མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་ཕྲག་ནང་བོད་མི་ཏོག་དབྱིབས་ནད་པ་ཇེ་མང་དུ་སོང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་དང་བལ་ཡུལ་ནང་བོད་མི་ཏོག་དབྱིབས་ནད་པ་གསར་པ་ ༢༣༢ བྱུང་བའི་ཁྲོད་ནས་ལོ་ན་མཐོ་ཤོས་ ༩༢ དང་ལོ་ན་ཆུང་ཤོས་ཟླ་བ་གཅིག་ཙམ་ཡིན་ཞིང་བོད་མི་ ༢ འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༡ པ་ལྟར་ན། བདུན་ཕྲག་སྔ་མའི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་གསར་པ་ཕོག་པའི་བོད་མི་ ༢༣༢ བྱུང་བའི་ཁྲོད་ནས་ལོ་ན་མཐོ་ཤོས་ ༩༢ དང་ལོ་ན་ཆུང་ཤོས་ཟླ་བ་གཅིག་ཙམ་ཡིན་པ་དང་། བོད་མི་ ༢ འདས་གྲོངས་སུ་ཕྱིན་ཡོད་འདུག ད་ལྟ་བར་དུ་རྒྱ་གར་དང་བལ་ཡུལ་ནང་བོད་མི་ཏོག་དབྱིབས་ནད་པ་ ༥༩༤༨ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༥༣༥༤་དང་། རྐྱེན་འདས་སུ་ཕྱིན་པ་ ༡༤༠། ཏོག་ནད་ཀྱིས་མནར་བཞིན་པ་ ༤༥༤ ཡོད་འདུག

ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ལས་བསྡོམས་ལྟར་ན། རྒྱ་གར་ནང་གི་བོད་མི་འབུམ་ ༢ (༢༡༡།༠༠༧)ལྷག་ལ་འགོག་ཁབ་དང་པོ་ཐོབ་ཡོད་པ་དང་། བོད་མི་ ༢༨། ༧༢༦ ལ་འགོག་ཁབ་གཉིས་པ་ཐོབ་ཡོད་འདུག བལ་ཡུལ་ནང་གི་བོད་མི་གྲངས་ ༢༠༣༩ ལ་ Johson and Johnson ཡི་འགོག་ཁབ་ཐོབ་ཡོོད་པ་དང་།   བོད་མི་ ༨༣༡ ལ་ (COVID SHIED) ཡི་འགོག་ཁབ་དང་པོ་ཐོབ་འདུག དེ་བཞིན། འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ དང་བལ་ཡུལ་ནང་དུ་ས་གནས་གྲངས་ ༦ ལ་རང་ཁྱིམ་དུ་ཟུར་བཀག་ལ་འདུག་མཁན་བོད་མི་གྲངས་ ༨༨༠ དང་ཚོགས་སྡེའི་ཟུར་བཀག་ནང་འདུག་མཁན་མི་གྲངས་ ༧༥ བྱུང་ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས། ཉེ་སྔོན་ཏོག་དབྱིབས་རིམས་ནད་ཕོག་ནས་དྲག་སྐྱེད་བྱུང་ཟིན་ནའང་། མུ་མཐུད་ནད་རྟགས་ལྷག་སྟེ་གཟུགས་པོ་ཐང་ཆད་པ་དང་། དབུགས་གཏོང་ལེན་ལ་དཀའ་ངལ་ཡོད་པ། ཚ་བ་འཕར་བ། གློ་བ་དྲག་སྐྱེད་མ་བྱུང་བ་འདུག་པས། ཚང་མས་སོ་སོའི་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ། ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་ཚེ་སྣང་མེད་དུ་མ་བཞག་པར། བོད་ལུགས་དང་ཕྱི་ལུགས་ཀྱི་སྨན་པར་བསྟེན་གཏུགས་དང་། གཟུགས་གཞི་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་ལམ་སྟོན་གནང་འདུག

ཡང་ཕྱི་ལུགས་སྨན་པ་བརྩོན་འགྲུས་ལགས་ཀྱིས། སྤྱིར་རྒྱ་གར་ནང་གི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཡག་པོ་ཆགས་ཀྱི་ཡོད་ཀྱང་།  མ་ཧཱ་རཱ་ཤི་ཊ (Maharashtra) དང་ཀེ་རཱ་ལ་ ( kerala)  གཉིས་ཀྱི་གནས་སྟངས་ཡག་པོ་མེད་པ་རེད། དེ་བཞིན་ཧི་མ་ཅལ་ལ་མཚོན་ན་ཏོག་དབྱིབས་ནད་པ་མི་གྲངས་ ༢༤༣ གསར་དུ་ཐོན་ཡོད་པ་དང་། མི་གྲངས་ ༤ རྐྱེན་འདས་སུ་ཕྱིན་ཏེ་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པས། ཧི་མ་ཅལ་མངའ་སྡེ་རུ་ཡོང་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཆུ་ཚོད་ ༧༢ ནང་ཚུད་ཀྱི་ཏོག་དབྱིབས་ནད་རྟགས་མེད་པའི་བརྟག་དཔྱད་གྲུབ་འབྲས་དགོས་པ་དང་། མེག་ལོར་ཁུལ་དུ་ཕྱི་ལོག་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཡོང་གི་ཡོད་སྟབས། ཐང་ཁྲོམ་གཉེར་མཁན་དང་། ཟ་ཁང་གཉེར་མཁན་གྱི་བོད་མི་ཚོས་ཁ་རས་ཡག་པོ་གྱོན་ནས་སོ་སོས་གཟབ་གཟབ་བྱ་དགོས་སྐོར་དང་།  ཏོག་དབྱིབས་ནད་རྟགས་ཐོན་ཡང་། ཏོག་དབྱིབས་འགོག་ཁབ་བརྒྱབ་ཡོད་ཚེ་བདེ་འཇགས་ཆེ་བ་དང་ལྷག་པར་ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་དེ་ལ་འགོག་ཁབ་སྨན་ནུས་ཆེན་པོ་ཡོད་པས། འགོག་ཁབ་སྐྱོན་མེད་མཁན་ཚོས་ངེས་པར་དུ་འགོག་ཁབ་བརྒྱག་དགོས་པ་རེད་ཅེས་འབོད་སྐུལ་གནང་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ང་ཚོ་ནི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འབྲངས་ཡིན་པ་ནས་ད་ལྟའི་ཏོག་དབྱིབས་ནད་ཡམས་འདི་ཞི་བའི་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་གི་འགན་ཁུར་འོག་བོད་མིའི་གཞིས་སྒར་ཚང་མའི་ནང་མ་མོའི་འཁྲུགས་བསྐོང་དང་ལན་ཆགས་གཏོར་མ་གང་མང་བསོག་སྒྲུབ་དགོས་པའི་འབོད་བསྐུལ་སྙན་སེང་དུ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese