མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་རིམ་བཅུ་པའི་ནང་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་བོད་རིགས་སློབ་མ་ ༦ འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

 འདི་ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་འཛིན་རིམ་བཅུ་པའི་སྲིད་སྐྱོང་གི་གཟེངས་རྟགས་ཐོབ་མཁན་མ་སུ་རི་བོད་ཁྱིམ་ནས་སློབ་མ་ ༤ དང་སྦེལ་ཀོབ་སམ་བྷོ་ཊ་ནས་ ༢ བཅས་བོད་རིགས་སློབ་མ་ ༦ བྱུང་ཡོད་འདུག

དབུས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་བ་ལྟར་ན། འདི་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཁྲོད་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༧ གྱི་སློབ་མ་གྲངས་ ༡༢༢༦ མཉམ་ཞུགས་བྱས་ཏེ། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༦༢། ༨༧ ཟིན་ཡོད་པ་རེད། དེ་བཞིན་སློབ་གྲྭ་ཁག་ ༡༠ ཡི་སློབ་མ་གྲངས་ ༢༩ ཡིས་བརྒྱ་ཆ་ ༩༠ དང་དགུ་བཅུ་ལས་ཡན་བླངས་ཡོད་པ་དང་། སློབ་མ་གྲངས་ ༡༠ ཡིས་བརྒྱ་ཆ་ ༩༥ དང་གོ་ལྔའི་ཡན་བླངས་ཡོད་པའི་ཁྲོད་ནས་མ་སུ་རི་བོད་ཁྱིམ་གྱི་བོད་རིགས་སློབ་མ་ ༤ དང་སྦེལ་ཀོབ་སམ་བྷོ་ཊའི་བོད་རིགས་སློབ་མ་ ༢ བཅས་ཁྱོན་སློབ་མ་ ༦ ལ་སྲིད་སྐྱོང་གཟེངས་རྟགས་ཐོབ་ཡོད་པ་རེད།

འདི་ལོར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེན་ཕྱིན་པའི་རྐྱེན་གྱིས། ལོ་འཆར་ཅན་ལྟར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་དངོས་སུ་བཏང་ཐུབ་མེད་པ་རེད། འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ། རྒྱ་གར་ཤེས་ཡོོན་ལྷན་ཁང་གི་ལམ་སྟོན་འོག  འཛིན་བཅུ་པའི་ཡིག་ཚད་ཁག་ལས་བརྒྱ་ཆ་ ༡༠། ལོ་ཕྱེད་ཀྱི་ཡིག་རྒྱུགས་ནས་བརྒྱ་ཆ་ ༣༠། འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཀྱི་སྔོན་འགྲོའི་ཡིག་རྒྱུགས་ནས་བརྒྱ་ཆ་ ༤༠ དང་། ནང་ལས་སོགས་ཀྱི་བརྒྱ་ཆ་ ༢༠ ཡིས་འཐུས་པར་བྱས་ཡོད་པ་རེད།

སྤྱི་ལོ་ ༢༠༢༠ ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་བོད་པའི་སློབ་གྲྭ་ཁག  ༢༧ གྱི་སློབ་མ་གྲངས་ ༡༡༥༤ ཡིས་འཛུལ་ཞུགས་བྱས་ཏེ།  སློབ་མ་གྲངས་ ༡༠༨༡ གིས་ཡིག་རྒྱུགས་འཕྲོད་ཡོད་པ་དང་། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༣ ། ༦༧ ཡིན་འདུག ༢༠༢༠ དང་ ༢༠༢༡ གཉིས་བསྡུར་ན་འདི་ལོར་རྒྱུགས་ཞུགས་སློབ་མ་ཅུང་མང་བ་ཡོད་པ་དང་། འདི་ལོར་བརྒྱ་ཆ་ ༩༠ དང་དེའི་བརྒལ་བ་ལེན་མཁན་སློབ་མ་བཅུ་ཇེ་མང་དུ་ཕྱིན་ཡོད་འདུག

འདི་ལོར་འཛིན་རིམ་ ༡༢ པའི་ནང་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་སློབ་མ་ ༢༧ དང་འཛིན་རིམ་བཅུ་པའི་ནང་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་སློབ་མ་ ༦ བཅས་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་མང་ཤོས་ཆགས་ཡོད་པ་དང་། སྤྱི་ཚོགས་ནང་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་རྣམས་ལ་སྔར་རྒྱུན་ལྟར་གཟེངས་རྟགས་གནང་རྒྱུ་མིན་ཐོག་གླེང་སློང་བྱེད་མཁན་གང་ཙམ་ཡོད་སྟབས། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་གཟེངས་རྟགས་ཆེད་ད་ལྟའི་ཆར་སྔོན་རྩིས་བཀའ་འཁྲོལ་འབུམ་ ༡༠ ཡས་མས་མ་གཏོགས་མེད་ཀྱང་། སྒྲིག་གཞི་གཞིར་བཟུང་སློབ་མ་རེར་ཧིན་སྒོར་འབུམ་གཅིག་རེ་སྤྲོད་དགོས་ཀྱི་ཡོད་སྟབས་འདང་གི་མེད་པ་རེད། དེར་བརྟེན་རོགས་ཚོགས་གསར་པ་དེ་འདྲ་རག་གི་ཡོད་ན། སྔོན་རྩིས་བཀའ་འཁྲོལ་གྱི་སྒྲིག་གཞི་དོན་ཚན་ ༧ པའི་ལྔ་པ་གཞིར་བཟུང་བཀའ་འཁྲོལ་ཞུ་རྒྱུ་ཡོད་པ་རེད། དེར་བརྟེན་ད་ལྟའི་ཆར་ཁྲིམས་སྒྲིག་དང་མཐུན་གྱི་ཡོད་ན་མ་དངུལ་འབུམ་ ༡༠ ཡས་མས་ཡོད་པ་དེ་སློབ་ཕྲུག་རྣམས་ལ་བགོ་བཤའ་བརྒྱབ་རྒྱུ་དང་། གལ་ཏེ་དེ་ལྟར་མེད་ཚེ་གྲོས་ཚོགས་མ་འཚོག་བར་དུ་སྒུག་སྟེ་གཟེངས་ཐོན་སློབ་མ་རྣམས་ལ་གཟེངས་རྟགས་འབུལ་འཆར་ཡོད་སྐོར་གསུངས་སོང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༡༩ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

མཆན། 1

  1. ཕུན་ཚོགས། says:
    ལོ་ 5 སྔོན།

    སྲིད་ཟུར་མེད་ན་ཚར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese