མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཏ་ལི་བྷན་དྲག་དམག་གིས་ཨབ་གྷ་ནི་སི་ཐན་གཞུང་བཙན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨབ་གྷ་ནི་སི་ཐན་ནང་གི་ཨ་རི་སོགས་ཀྱི་དམག་དཔུང་ཕྱིར་འཐེན་བྱས་པའི་གོ་སྐབས་དང་བསྟུན་ཏ་ལི་བྷན་དྲག་དམག་གིས་རིམ་གྱིས་བཙན་འཛུལ་བྱས་ཏེ་དེ་རིང་ཞོགས་པར་ཡུལ་དེའི་རྒྱལ་ས་ཀ་བྷུལ་དབང་འོག་ཏུ་བཅུག་ནས་རྒྱལ་ཁབ་ཀྱི་མིང་ཡང་བསྒྱུར་ཚར་ཡོད་འདུག

Taliban fighters take control of Afghanistan’s presidential palace in Kabul. Photo: AP

འདས་པའི་ཟླ་བ་གཅིག་རིང་ནས་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཨབ་གྷ་ནི་སི་ཐན་དུ་ཡོད་པའི་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱི་དམག་རྣམས་ཕྱིར་འཐེན་བྱས་པ་དང་བསྟུན། ཡུལ་དེའི་ཏ་ལི་བྷན་དམག་ཚོགས་ཀྱིས་ཨབ་གྷན་གྱི་གཞུང་དམག་རྣམས་བསྟུད་མར་ཕམ་ཉེས་སུ་བཏང་སྟེ་གྲོང་ཁྱེར་ཆེ་ཁག་ཕལ་མོ་ཆེ་བཙན་བཟུང་གིས་རྒྱལ་ས་ཀ་བྷུལ་གྱི་མཐའ་མཚམས་སུ་འབྱོར་སྐབས། ཁ་སང་ཕྱི་ཚེས་ ༡༥ ཉིན་ཨབ་གྷན་གྱི་ལས་ཐོག་སྲིད་འཛིན་ཨ་ཤི་རབ་གྷ་ནི་ (Ashraf Ghani ) ཕྱི་རྒྱལ་ལ་བྲོས་བྱོལ་ཕྱིན་པར་བརྟེན། དེ་རིང་སྔ་དྲོར་ཏཱ་ལི་བྷན་དམག་ཚོགས་ཀྱིས་ཨབ་གྷན་གྱི་རྒྱལ་ས་ཀ་བྷུལ་བཙན་བཟུང་བྱས་ཏེ་ཨབ་གྷན་གྱི་སྲིད་དབང་ཡོངས་རྫོགས་ཏ་ལི་བྷན་གྱི་ལག་སུ་ཤོར་ཏེ། རྒྱལ་ཁབ་ཀྱི་མིང་དེ་(Islamic Emirate of Afghanistan) ཞེས་པར་བསྒྱུར་ཚར་ཡོད་འདུག

ད་ལན་གྱི་རྒྱལ་ཁ་དང་བསྟུན་ཏ་ལི་བྷན་དྲག་དམག་གིས་ལོ་ངོ་ ༢༠ དམག་འཁྲུག་དེ་རྒྱལ་ཁའི་ངང་མཇུག་སྒྲིལ་ཟིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་དང་། དམག་ཚོགས་དེའི་མགྲིན་ཚབ་པ་ཛ་བྷི་ཧུ་ལ་མུ་ཇ་ཧིཌ་ (Zabihulla Mujahid) ཞེས་པ་ཞིག་གིས། ཨབ་གྷན་གྱི་སྲིད་དབང་དེ་ཞི་བདེ་དང་འདོད་བློ་ཁེངས་པའི་ཐོག་ནས་རྩིས་སྤྲོད་མ་བྱས་བར་དུ། ཏ་ལི་བྷན་གྱི་དམག་མི་རྣམས་རྒྱལ་ས་ཀ་བྷུལ་གྱི་མཐའ་མཚམས་སུ་སྡོད་རྒྱུ་ཡིན་པ་དང་། མིའི་ཚེ་སྲོག་དང་རྒྱུ་དངོས་བཅས་ལ་གནོད་འཚེ་ཕོག་རྒྱུ་མིན་པ་དང་། ཀུ་བྷུལ་ནང་གནས་སྡོད་མི་མང་རྣམས་ཀྱི་ཚེ་སྲོག་ཉེན་ཁར་འཕྲད་རྒྱུ་མིན་སྐོར་བརྗོད་འདུག མགྲིན་ཚབ་པ་གཞན་ཞིག་གིས་ད་ལྟའི་ཆར་འབྲེལ་ཡོད་ཕྱོགས་གཏོགས་ཁག་དང་ལྷན་དུ། བུད་མེད་ཀྱི་ཐོབ་ཐང་དང་གསར་འགོད་རང་དབང་སོགས་སྲུང་སྐྱོབ་བྱེད་མཁན་གྱི་གཞུང་གསར་པ་ཞིག་འཛུགས་རྒྱུར་གྲོས་མོལ་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག

Taliban fighters sit over a vehicle on a street in Laghman province on August 15, 2021.

ཨ་རིས་སྣེ་ཁྲིད་པའི་ནེ་ཊོ་དམག་གིས་ལོ་ངོ་ ༢༠ ཡར་སྔོན་དུ། ཨོ་ས་མ་བྷིན་ལ་ཌིན་(Osama Bin laden) གྱིས་མཚོན་པའི་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་བའི་ཆེད་དུ་ཨབ་གྷན་ལ་དམག་དྲངས་ཏེ། ད་ལྟ་ཕྱིར་འཐེན་བྱེད་བཞིན་པའི་སྐབས་འདིར་རྒྱལ་ས་ཀ་བྷུལ་གཙོ་བོར་གྱུར་བའི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་ཕྱི་རྒྱལ་གྱི་མི་སེར་དང་། ལྷག་པར་དུ་ཏ་ལི་བྷན་དམག་ཚོགས་ཀྱི་དབང་བསྒྱུར་ལ་ཡིད་ཆེས་དང་དོགས་ཟོན་བྱེད་ཀྱིན་པའི་མི་སེར་རྣམས་ཀྱིས་རང་གི་མཁར་དངོས་ཡོངས་རྫོགས་བློས་བཏང་ནས་ཕྱི་རྒྱལ་ལ་འབྲོ་ཐབས་བྱེད་ཀྱི་ཡོད་ནའང་། ཨ་རི་དམག་གིས་རང་གི་གཞུང་ཚབ་ལས་བྱེད་དང་མི་སེར་རྣམས་དམག་དོན་གནམ་གྲུ་དང་རྒྱུན་སྤྱོད་གནམ་གྲུ་བརྒྱུད་ཕྱི་ལ་དབོར་འདྲེན་བྱས་ཡོད་པ་ལས། མི་མང་གི་ཆེད་དུ་ཀ་བྷུལ་གྱི་གནམ་ཐང་རྣམས་སྒོ་བརྒྱབ་ཟིན་ཡོད་འདུག་ལ། གནམ་ཐང་གི་ལས་བྱེད་རྣམས་ཀྱང་ཉེན་གཡོལ་ཆེད་གནམ་ཐང་ནས་ཐོན་ཟིན་པར་བརྟེན། ད་ལྟ་ཀ་བྷུལ་གྱི་གནམ་ཐང་གཡས་གཡོན་དུ་མི་མང་གི་ཟིང་འཁྲུག་ཆེན་པོ་འབྱུང་མུས་ཡིན་འདུག

ད་ལྟ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཨབ་གྷན་གྱི་སྲིད་འཛིན་ཨ་ཤི་རབ་ཁྱིམ་མཚེས་རྒྱལ་ཁབ་ཏཱ་ཇི་ཀི་སི་ཐན་ (Tajikistan) ནམ། ཡང་ན་ཨུ་ཛི་བྷེ་ཀི་སི་ཐན་(Uzbekistan) ལ་བྲོས་བྱོལ་ཕྱིན་ཡོད་སྐོར་བཀོད་འདུག་ལ། ཏ་ལི་བྷན་དམག་ཚོགས་ཀྱི་དྲག་ཆས་སྤྲས་པའི་དམག་མི་དང་མགོ་འཁྲིད་སྐོར་ཞིག་ཨབ་གྷན་གྱི་སྲིད་འཛིན་ལས་ཁུངས་ནང་དངོས་སུ་འཛུལ་ཏེ། སྲིད་འཛིན་གྱི་ལྕོག་རྩེའི་ཐོག་བསྡད་པའི་པར་རིས་དང་བརྙན་ཐུང་རིགས་མཐོང་རྒྱུ་ཡོད་འདུག  ཁ་སང་ཨ་ཤི་རབ་ཀྱིས་རང་གི་ངོ་དེབ་སྟེང་རང་ཉིད་བྲོས་བྱོལ་དུ་འགྲོ་དགོས་དོན་དེ་ཀུ་བྷུལ་ནང་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་མེད་པའི་ཐོག་ནས་སྲིད་དབང་རྩིས་སྤྲོད་ཡོང་ཆེད་ཡིན་སྐོར་བརྗོད་འདུག་ཀྱང་། སྤྱི་ཚོགས་དྲ་ལམ་སྟེང་ཁོ་པས་རྙོག་འཛིང་ཆེ་བའི་དུས་སྐབས་འདིར་རྒྱལ་ཁབ་བློས་བཏང་བ་དེར་སྐྱོན་བརྗོད་དྲག་པོ་བྱེད་བཞིན་འདུག

Afghan President Ashraf Ghani said he left the country in order to avoid bloodshed.

སྤྱིར་ཨ་རི་དང་ནེ་ཊོའི་དམག་རྣམས་ཟླ་བ་གཅིག་གོང་ནས་ཨབ་གྷན་ནས་ཕྱིར་འཐེན་ཟིན་ཡོད་ཀྱང་། ད་ལྟ་ཨབ་གྷན་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་རྣམས་དབོར་འདྲེན་གྱི་ཆེད་དུ་དམག་མིའི་རུ་ཁག་གཅིག་མངགས་ཡོད་པ་ལྟར། ཨ་རི་དང་དབྱིན་ཡུལ་གྱི་མཚོན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཕལ་མོ་ཆེས་ཨབ་གྷན་ནང་ཡོད་པའི་རང་རང་གི་གཞུང་ཚབ་རྣམས་སྒོ་བརྒྱབ་ཡོད་ལ། དེ་རིང་ཨབ་གྷན་གྱི་སྲིད་དབང་ཡོངས་རྫོགས་ཏ་ལི་བྷན་གྱི་ལག་ཏུ་ཤོར་བ་དང་བསྟུན། ཨ་རི་དང་དབྱིན་ཡུལ་གྱིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༦༠ ལས་མང་བས་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨབ་གྷན་གྱི་མི་སེར་རྣམས་ལ་བདེ་འཇགས་དང་ཆེ་མཐོང་ལྡན་པའི་ཐོག་ནས་འཚོ་གནས་བྱ་རྒྱུའི་ཐོབ་ཐང་ཡོད་པ་ལྟར། ཨབ་གྷན་གྱི་བདེ་འཇགས་དང་ཁྲིམས་སྒྲིག་ཁག་བསྐྱར་གསོ་དགོས་ལ། ཏ་ལི་བྷན་ངོས་ནས་ཨབ་གྷན་ནས་ཕྱི་ལ་ཐོན་འདོད་ཡོད་པའི་མི་སུ་ཡང་རུང་བ་བཀག་རྒྱ་བྱ་རྒྱུ་མེད་སྐོར་བརྗོད་འདུག གཞན་ཡང་དབྱིན་ཇི་སྲིད་བློན་བྷོ་རི་སི་ཇོན་སོན་(Boris Johnson) མཆོག་གིས་དབྱིན་ཡུལ་གྱི་མཐུན་གྲོགས་རྒྱལ་ཁབ་ཚོས་གྲོས་ཆིངས་ཤིག་མ་བཞག་བར་དུ་ཨབ་གྷན་གྱི་གཞུང་གསར་པར་ངོས་འཛིན་མི་བྱ་རྒྱུའི་རེ་སྐུལ་ཞུས་ཡོད་འདུག

A US Chinook helicopter flies over Kabul. Photo: AP

ཏ་ལི་བྷན་དམག་ཚོགས་ཀྱིས་ཟླ་བ་ ༡ གོང་ནས་ཨབ་གྷན་གྱི་དམག་དང་གཡུལ་འགྱེད་བྱེད་མགོ་བརྩམས་ཡོད་ནའང་། སྐབས་དེར་ཨ་རི་དང་ནེ་ཊོའི་དམག་ཡོད་པའི་རྐྱེན་གྱིས་ཕམ་ཉེས་བྱུང་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཏ་ལི་བྷན་གྱིས་ཨབ་གྷན་གྱི་གྲོང་ཁྱེར་ཛ་རན་ཇི་ (Zarnj) ཟེར་བ་བཙན་བཟུང་བྱས་རྗེས། ཉིན་གྲངས་ ༡༠ ནང་ཚུད་ལ་ཨབ་གྷན་གྱི་རྒྱལ་ས་བླངས་ཐུབ་པ་བྱུང་ཡོད་ལ། གཞུང་དམག་རྣམས་ཀྱིས་མགོ་བཏགས་ཞུས་པའི་རྐྱེན་གྱིས་ས་ཁུལ་མང་པོ་གསོད་རེས་གཅིག་ཀྱང་མེད་པའི་ཐོག་ནས་ཏ་ལི་བྷན་གྱི་ལག་ཏུ་ཤོར་ཡོད་པ་རེད་འདུག

ཨ་རིའི་གཞུང་གི་གྲངས་ཐོ་ལྟར་ན། ཨབ་གྷན་གྱི་དམག་འཁྲུག་ཆེད་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་ལོ་ལྟར་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་སོང་ཡོད་ཅིང་། དུས་སྐབས་དེར་ཨབ་གྷན་ནང་ཨ་རིའི་དམག་དཔུང་འབུམ་ ༡ ལྷག་ཡོད་པ་རེད་འདུག ཡང་ཨ་རིའི་བྷ་རོན་གཙུག་ལག་སློབ་གྲྭའི་ཞིབ་འཇུག་སྙན་ཐོ་ལྟར་། ཨ་རིའི་ཕྱི་ལོ་ ༢༠༢༠ ལོར་ཨབ་གྷན་དང་པཱ་ཀི་སི་ཐན་ནང་དམག་དོན་ཆེད་ཨ་སྒོར་ཐེར་འབུམ་ ༩༧༨ ལྷག་བཏང་ཡོད་འདུག གཞན་ཡང་ཨ་རིའི་རྗེས་ཨབ་གྷན་ནང་དམག་མི་ཕོན་ཆེ་ཤོས་གཏོང་མཁན་ནི་དབྱིན་ཡུལ་དང་འཇར་མ་ནི་གཉིས་ཆགས་ཀྱི་ཡོད་ཅིང་། དབྱིན་ཡུལ་གྱིས་ད་བར་ཨབ་གྷན་ནང་ཨ་སྒོར་ཐེར་འབུམ་ ༣༠ དང་། འཇར་མ་ནི་ཡིས་ཨ་སྒོར་ཐེར་འབུམ་ ༡༩ ལྷག་བཏང་ཡོད་པ་རེད་འདུག

ཏ་ལི་བྷན་ཞེས་པའི་དམག་ཚོགས་དེ་ཉིད་ཕྱི་ལོ་ ༡༩༩༠ ནང་ཨུ་རུ་སུ་(Soviet Union) དམག་མི་རྣམས་ཨབ་གྷན་ནས་ཕྱིར་འཐེན་བྱས་རྗེས་གསར་འཛུགས་བྱུང་བ་ཞིག་ཡིན་ཞིང་། ཏ་ལི་བྷན་གྱིས་ཨབ་གྷན་ནང་རྒྱ་སྐྱེད་བྱས་ཏེ་མཐར་ཕྱི་ལོ་ ༡༩༩༦ ལོར་རྒྱལ་ས་ཀ་བྷུལ་དབང་འོག་ཏུ་བཅུག ཕྱི་ལོ་ ༡༩༩༨ ལོར་ཏ་ལི་བྷན་གྱིས་ཨབ་གྷན་གྱི་ས་ཁུལ་བརྒྱ་ཆ་ ༩༠ ལ་དབང་བསྒྱུར་ཡོད་ཅིང་། དབང་བསྒྱུར་གྱི་རིང་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་སྒྲིག་ (Sharia Law)  གཞིར་བཟུང་ཉེས་ཆད་གཅོད་པ་དང་། སྐྱེས་པ་ཕོ་རྣམས་ཀྱིས་ངེས་པར་དུ་ཨག་ཚོམ་འཇོག་དགོས་པ་དང་། བུད་མེད་རྣམས་ཀྱིས་བྷུར་ཁ་(Burka)ཆ་ཚང་གྱོན་དགོས་པ། དེ་བཞིན་རྒྱལ་ཡོངས་ནང་བརྙན་འཕྲིན་དང་གླུ་གཞས། གློག་བརྙན་ཁང་སོགས་རྩ་བ་ནས་མེད་པར་བཟོས་པ་མ་ཟད། རང་ལོ་ ༡༠ དང་དེ་ཡན་ཆད་ཀྱི་བུ་མོ་རྣམས་སློབ་གྲྭར་སྐྱོད་མི་ཆོག་པ་ལ་སོགས་པའི་ཁྲིམས་གཞི་བཙན་པོ་ལག་བསྟར་བྱས་ཡོད་པ་རེད། གང་ལྟར་ཕྱི་ལོ་ ༢༠༠༡ ལོར་འཇིགས་སྐུལ་དྲག་སྤྱོད་པས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་འཛམ་གླིང་གི་ཚོང་ལས་ལྟེ་གནས་ (Twin Tower)  ལ་དྲག་རྒོལ་བྱས་ཡོད་ཅིང་། ཨ་རིའི་གཞུང་གིས་ཨབ་གྷན་གཞུང་ནས་ཨོ་ས་མ་བྷིན་ལ་ཌིན་དང་ཁོ་པས་སྣེ་ཁྲིད་པའི་ཨལ་ཁེ་ཌ་ (Al-Qaeda) འཇིགས་སྐུལ་དྲག་སྤྱོད་ཚོགས་པར་མཐུན་འགྱུར་རོགས་རམ་བྱེད་ཀྱི་ཡོད་པའི་དོགས་གཞིིའི་འོག ཨབ་གྷན་ལ་དམག་དྲངས་ཏེ་ཏ་ལི་བྷན་གྱི་སྲིད་དབང་འཕྲོག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་གཞུང་གསར་པ་ཞིག་བཙུགས་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

ཆུ་ཚོད་ ༡༧ སྔོན་ལ།
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist