མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་ཚེ་བརྟན་གྱི་ཕྱི་མི་ཞེས་པའི་གློག་བརྙན་གསར་བ་ཞིག་ལ་ཕབ་བསྐྲུན་གྱི་ཆོག་མཆན་ཐོབ་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་གསར་བ་ཕྱི་མི་ཞེས་པར་རྒྱ་ནག་གཞུང་གིས་ཆོག་མཆན་ཐོབ་ཡོད་སྟབས། ཕྱི་མི་ཞེས་པའི་གློག་བརྙན་ཕབ་བསྐྲུན་བྱ་འཆར་ཡོད་འདུག

པདྨ་ཚེ་བརྟན། བོད་རིགས་གློག་བརྙན་འཁྲབ་འཁྲིད་པ།

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་གིས་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱ་ནག་གཞུང་གི་ཞིབ་དཔྱོད་ལས་ཁུངས་ཟེར་བས། བོད་ཀྱི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་ཕྱི་མི་ (Stranger)  ཞེས་པའི་གློག་བརྙན་གསར་པ་ཞིག་འཁྲབ་འཁྲིད་བྱས་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་། གློག་བརྙན་དེ་ནི་ཕྱི་ལོ་ ༢༠༡༣ ཙམ་ནས་པདྨ་ཚེ་བརྟན་གྱིས་ཕབ་བསྐྲུན་བྱེད་པར་རེ་སྒུག་བྱས་པ་ཞིག་ཡིན་པ་རེད།

དེ་འབྲེལ་གནས་ཚུལ་ནང་། རྒྱ་ནག་གི་གློག་བརྙན་ཞིབ་དཔྱོད་གཞུང་ལས་ཁང་ཟེར་བས་པདྨ་ཚེ་བརྟན་གྱི་ཕྱི་མི་ཞེས་པའི་གློག་བརྙན་གྱི་འཁྲབ་གཞུང་བརྩམས་ཆོས་ལ་ཞིབ་བཤེར་བྱས་རྗེས། གློག་བརྙན་ཕབ་བསྐྲུན་ཆོག་པའི་ཆོག་མཆན་སྤྲད་ཡོད་སྐོར་བརྗོད་འདུག་པ་དང་། ཕྱི་མི་ཞེས་པའི་གློག་བརྙན་དེའི་བརྗོད་དོན་གཙོ་བོ་ནི། མི་ཞིག་གིས་འཛམ་གླིང་ནང་སྐད་གྲགས་ཆེ་བའི་ཧར་ལེ་ (Harley) བཟོ་ཚོང་ཁང་གི་འཕྲུལ་རྟ་ཞིག་ཞོན་ཏེ། ནང་པའི་ཆོས་གཞུང་གི་སྒྲོལ་མ་ཉེར་གཅིག་གི་ཕ་ས་སྟེ། བོད་པའི་གྲོང་གསེབ་ཆུང་ཆུང་ཞིག་ནས་སྒྲོལ་མ་ཟེར་བའི་བུ་མོ་ཞིག་འཚོལ་གྱི་ཡོད་མོད། ཁོ་བོ་སྒྲོལ་མ་ཟེར་བའི་བུ་མོ་མང་པོར་ཐུག་ཀྱང་། རང་ཉིད་ཀྱིས་འཚོལ་བཞིན་པའི་སྒྲོལ་མ་ཟེར་བའི་བུ་མོ་ཞིག་ལ་ཐུག་མ་ཐུབ་པའི་སྐོར་ཞིག་ཡིན་པ་རེད་ལ། ད་ལྟ་གློག་བརྙན་དེ་ག་དུས་ནས་ཕབ་བསྐྲུན་བྱ་རྒྱུ་ཡིན་པ་དང་ག་དུས་ཤིག་ལ་རྒྱ་ཆེ་མང་ཚོགས་ཀྱི་མིག་སྔར་སྟོན་ཐུབ་མིན་ཁ་གསལ་གང་ཡང་མེད་པ་རེད།

ད་རེས་ནི་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ཕབ་བསྐྲུན་ལ་ཆོག་མཆན་ཐོབ་མིན་སྐོར་གྱི་གནས་ཚུལ་ཐོག་མ་ལྟ་བུ་ཆགས་ཀྱི་ཡོད་ཅིང་། པདྨ་ཚེ་བརྟན་བོད་སྐད་གློག་བརྙན་འཁྲབ་འཁྲིད་པ་ཞིག་ནས་རྒྱ་སྐད་ལ་མ་བརྟེན་ཐབས་མེད་ཀྱི་འཁྲབ་འཁྲིད་པ་ཞིག་ཏུ་གྱུར་ཏེ། ད་བར་ཁོ་བོའི་གློག་བརྙན་བརྩམས་ཆོས་ཁག་གི་བརྗོད་དོན་དང་འཕེལ་འགྲིལ། འགྱུར་ལྡོག་བཅས་ཀྱི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་དབྱིངས་དང་བཅར་འདྲི་རིམ་པ་བྱས་ཡོད་ལ། ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་ནེའུ་ཡོག་དུས་བབ་སྟེང་བཀོད་པའི་རྩོམ་ཞིག་གི་ནང་། ལོ་དེའི་ཕྱི་ཟླ་ ༥ ཡས་མས་སུ་བཅར་འདྲི་ཞིག་གི་སྟེང་པདྨ་ཚེ་བརྟན་གྱིས།  ངས་བརྩམས་པའི་འཁྲབ་གཞུང་དག་མི་གཞན་ཞིག་གིས་བོད་སྐད་དུ་བསྒྱུར་དགོས་ཀྱི་ཡོད་དུས་པ་མཐོང་དུས། ངའི་སེམས་ནས་བདེ་མོ་ཞིག་མ་རེད། ཅེས་རང་གི་བོད་ཡིག་གི་ཆུ་ཚད་ཞན་པོ་ཡོད་པར་གྱོད་སེམས་བསྟན་ཡོད་པ་རེད།

ཡང་ཕྱི་ལོ་ ༢༠༡༦ ལོར་པདྨ་ཚེ་བརྟན་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་ཟི་ལིང་གྲོང་ཁྱེར་གྱི་གནམ་གྲུ་འབབ་ཚིགས་སུ་འབྱོར་རྗེས།  གནམ་གྲུ་འབབ་ཚིགས་ནས་དྲུད་སྒམ་ལྷག་སྟེ་ཕྱིར་ལེན་དུ་འགྲོ་སྐབས། གནམ་ཐང་གི་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་མིང་འོག གནམ་ཐང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་གནམ་ཐང་མངག་གཏོང་ཁང་དུ་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་བཅུག་སྟེ་འདྲི་རྩད་གཅར་རྡུང་བཏང་བར་བརྟེན། ཁོང་མགོ་ཡོམ་འཁོར་བ་དང་བྲང་གཟེར་བ། ཡན་ལག་སྦྲིད་པ་སོགས་བྱས་ནས་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་པ་དང་། སྨན་བཅོས་བྱས་རྗེས་ལུས་སྟེང་དུ་སྔོག་ཐིག་མང་པོ་ཡོད་པ་མ་ཟད། རྨ་ཤུལ་ཚབས་ཆེན་བཟོས་ཡོད་འདུག

ཉེ་བའི་ལོ་རིམ་པའི་ནང་པདྨ་ཚེ་བརྟན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཐོན་ཞིང་བོད་ཀྱི་སྤྱི་ཚོགས་གནས་བབ་མཚོན་པའི་བརྩམས་ཆོས་དྲི་མ་ཡལ་བ་ཁག་ཅིག་ཁྱབ་སྤེལ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་གྲོང་ཁྱེར་ཧྥོ་ཧྲན་ནང་ཕྱི་ལོ་ ༢༠༢༠ ལོའི་ལྷོ་ཕྱོགས་རྩོམ་རིག་བྱ་དགའ་ཆེན་མོ་སྤྲོད་པའི་མཛད་སྒོའི་ཐོག་པདྨ་ཚེ་བརྟན་ལགས་ཀྱི་རྒྱ་ཡིག་གི་སྒྲུང་གཏམ་ཧྲགས་བསྡུས་ཨོ་རྒྱན་གྱི་སོ་ཞེས་པར་ལོ་འཁོར་གྱི་བརྩམས་སྒྲུང་པ་ཞེས་པའི་བྱ་དགའ་ཐོབ་ཡོད་ལ། དེ་ནི་ད་ནས་རྩིས་པའི་པདྨ་ཚེ་བརྟན་ཕྱི་གསལ་ནང་གསལ་སྡིངས་ཆ་ཞིག་གི་སྟེང་ཐོན་པ་གསར་ཤོས་དེ་ཡིན་པ་རེད།

པདྨ་ཚེ་བརྟན་གྱི་བརྩམས་ཆོས་ལས་བྱུང་བའི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར། དེ་བཞིན། དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝཱ་ནེ་སི་(Venice) དང་། ཨ་རིའི་བྷིར་ཀི་ལིན་(Brooklyn) གློག་བརྙན་དུས་སྟོན། དེ་བཞིན་ཐའེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་ཁྱབ་ཁོངས་འདྲ་མིན་གྱི་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ནི་བོད་མི་གློག་བརྙན་འཁྲབ་འཁྲིད་པ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུར་སྤོབས་པ་ཡོད་ཅེས་གསུངས།

༢༠༢༦/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese