མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧི་མ་ཅལ་ནང་ཡོང་བར་ཏོག་དབྱིབས་ན་ཚ་མེད་པའི་བརྟག་འབྲས་ངེས་པར་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་བདུན་གཅིག་ཙམ་རིང་ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་ཡི་ཡོད་སྟབས། མངའ་སྡེ་གཞུང་ནས་ཏོག་དབྱིབས་ན་ཚ་མེད་པའི་བརྟག་འབྲས་དང་འགོག་ཁབ་བརྒྱབ་ཚར་མཁན་རྣམས་ཧི་མ་ཅལ་ནང་ཡོང་ཆོག་གི་ཡོད་སྐོར་བརྗོད་འདུག

HP Chief minister responding to press.

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཉེ་བའི་བདུན་ཕྲག་གཅིག་ཙམ་རིང་རྒྱ་གར་གྱི་མངའ་སྡེ་ཧི་མ་ཅལ་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བའི་མི་གྲངས་ཇེ་མང་དུ་ཕྱིན་ཡོད་སྟབས། དེ་རིང་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཇའེ་རམ་ཐ་ཀོར་མཆོག་གིས། ཧི་མ་ཅལ་མངའ་སྡེའི་ནང་ཡོང་མཁན་ཚོར་ཆུ་ཚོད་ ༧༢ ནང་ཚུད་ཀྱི་ཏོག་དབྱིབས་ནད་རྟགས་མེད་པའི་བརྟག་འབྲས་ངེས་པར་དགོས་ཀྱི་ཡོད་པའི་བཀའ་བཏང་ཡོད་པ་རེད།

ཧི་མ་ཅལ་མངའ་སྡེའི་སྤྱི་ཚོགས་བདེ་ཐང་དོ་དམ་ཚན་པས་བཀོད་ཁྱབ་གསར་བ་ཞིག་བཏང་བའི་ནང་། ཧི་མ་ཅལ་མངའ་སྡེའི་ནང་སྤྲོ་འཆམ་དུ་ཡོང་མཁན་ཚོར་ངེས་པར་ཆུ་ཚོད་ ༧༢ ལས་མ་བརྒལ་བའི་ཏོག་དབྱིབས་གཉན་རིམས་མེད་པའི་བརྟག་འབྲས་དགོས་ཀྱི་ཡོད། ཏོག་དབྱིབས་འགོག་ཁབ་ཚར་དང་པོ་བརྒྱབ་ཟིན་པ་དང་ཡང་ན་འགོག་ཁབ་གཉི་ག་བརྒྱབ་ཟིན་པ་རྣམས་ཡོང་ཆོག་གི་ཡོད། ཅེས་བརྗོད་པ་དང་། ཁ་སང་གཅིག་པུ་ཧི་མ་ཅལ་ནང་ཏོག་དབྱིབས་ནད་པ་གསར་བ་མི་གྲངས་ ༢༤༣ བྱུང་བ་དང་མི་ ༤ རྐྱེན་འདས་སུ་ཕྱིན་ཡོད་འདུག

ཧི་མ་ཅལ་གྱི་མངའ་སྡེ་བློན་ཆེན་ཇའེ་རམ་ཐ་ཀོར་མཆོག་གིས། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་སླར་ཡང་འཕྲད་ཀྱི་ཡོད་པས། ཟླ་འདིའི་ཕྱི་ཚེས་ ༩ ཉིན་མངའ་སྡེའི་བློན་ཆེན་ལྷན་ཚོགས་བགྱིས་ཏེ། ཏོག་དབྱིབས་འགོས་ཁྱབ་མཚམས་འཇོག་དང་འབྲེལ་བའི་དམ་དྲག་ཁག་ཅིག་བསྐྱར་དུ་སྤེལ་སྲིད་པ་རེད། ཅེས་བརྗོད་ཡོད་པ་དང་། ཟླ་སྔོན་མའི་ནང་ཧི་མ་ཅལ་མངའ་སྡེ་གཞུང་གིས་ས་མཚམས་སྒོ་འབྱེད་ཀྱིས་ཡུལ་སྐོར་བར་སྣེ་ལེན་བྱེད་པའི་མགོ་བརྩམས་པ་དང་སྐབས་དེར་མངའ་སྡེ་གཞུང་ནས་ཕྱི་ནས་ཡོང་མཁན་དག་ལ་ནད་མེད་བརྟག་འབྲས་དགོས་པའི་བཀའ་ཁྱབ་གང་ཡང་བཏང་མེད་པ་རེད་ལ། ཧི་མ་ཅལ་གྱི་ས་མཚམས་སྒོ་འབྱེད་བྱེད་དུས་ཧི་མ་ཅལ་ནང་ཁྱོན་ཏོག་དབྱིབས་ནད་པ་གཅིག་སྟོང་མ་ཟིན་ཙམ་ལས་མེད་པ་རེད།

ད་སྔ་བར་ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ཁྱོན་ ༢༠༦༥༨༩ བྱུང་ཡོད་པའི་ཁྲོད། མི་གྲངས་ ༣༥༢༣ རྐྱེན་འདས་སུ་ཕྱིན་ཞིང་། མི་གྲངས་ ༢༠༡༦༥༢ དྲག་སྐྱེད་བྱུང་ཡོད་པ་རེད། ད་ལྟ་ནད་པ་ཁྱོན་ ༡༤༡༤ ཡོད་པ་དང་ད་སྔ་བར་ཀང་རཱ་རྫོང་ཁོངས་སུ་ནད་པ་ཁྱོན་ ༤༦༤༠༠ བྱུང་སྟེ་ཧི་མ་ཅལ་མངའ་སྡེའི་ནད་པ་མང་ཤོས་ཀྱི་ས་ཁུལ་ཆགས་ཡོད་པ་དང་། ད་ལྟའི་ཆར་ཧི་མ་ཅལ་ནང་ཉིན་རེའི་ནད་པའི་གྲངས་འབོར་འཕེལ་ཚད་མྱུར་མོ་མིན་ནའང་། རིམ་བཞིན་ནད་པ་ཇེ་མང་དུ་འགྲོ་ཡི་ཡོད་པའི་ཉེན་ཁའི་འོག་གཞུང་ངོས་ནས་ཏོག་དབྱིབས་དང་འབྲེལ་དམ་དྲག་བཀོད་ཁྱབ་ཁག་ཅིག་གཏོང་འཆར་གནང་གི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist