མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་ཟློས་གར་ཚོགས་པས་མོན་གྱི་སློབ་མ་ཚོར་རིག་གཞུང་ཟབ་སྦྱོང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་ནས་འདི་ལོའི་དབྱར་སྐྱིད་ཀྱི་གཞས་སྣ་འགྲན་སྡུར་བྱས་ཏེ་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་འདུག

Sikyong Penpa Tsering of the Central Tibetan Administration with artists of TIPA’s Ngonpa House, the winners of Yarkyi 2021. Photo/ Jamphel Sherab/TIPA

ཁ་སང་རེས་གཟའ་ལྷག་པའི་ཉིན་དྷ་རམ་ས་ལར་ཡོད་པའི་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་མི་ལོ་ ༦༢ འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱིང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རུ་ཎ་ཅལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་དབུ་འཛིན་འཇམ་དཔལ་དབང་འདུས་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། དེ་བཞིན་རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་དང་ལྷན་ཁང་ཁག་ཅིག་དྲུང་ཆེ་རྣམ་པ་སོགས་ལྷན་འཛོམས་ཐོག བོད་ཀྱི་ཟློས་གར་ཁང་གི་རྒྱ་ལུ་རུ་ཁག་དང་། རྔོན་པ་རུ་ཁག་གཉིས་ཀྱི་བར་རྐྱང་གཞས་དང་། འཁྲབ་གཞས། མཉམ་གཞས་བཅས་ཀྱི་འགྲན་སྡུར་གནང་སྟེ་རྔོན་པའི་རུ་ཁག་ལ་༢༠༢༡ ལོའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ་ཡོད་འདུག

སྐབས་དེར་དམིགས་བསལ་སྐུ་མགྲོན་འཇམ་དཔལ་དབང་འདུས་ལགས་ཀྱིས། ཨ་རུ་ཎ་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གནང་བའི་འཚམས་འདྲིའི་ཡི་གེ་སྒྲོགས་སྦྱང་གནང་བའི་ནང་། ཉེ་ཆར་བོད་ཀྱི་ཟློས་གར་ཁང་དུ་མོན་གྱི་སློབ་མ་མང་པོ་ཞིག་ལ་མོན་གྱི་རིག་གཞུང་མི་ཉམས་སླད་དུ་ཟླ་བ་གསུམ་གྱི་རིང་གླུ་གར་དང་རོལ་མོ་སོགས་ཟབ་སྦྱོང་སྤྲོད་ཀྱི་ཡོད་པར། ང་ཚོས་གོ་སྐབས་བཟང་པོ་ཞིག་ལ་བརྩི་ཡི་ཡོད་པ་དང་། མོན་གྱི་མི་མང་ཚོས་ཀྱང་དེར་བསྔགས་བརྗོད་དང་དགའ་མོས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཉེ་ལམ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་འཕྲད་སྐབས། ཁོང་གིས་མུ་མཐུད་དུ་ང་ཚོར་རྒྱབ་སྐྱོར་གནང་རྒྱུ་ཞལ་བཞེས་ཐོབ་པར། ངས་ཨ་རུ་ཎ་ཅལ་གྱི་མི་མང་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཞེས་སོགས་གསུངས་ཡོད་པ་རེད།

Chief Guest Sikyong Penpa Tsering and Special Guest Shri Jambay Wangdi with other guests at the annual Yarkyi festival 2021. Photo/Jamphel Sherab/TIPA

དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་ཟློས་གར་ཚོགས་པའི་རྩ་འཛིན་བསླབ་གཞི་དེབ་ཕྲེང་གསུམ་དང་ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་མཛད་རྣམ་འཁྲབ་གཞུང་གི་དཔེ་དེབ་ཅིག་དབུ་འབྱེད་གནང་བ་དང་། དེ་བཞིན་རྔོན་པའི་རུ་ཁག་ལ་རྒྱལ་ཁ་ཐོབ་པར་བྱ་དགའ་གནང་ཡོད་པ་དང་སྦྲགས། བོད་དང་ཧི་མ་ལ་ཡའི་ཆོས་རིག་དང་། སྨན་གཞུང་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་འབྲེལ་ལམ་གསར་དུ་འཛུགས་རྒྱུའི་གནས་སྟངས་ཀྱང་མང་པོ་ཞིག་ཆགས་ཡོད་པ་རེད། ལྷག་པར་༧ སྤྱི་ནོར་༧གོང་ས་མཆོག་དང་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱི་བཀའ་དྲིན་ལས། བྱེས་ཀྱི་བོད་དགོན་མང་པོ་ཞིག་ལ་ཧི་མ་ལ་ཡའི་གྲྭ་བཙུན་མང་པོ་ཞིག་ལ་བསླབ་པ་སློབ་གཉེར་གྱི་གོ་སྐབས་ཐོབ་ཀྱི་ཡོད་པ་ལྟར། ཚང་མས་མགོན་པོ་གང་གི་བཀའ་དྲིན་དྲན་དགོས་སྐོར་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། གྲོས་ཚོགས་འཚོགས་མ་ཐུབ་པའི་རྐྱེན་གྱིས་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་མང་དག་ཅིག་གིས་སེམས་འཚབ་གནང་བཞིན་ཡོད་པ་དང་། གཞིས་བཞུགས་བོད་མི་ཚོས་ཀྱང་སེམས་འཚབ་ཆེན་པོ་བྱེད་ཀྱི་འདུག རྒྱ་ནག་གཞུང་གི་ངོས་ནས་གནས་སྟངས་འདི་དག་གཞི་ལ་བཞག་ནས་བེད་སྤྱོད་ལོག་པ་གཏོང་མུས་ཡིན་པ་རེད། དེ་བཞིན་ང་ཚོར་ལུང་པ་མེད་པ་དང་། ས་ལག་མཐིལ་ཙམ་ཡང་མེད་ཀྱང་། ང་ཚོས་ཕན་ཚུན་མ་མཐུན་པར་ནང་འཁྲུག་བྱེད་མུས་ཡིན་པ་མ་ཟད། ང་ཚོའི་ཁ་གཏད་ཀྱི་དགྲ་བོ་ནི་རྒྱ་ནག་ཆགས་བསྡད་ཡོད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་སྐབས་སུ་ང་ཚོས་སྔར་ལས་ལྷག་པའི་གོང་བུ་གཅིག་ཏུ་སྒྲིལ་དགོས་ཀྱང་། འདི་འདྲའི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་པས་ང་ཚོར་སེམས་ཚབས་ཡོད། ཅེས་སོགས་གསུངས་འདུག

དཔལ་ལྡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist