ཞབས་སོགས་སུ་མི་གྲངས ༡༨ ཡོད་འདུག་ལ། བློ་འདྲི་ཁང་དེའི་དམིགས་ཡུལ་གཙོ་བོ་ནི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་འདུ་ཤེས་དང་རྒྱལ་སྲུང་འདུ་ཤེས་ཟེར་བ་མཐོ་རུ་གཏོང་རྒྱུ་དང་། གཞོན་ནུ་ལོ་ཆུང་གི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་རྒྱུ། དཀའ་སྤྱད་འབད་བརྩོན་གྱི་བསམ་བློ་དང་། མཐུན་སྒྲིལ་འདུ་ཤེས་སོགས་མཐོ་རུ་གཏོང་བ་སོགས་སྤྱི་ཚོགས་ཀྱི་འགན་འཁྲི་དྭང་དུ་ལེན་པའི་བསམ་བློ་ཡར་སྐུལ་སོགས་ཕན་སྐོར་དང་། ལྷག་པར་དུ་སློབ་གྲྭ་དང་ཁྱིམ་བདག་སོགས་ལ་ཞབས་འདེགས་ཞུ་ཐུབ་ཚུལ་སོགས་བསྒྲགས་འདུག

Junior Reserve Training Camps

སྤྱིར་བཏང་རྒྱ་ནག་གཞུང་གིས་སློབ་འབྲིང་ཁག་གི་ནང་དུས་ཐུང་དམག་སྦྱོང་སྔོན་ཆད་ནས་སྤྲོད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ལོའི་རྒྱལ་ཡོངས་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་དབྱར་དགུན་གྱི་གཞོན་ནུ་ལོ་ཆུང་གི་གྲ་སྒྲིག་སྦྱོང་བརྡར་དམག་སྒར་ཟེར་བ་ཆེད་འཛུགས་བྱས་ཏེ། ས་གནས་ཀྱི་གནས་བབ་ལ་གཞིགས་པའི་བདུན་ཕྲག་གཅིག་དང་ཟླ་ཕྱེད། ཟླ་གཅིག་སོགས་ལ་རྒྱལ་ཡོངས་ཀྱི་ན་གཞོན་ཁྲི་ ༣༠ ལ་ཉེ་བ་དང་། རང་ལོ་ ༦ ནས་ ༡༧ བར་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི་ ༡༢༥ ཙམ་ལ་དམག་སྦྱོང་དེ་སྤྲོད་ཀྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    བོད་ནང་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ཡོད་པའི་ཐོག་ནས་བོད་ཕྲུག་ཚོར་ཞི་དྲག་གི་སློབ་སྦྱོང་འཛམ་གླིང་སྤྱི་དང་མཐུན་པ་ག་འདྲ་ཞིག་སྤྲོད་ཀྱི་ཡོད་ཀྱང་དགའ་བསུ་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese