མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནས་བོད་ལ་འགྲོ་མཁན་ཚོའི་ཐོངས་མཆན་ལེན་སྟངས་ལ་འགྱུར་བ་ཅུང་ཐེབས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནས་བོད་ལ་འགྲོ་མཁན་ཚོས་སྐྱབས་བཅོལ་ཡིག་ཆ་དང་སྡོད་གནས་ཁ་བྱང་སོགས་བོད་ལ་བཏང་ནས་རྫོང་ཕྱིར་སྡོད་བོད་མིའི་གཞུང་ལས་ཁང་ཟེར་བ་དེས་ཡིག་ཆ་བཟོ་ཡོང་གི་ཡོད་འདུག

Overseas Chinese Affairs Office of the State Council. Image:Tibettimes.net

ཕྱི་ལོ་༢༠༢༠ཟླ་༣ཙམ་ནས་བཟུང་རྒྱ་གར་རྒྱལ་ཡོངས་ནང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་༡༩་པ་རྒྱ་ཁྱབ་ཏུ་ཕྱིན་པའི་མགོ་བརྩམས་པར་བརྟེན། རྒྱ་གར་རྒྱལ་ཡོངས་ནང་ཐེམ་སྤང་བཀའ་རྒྱ་རིམ་པར་བསྒྲགས་དགོས་བྱུང་བ་དང་འགྲོ་འོང་བཀག་སྡོམ་ད་ལྟའང་ཡོངས་སུ་ཀློད་མེད་པའི་གནས་སྟངས་འོག་ཡོད་ལ། རྒྱ་གར་ནང་གནས་སྡོད་བོད་མིའི་ཁྲོད་བོད་དུ་འགྲོ་འདོད་འདུག་ཀྱང་། དེང་སང་བོད་ལ་གཉེན་འཕྲད་སོགས་སུ་འགྲོ་ཐུབ་ཀྱི་ཡོད་མེད་སྐོར་སྐད་ཆ་དྲི་མཁན་མི་ཉུང་བ་ཞིག་འདུག

ཉིན་ཤས་སྔོན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ལ་བོད་དུ་འགྲོ་བའི་ཐོངས་མཆན་སྤྲོད་ཀྱི་ཡོད་མེད་དྲིས་པར་ཁོ་ཚོས། ལྡི་ལི་གཞུང་ཚབ་ཁང་ནས་སྔར་གྱི་གཉེན་འཕྲད་སོགས་སུ་འགྲོ་བའི་ཡིག་ཆ་ད་དུང་ལོ་གཅིག་ཙམ་ལ་བཟོ་རྒྱུ་མིན་སྐོར་དང་། བོད་ལ་འགྲོ་འདོད་ཡོད་ཚེ། ཕ་ཡུལ་གྱི་ནང་མི་སྤུན་མཆེད་ནས་རྒྱ་གར་ནས་ཡོང་མཁན་གྱི་ད་ལྟའི་སྡོད་གནས་དང་ཁ་པར་ཨང་གྲངས་སོགས་གནས་ཚུལ་ཞིབ་ཕྲ་སྤྲད་དེ་ཐོ་འགོད་བྱེད་དགོས་པ་དང་། ཐོ་འགོད་བྱེད་ས་ནི། ས་གནས་སོ་སོའི་རྫོང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་ཟེར་བ་ཞིག་བཙུགས་ཡོད་པ་དེར་ཐོ་འགོད་བྱེད་དགོས་པ་དང་། ལས་ཁུངས་དེས་གློག་འཕྲིན་བརྒྱུད་ནས་ལྡི་ལིའི་རྒྱ་ནག་གཞུང་འཚབ་ཁང་ལ་ཡིག་ཆ་གཏོང་བ་དང་། དེ་ནས་གཞུང་ཚབ་ཁང་གིས་མི་དེར་འབྲེལ་གཏུག་བྱེད་ཡོང་གི་ཡོད་འདུག་ལ། འབྲེལ་ཡོད་ཐོངས་མཆན་ཞུ་མཁན་ཁག་ཅིག་ནས་ལས་ཁང་དེ་བརྒྱུད་ནས་ཡིག་ཆ་ཐོབ་མཁན་ཚོ་བོད་ནང་གཏན་སྡོད་བྱས་ཏེ། ཕྱིར་རྒྱ་གར་ནང་ལོག་ཆོག་གི་མེད་སྐོར་ཡང་བརྗོད་བྱུང་།

སྔོན་མ་ཡིན་ན་རྒྱ་གར་ནང་གནས་སྡོད་བོད་མི་བོད་ལ་གཏན་དུ་འགྲོ་ལོག་མཁན་དང་གཉེན་འཕྲད་དུ་འགྲོ་མཁན་ཚོ་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཕྱིན་ཏེ། སོ་སོའི་ད་ལྟའི་སྡོད་གནས་ཁ་བྱང་དང་བོད་དུ་ཡོད་པའི་སྤུན་ཆེད་སོགས་ཀྱི་ཁ་པར་ཨང་གྲངས་དང་ཁ་བྱང་སོགས་ཁ་གསལ་སྤྲད་རྗེས། ཉུང་མཐར་ཟླ་བ་བཞི་ཡས་མས་ཀྱི་རྗེས་ནས་ཡིག་ཆ་རག་མིན་གསལ་པོ་ཆགས་ཐུབ་ཀྱི་ཡོད་ལ། བོད་ནང་ནས་ལས་དོན་དེ་དག་ཞིང་ཆེན་དང་ཁུལ། གྲོང་ཁྱེར་རིམ་པའི་ནང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་ཟེར་བ་ཞིག་བཙུགས་ཡོད་པ་དེས་བྱེད་ཀྱི་ཡོད་འདུག

འདས་པའི་ལོ་མང་རིང་བཙན་བྱོལ་ནང་སློབ་གཉེར་བྱས་ཡོད་པ་དང་། ད་ལྟ་བསླབ་པ་མཐར་སོན་ཏེ་ཕྱིར་བོད་དུ་ལོག་པའི་ཐོངས་མཆན་རག་ཡོད་པའི་བོད་མི་ཁག་ཅིག་ལ་འདི་གའི་གསར་འགོད་པས་སྐད་ཆ་དྲིས་དུས། ཕ་མ་རྣམས་དགུང་ལོ་མཐོན་པོ་ཆགས་ཡོད་པ་དང་། ག་དུས་ཡིན་ནའང་ལོག་ཤོག་ལབ་ཀྱི་འདུག  དེར་བརྟེན་ད་ལོ་གོ་སྐབས་འདི་བརྒྱུད་ནས་བོད་ལ་འགྲོ་འཆར་ཡོད། ཅེས་བརྗོད་བྱུང་ལ། ཁོང་ཚོས་སོ་སོའི་ད་ལྟའི་སྡོད་གནས་ཁ་བྱང་དང་ཁ་པར་ཨང་གྲངས། དེ་བཞིན་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ཡིག་ཆ་སོགས་ཕ་ཡུལ་དུ་བསྐུར་ནས་ཐོ་འགོད་བྱེད་དུ་བཅུག་ཡོད་པ་དང་། ཟླ་གཅིག་ཙམ་གྱི་རྗེས་སུ། ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁ་པར་བསླེབས་ཏེ། ཕ་ཡུལ་ནས་ཁྱེད་ལ་ཡིག་ཆ་ཞིག་བསླེབས་འདུག་ཅེས་བརྡ་ལན་བསླེབས་ཡོད་པ་དང་། བརྡ་ལན་དེ་བསླེབས་རྗེས་སོ་སོའི་པར་རེ་གཞུང་ཚབ་ཁང་ལ་སྤྲོད་དགོས་སྐོར་བརྗོད་བྱུང་།

Tibetan Refugee’s document of Visa Application. Image:Tibettimes.net

འདི་གའི་གསར་འགོད་པས་བོད་ནང་གི་འབྲེལ་ཡོད་ཁག་ཅིག་ལ་ས་གནས་རྫོང་རིམ་པར་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་ཟེར་བ་དེ་བཙུགས་ཡོད་མེད་སྐད་ཆ་དྲིས་དུས། སྔོན་ཆད་ཡིན་ན་ལས་དོན་དེ་རིགས་ཕྱོགས་བསྡུས་གཞུང་ལས་ཁང་ཟེར་བ་ཞིག་གིས་བྱེད་བཞིན་ཡོད་ཀྱང་། མཚོ་སྔོན་ཞིང་ཆེན་ནང་ལྟ་བུར་མཚོན་ན། ཕྱི་ལོ་༢༠༢༠ཟླ་ ༥ ཙམ་གྱི་ནང་ཞིང་ཆེན་དེའི་རྫོང་ཁག་མང་པོའི་ནང་རྫོང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་ཟེར་བ་དེ་བཙུགས་པའི་མགོ་བརྩམས་ཡོད་པ་དང་། དེ་བཞིན་དཀར་མཛེས་ཁུལ་གྱི་རྫོང་ཁག་ཁ་ཤས་ནང་དུའང་ལས་ཁང་དེ་ཡོད་པ་མ་ཟད། ས་གནས་མི་མང་ལ་ཆེད་དུ་ཕྱི་ལོག་ན་ནང་མི་སྤུན་མཆེད་དེ་འདྲ་ཡོད་ཚེ། ཕྱིར་ལོག་རྒྱུར་ཐོ་འགོད་བྱས་ན་ལས་ཁང་དེས་ཞབས་ཞུ་ཆ་ཚང་བ་སྒྲུབ་ཀྱི་ཡོད་སྐོར་གསལ་བསྒྲགས་དེ་འདྲའང་བྱས་འདུག

འདི་གའི་གསར་འགོད་པར་མགོ་ལོག་ཁུལ་གྱི་རྫོང་ཞིག་གི་རྫོང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་ཟེར་བའི་སྒོ་བྱང་གི་འདྲ་པར་ཞིག་མཁོ་སྤྲོད་གནང་བའི་ནང་། རྫོང་དེའི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་རྫོང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་དང་ཕྱོགས་བསྡུས་གཞུང་ལས་ཁང་ཟེར་བ་གཉིས་ཀྱི་ཐོག་ནས་ཕྱི་མིར་འབྲེལ་ལམ་དང་དྲིལ་བསྒྲགས་ཀྱི་ལས་དོན་རིགས་བྱེད་བཞིན་ཡོད་འདུག་ལ། ཕྱི་ལོ་ ༢༠༡༨ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་ཟེར་བ་དེའི་སྐོར་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་བའི་ནང་། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་གཞུང་གིས། བཙན་བྱོལ་ནས་ཕྱིར་བོད་དུ་ལོག་པའི་བོད་མི་ཚོ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་ལྟ་སྐོར་དུ་འཁྲིད་དེ་རྒྱ་ནག་གི་འཕེལ་རྒྱས་དང་གུང་ཁྲན་ཏང་གི་སྟོབས་ཤུགས་ཟེར་བ་སོགས་ངོ་སྤྲོད་བྱེད་པའི་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོག་ནས་ཡོང་མཁན་ཚོར་རྒྱ་ནག་དང་བོད་འཕེལ་རྒྱས་སུ་ཕྱིན་ཡོད་ཟེར་བའི་ཆེད་དུ་ཡིན་འདུག

ལྟ་སྐོར་དུ་ཁྲིད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ལོ་སྔོན་མ་རྣམས་སུ་རྒྱ་ནག་གི་ནན་ཅིན་དང་ཞི་ཨན་སོགས་གནའ་བོའི་གྲོང་ཁྱེར་ཁག་ཏུ་འཁྲིད་ཀྱི་ཡོད་ན་ཡང་། ཕྱི་ལོ་ ༢༠༡༨ ནས་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་སོགས་ལ་འཁྲིད་ཀྱི་འདུག  ཅེས་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

སྐར་མ ༢༢ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༢ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༣ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

༢༠༢༦/༠༤/༣༠

མཆན། 1

  1. མེ་དམར་པོ། says:
    ལོ་ 5 སྔོན།

    འདི་དངོས་གནས་ཡིན་ནམ། གནས་ཚུལ་ཁུངས་ལྡན་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese