མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེན་རྟོག་པས་བོད་མི་ཞིག་འབྲི་ཆུའི་ནང་དུ་གཡུགས་ནས་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་སྐྱེ་རྒུ་མདོ་ཁུལ་ནས་ཉེན་རྟོག་པས་བོད་མི་རིག་གྲགས་ཞེས་པ་ཞིག་འབྲི་ཆུའི་ནང་གཡུགས་པ་དང་ཤེས་རབ་རྒྱ་མཚོ་ཞེས་པར་མེ་མདའ་བརྒྱབས་ནས་རྨས་སྐྱོན་ཆེན་པོ་བཟོས་ཡོད་འདུག

Chinese Police killed a Tibetan man and shot his friend. Image:tibettimes.net

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། ཁ་སང་ཕྱི་ཚེས་༡༥་ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༣་པ་ཡས་མས་སུ། བོད་མི་ཤེས་རབ་རྒྱ་མཚོ་དང་། ཁོང་གི་རོགས་པ་རིག་གྲགས་དང་མགུར་སྐྱབས་གསུམ་སྐྱེ་རྒུ་མདོ་ཁུལ་ཐོག་ནས་སྡོམ་མདར་ཡོང་བའི་ལམ་བར་དུ། ཉེན་རྟོག་རླངས་འཁོར་ཨང་གྲངས་སོགས་གང་ཡང་མེད་པའི་མི་བཞི་ཡིས། རླངས་འཁོར་བཀག་སྟེ་བོད་མི་གཅིག་འབྲི་ཆུའི་ནང་དུ་གཡུགས་ཡོད་པ་དང་བོད་མི་གཅིག་ལ་མེ་མདའ་བརྒྱབ་ནས་ད་ལྟ་ཛ་དྲག་ངང་སྨན་ཁང་དུ་བསྐྱལ་ཡོད་འདུག

སྒྲུབ་བརྒྱུད་གྲོང་ཚོ་ཞེས་པ་ནས་སྤྱི་ལེ་ ༦༠ ཡས་མས་ཀྱི་མཚམས་སུ་རླངས་འཁོར་མང་པོ་བཀག་ནས་བསྡད་ཡོད་པ་དང་། ཤེས་རབ་རྒྱ་མཚོ་རླངས་འཁོར་ནས་བབས་ཏེ་ལྟ་རུ་ཕྱིན་སྐབས། རླངས་འཁོར་རྣམས་བང་བསྒྲིགས་ཏུ་བཅུག་ནས་སྔོག་བཤེར་བྱེད་བཞིན་ཡོད་པ་དང་། ཅུང་མ་འགོར་བར་མི་གསུམ་ཡོང་སྟེ། ཤེས་རབ་རྒྱ་མཚོའི་རླངས་འཁོར་ལ་སྔོག་བཤེར་བྱེད་སྐབས། རིག་གྲགས་ཀྱིས་ངེད་གཉིས་ཀྱི་རླངས་འཁོར་ནང་དུ་གང་ཡང་མེད། ག་རེ་བྱས་ནས་སྔོག་བཤེར་བྱེད་བཞིན་ཡོད། ཁྱེད་རང་ཚོ་ལས་ཁུངས་ག་བར་ནས་ཡིན་ཞེས་སྐད་ཆ་འདྲི་སྐབས། ཁྱེད་རང་ཁ་བཙུམ་ནས་བསྡད་ན་ཡག་གི་རེད་ཅེས་རིག་གྲགས་ལ་སྡིགས་ར་བཏང་བ་མ་ཟད། འབུད་རྒྱག་ཤུགས་ཆེན་བཏང་སྟེ་རིག་གྲགས་གཡང་ནས་ཟེགས་ཏེ་འབྲི་ཆུའི་ནང་ལྷུང་ཡོད་པ་དང་། ཤེས་རབ་རྒྱ་མཚོ་ཁོང་ཁྲོ་ཆེན་པོ་ལངས་ནས་ཉེན་རྟོག་པའི་ཐོག་ལ་རྒྱུག་སྐབས། ཉེན་རྟོག་པ་ཞིག་གིས་ཤེས་རབ་རྒྱ་མཚོ་ལ་མེ་མདའ་གཞུས་ཏེ་རྨས་སྐྱོན་ཆེན་པོ་བཟོས་ཡོད་འདུག

དེ་མ་ཐག་འགྲུལ་བ་སོགས་མི་མང་པོ་བསླེབས་ནས་བར་ཕྱེས་ཏེ། མགྱོགས་པོར་ཤེས་རབ་རྒྱ་མཚོ་སྨན་ཁང་དུ་ཁྲིད་དེ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་སྲོག་ཉེན་ལས་ཐར་ཙམ་བྱུང་འདུག དོན་རྐྱེན་བྱུང་མ་ཐག་འབྲི་ཆུའི་རྒྱུད་དུ་རིག་གྲགས་ཀྱི་ཕུང་པོ་བཙལ་བར་སོང་ཡོད་ཀྱང་རྙེད་སོན་བྱུང་མེད་འདུག

ཉེན་རྟོག་པའི་འགྲིག་ཆས་ཆ་ཚང་སྤྲས་མེད་པའི་ཉེན་རྟོག་པ་དང་ཉེན་རྟོག་རླངས་འཁོར་ཨང་གྲངས་མེད་པ་ཞིག

འདི་གའི་གནས་ཚུལ་མཁོ་སྤྲོད་པས། ད་ལན་མེ་མདའ་རྒྱག་མཁན་ཉེན་རྟོག་པའི་རླངས་འཁོར་དེར་ཨང་གྲངས་སོགས་གང་ཡང་མེད་པ་དང་། མེ་མདའ་རྒྱག་མཁན་ལའང་ཉེན་རྟོག་པའི་འགྲིག་ཆས་དང་ལག་ཁྱེར་སོགས་མེད་མཁན་དེ་འདྲ་ཡིན་སྐོར་བརྗོད་བྱུང་ལ། དེ་བཞིན་སྔོན་དང་མ་འདྲ་བར་ཟླ་གཉིས་གསུམ་རིང་མཚོ་སྔོན་གྱི་སྐྱེ་རྒུ་མདོ་ཁུལ་སོགས་སུ་དམག་མི་དང་ཉེན་རྟོག་པ་མང་པོ་འགྲེམ་འཇོག་བྱས་ནས་སྔོག་བཤེར་ས་ཚུགས་མང་པོ་གསར་འཛུགས་དང་། བོད་མི་རྣམས་ལ་སྔར་ལས་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་འདུག

རིག་གྲགས་ནི་ཁྲིན་འདུ་རྫོང་ནས་ཡིན་ཞིང་རང་ལོ་༥༠ལྷག ཡིན་པ་དང་། བཟའ་ཟླའི་མིང་ལ་བཟང་མོ་དང་ཤུལ་དུ་བུ་མོ་གཉིས་ཡོད་འདུག  ཤེས་རབ་རྒྱ་མཚོ་ནི་ཕ་ཡུལ་སྡོམ་མདའ་དར་དམར་སྡེ་བ་ནས་ཡིན་པ་དང་ལོ་ ༢༦ ཡིན པ་དང་། ཁོང་གི་ཕ་མིང་ལ་ཀརྨ་དང་ཨ་མའི་མིང་ལ་ཚེ་ལྷ་ཡིན་ཟེར་གྱིན་ཡོད་པ་དང་། ནང་མི་ལྔ་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན།

༢༠༢༦/༡༠/༠༩
Mobile App

འཐབ་རྩོད་གཉིས།

༢༠༢༦/༡༠/༠༨
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༠༨
ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

༢༠༢༦/༡༠/༠༧
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

༢༠༢༦/༡༠/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese