མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ལ་སློབ་སྟོན་པ་གསུམ་བསྐོ་བཞག་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་ཕྱིར་བསྡུ་གནང་སྟེ་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གསར་འཛུགས་ཀྱིས་སློབ་སྟོན་པ་གསུམ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཐོག་དྲུང་ཆེ་དང་འགན་འཛིན་མཐོ་རིམ་མི་སྣ་བཞི་བཅས་བསྐོ་བཞག་གནང་འདུག

Kashag established a strategic planning committee for Tibet China Negotiation

འཛིན་སྐྱོང་བཀའ་ཤག་ནས་ཚོགས་མི་ ༡༦ ལས་གྲུབ་པའི་དེ་སྔའི་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་དེ་ཉིད་ཕྱིར་བསྡུ་གནང་སྟེ། དེའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མཐོ་རིམ་ལས་བྱེད་ཁག་ཅིག་ལས་གྲུབ་པའི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པ་ལྟར། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་མིར་སུ་གཏན་འཁེལ་གནང་ཡོད་མེད་དྲིས་པར་ཁོང་གིས། བོད་རྒྱ་འབྲེལ་མོལ་གྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ནང་ལས་བྱེད་རྒན་པ་དྲུང་ཆེ་བཞི་བསྐོ་གཞག་གནང་ཡོད་པ་རེད། དེ་ཡང་དུས་རྒྱུན་བོད་ནང་གི་གནས་སྟངས་ཐད་ལ་བདེ་སྲུང་ལས་ཁུངས་ནས་དོ་སྣང་གནང་གི་ཡོད་པར་བརྟེན། བདེ་སྲུང་གི་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་། དེ་ནས་ཕྱིའི་རྒྱལ་ཁབ་ཀྱི་འབྲེལ་བ་དང་། རྒྱ་ནག རྒྱལ་སྤྱིིའི་ནང་གི་བོད་དོན་གྱི་གནས་སྟངས་བཅས་ལ་ཕྱི་འབྲེལ་ལས་ཁུངས་ནས་ལྟ་ཞིབ་བྱེད་ཀྱི་ཡོད་པར་བརྟེན། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་སྲིད་ཇུས་ཉམས་ཞིབ་ཁང་གི་ངོས་ནས་བོད་དང་རྒྱལ་ཕྱིའི་གནས་སྟངས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པར་བརྟེན། སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། ཉེ་ཆར་བཀའ་དྲུང་ཡིག་ཚང་ནང་ཆབ་སྲིད་དྲུང་ཆེར་བསྐོ་གཞག་གནང་བ་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ཡིན་པ་དང་། ཚོགས་ཆུང་དེར་སྲིད་སྐྱོང་མཆོག་ནས་གཙོ་སྐྱོང་གནང་རྒྱུ་ཡིན་སྐོར་དང་། གཏན་འཇགས་ཚོགས་མིའི་ཐོག་དུས་རྒྱུན་ཕྱག་ལས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་དང་། ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པར་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། བཀའ་ཟུར་བསྟན་པ་ཚེ་རིང་མཆོག སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་བཅས་རྣམ་པ་གསུམ་བསྐོ་གཞག་གནང་ཡོད་སྐོར་བརྗོད་བྱུང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་འཛིན་སྐྱོང་གསར་པའི་ངོས་ནས་ཚོགས་ཆུང་བཅོས་སྒྲིག་གནང་དགོས་དོན་སྐོར་ལ་གསལ་བསྒྲགས་ནང་། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་ཉིད་ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་བསྐྱངས་པ་ནས་བཟུང་། བཀའ་ཤག་རིམ་པས་མི་འགྲོ་སྣོན་འཇུག་གནང་སྟེ་ད་ལྟ་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་ལམ་ཕྱོགས་མཐར་བཞུགས་ཏེ། སྤྱི་སྒེར་གྱི་མཛད་ཁུར་ཅི་རིགས་བཞེས་བཞིན་པ་དང་། བཞུགས་སྒར་ཁུལ་གྱི་ཚོགས་མི་རྣམ་པས་ཀྱང་ལས་ཡུལ་དང་ལས་འགན་འདྲ་མིན་ཐོག་ཕྱག་ལས་གནང་དང་གནང་མུས་དེ་ཉིད་ལས་དོན་གྱི་ངོ་བོ་དང་མཐུན་པའི་བཅོས་སྒྲིག་དགོས་གལ་ཆེ་སྐོར་འཁོད་འདུག

སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་གི་འོས་བསྡུའི་དྲིལ་བསྒྲགས་སྐབས་ནས་ད་ཡོད་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་ཉིད་ལ་བཅོས་སྒྲིག་བྱས་ཏེ་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞེས་པ་ཞིག་འཛུགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་ལྟར།
ད་ལན་གྱི་འཛིན་སྐྱོང་བཀའ་ཁྱབ་ནང་། བོད་རྒྱ་འབྲེལ་མོལ་གྱི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ངོས་ནས་རྣམ་ཀུན་སྲིད་སྐྱོང་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་དབྱེ་ཞིབ་སྙན་གསན་དང་། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་འཆར་འགོད་ཞུས་ཏེ་འདོན་འབུལ་བྱེད་དུ་འཇུག་རྒྱུ་ཡིན་སྐོར་འཁོད་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་དེ་ཉིད་ཐོག་མར་ཕྱི་ལོ་ ༡༩༩༨ ལོར་བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་ཞི་བའི་ལམ་ནས་སེལ་ཐབས་སུ་དམིགས་ཏེ་ཆེད་འཛུགས་གནང་བ་ཞིག་ཡིན་ལ།  ཕྱི་ལོ་ ༡༩༩༩ ལོར་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་ཡོད་པ་དང་། ཚོགས་འདུ་མཐའ་མ་དེ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ པའི་ནང་བཞུགས་སྒར་དྷ་སར་བསྐོང་འཚོག་གནང་ཡོད་པ་རེད།   ཕྱི་ལོ་ ༢༠༡༠ ལོ་བར་དུ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་གི་དཔོན་རིགས་བར་དངོས་སུ་ཐུག་འཕྲད་ཀྱིས་ཞི་མོལ་ཐེངས་ ༩ བྱུང་ཡོད་ཀྱང་དེ་ནས་བཟུང་མཚམས་བཅད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ག་དུས་ཡིན་ནའང་ཞི་མོལ་ལ་གྲ་སྒྲིག་ཨང་གསར་ཡིན་ཞེས་གསུང་གི་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་འབྲེལ་མོལ་བསྐྱར་དུ་མ་མཐུད་པར་ལོ་ངོ་ ༡༡ འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 8

  1. གནམ་ལྷ། says:
    ལོ་ 2 སྔོན།

    བོད་ཀྱི་དུས་བབ་ནི་བོད་མིའི་གསར་འགྱུར་ཕྱོགས་སུ་མ་ལྷུང་དེ་ཡིན་སྟབས་གུས་བའི་ལས་བྱེད་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།

    Reply
  2. བསོོད་དགེ says:
    ལོ་ 2 སྔོན།

    རྡ་ས་ཉམས་པ་སླར་གསོའི་ལས་འགུལ་ཁང་གིས་ལས་འགུལ་སྤེལ་བ་ལ་སྲེིད་བརྫུན་དེས་བདག་སྤྲོད་ཡ་ལན་མ་བྱས་པ་ནི་ཁོ་རང་རིན་རྐུབ་བརྡོལ་ཉེན་ལ་ཞེད་སྣང་སྐྱེས་པ་མ་རེད་དམ།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 2 སྔོན།

    Change and Restructure are important both in Politics and Administration.

    Reply
  4. Kalsang gyaltsen says:
    ལོ་ 2 སྔོན།

    Drongchong Ngoedup la and kalsang gyaltsen la i believe you guys can make it on right track specially you kalsang gyaltsen la in the past of my life i never seen my same name but the day I saw same name of me I can feel like something special is on you so dont lose our name i know you can do it.

    Reply
  5. ངག་དབང་། says:
    ལོ་ 2 སྔོན།

    ངོ་མ་ཡིད་དགའ།
    བོད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བ་ཤོག

    Reply
  6. མེ་དམར་པོ། says:
    ལོ་ 2 སྔོན།

    སྐུ་ངོ་སྲིད་སྐྱོང་མཆོག་གི་རླབས་ཆེན་གྱི་ལས་གཞི་མཐའ་དག་ལམ་ལྷོང་ཡོང་བར་སྨོན། ལྷ་ཆོས་སྐྱོང་སྲུང་མས་སྡོངས་གྲོགས་མཛོད་ཅིག

    Reply
  7. ཕུན་ཚོགས་ཆོས་རྒྱལ། says:
    ལོ་ 2 སྔོན།

    སྲིད་སྐྱོང་མཆོག་ནས་རླབས་ཆེ་བའི་ཕྱག་ནས་དེ་ལྟ་བུ་གནང་སྐབས་ང་ཚོ་མི་མང་སེམས་པ་སྐྱིད་ལ་བློ་བདེ་ཡོང་བ་སྨྲིས་ཅི་དགིས།

    Reply
  8. Gendun says:
    ལོ་ 2 སྔོན།

    སྐུ་ངོས་ཧ་ལས་པའི་ཕྱག་ལས་གནང་བཞིན་པར་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist