མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མར་དམིགས་པའི་ཟླ་དྲུག་རིང་གི་བོད་ཀྱི་ནང་དོན་རིག་པའི་ཟབ་ཁྲིད་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བོད་ཀྱི་མཐོ་རིམ་སློབ་མར་དམིགས་པའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་སྐབས་བརྒྱུད་པ་དབུ་འཛུགས་ཀྱིས་བོད་པའི་སློབ་མ་ཉེར་བརྒྱད་ལ་ཟབ་ཁྲིད་སྤྲོད་རྒྱུ་ཡིན་པ་དང་སློབ་མ་ཁག་ཅིག་ནད་ཡམས་ཀྱི་དཀའ་ངལ་འོག་མཉམ་ཞུགས་གནང་ཐུབ་མེད་པ་རེད།

ཟླ་དྲུག་རིང་གི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་དབུ་འཛུགས།

དེ་རིང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་འོག རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་རུ་བོད་ཀྱི་མཐོ་རིམ་སློབ་མ་ཚོར་ཆེད་དམིགས་ཀྱིས། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཐེངས་བརྒྱད་པ་དེ་མགོ་བཙུགས་ཡོད་པ་དང་། ཐེངས་འདིའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཁྲོད། རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་འདྲ་མིན་ནས་སློབ་མཐར་ཕྱིན་པའི་བོད་རིགས་སློབ་མ་བུ་མོ་གྲངས་ ༡༧ དང་བུ་ ༡༡ བཅས་ཁྱོན་སློབ་གཉེར་བ་གྲངས་ ༢༨ ཀྱིས་མཉམ་ཞུགས་བྱས་ཡོད་པ་རེད།

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱི་དང་སྐད་ཡིག་དགེ་རྒན་གཅིག་ལྕོག་གནང་མཁན་དགེ་བཤེས་ཡོན་ཏན་ལགས་སུ་དེའི་ཐད་བཀའ་འདྲི་ཞུས་སྐབས། ཟབ་ཁྲིད་དེ་ནི་བོད་ཀྱི་མཐོ་སློབ་སློབ་མ་ཚོར་བོད་ཀྱི་སྐད་ཡིག་གཙོས་ནང་དོན་རིག་གནས་སོགས་ལ་གོ་རྟོགས་སྤེལ་སླད་འཚོག་གི་ཡོད་པ་དང་། ད་ལོའི་ཟབ་ཁྲིད་དེར་ཐོག་མར་སློབ་གཉེར་བ་གྲངས ༤༤ ཡིས་སྙན་ཞུ་འབྱོར་ཡོད་ཀྱང་།  རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གནས་ཡུལ་ས་གནས་སུ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་འཕྲད་པའི་རྐྱེན་གྱིས། འདི་ལོའི་ཟླ་བ་ ༧ ཚེས་ ༡ ཉིན་ནས་འཚོག་འཆར་ཡོད་པའི་ཟབ་ཁྲིད་དེ། ཟླ་བ་གཅིག་ལྷག་གི་རིང་ཕྱིར་འགྱངས་བྱས་སྟབས། མཐར་སློབ་མ་ཕོ་མོ་གྲངས་ ༢༨ ཀྱིས་མཉམ་ཞུགས་བྱས་ཡོད་སྐོར་དང་། སློབ་མ་རྣམས་ས་གནས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་གི་ལམ་སྟོན་དང་དགོན་པའི་མཐུན་སྦྱོར་འོག ས་གནས་སུ་ཉིན་གྲངས་བཅུ་བཞིའི་རིང་ཟུར་བཀག་ཏུ་བཞག་པས། ནད་ཡམས་ཀྱིས་གནོད་འཚེ་ཐེབས་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ལོ་ལྟར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་རུ་འཚོག་མུས་ཡིན་པའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་དེར་བོད་ཀྱི་སྐད་ཡིག་དང་། མཚན་ཉིད།  གཞུང་ཆེན་བཀའ་ཕོད་ལྔ་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་།  དེ་བཞིན་ཆོས་རིག་ལས་ཁུངས་དང་དང་རྒྱུད་སྨད་དགོན་པའི་ངོས་ནས་སློབ་གཉེར་བ་རྣམས་ལ་འགྲིམ་འགྲུལ་ལམ་དངུལ་དང་། སྡོད་གནས། ཞལ་ལག ཟླ་བ་རེ་རེའི་ལག་དངུལ་བཅས་གནང་གི་ཡོད་པ་རེད་འདུག

ཡང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཐེངས་འདིའི་ཟབ་ཁྲིད་ཁྲོད་མཉམ་ཞུགས་གནང་མཁན་སློབ་མ་བསྟན་འཛིན་བདེ་ལྡན་ལགས་སུ་ཟབ་ཁྲིད་དུ་ཞུགས་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་དྲིས་པར་ཁོང་གིས། དེ་སྔོན་ང་རང་བོད་ཀྱི་སྐད་ཡིག་ལ་དོ་སྣང་དེ་ཙམ་མེད་ཀྱང་། ཕྱིས་སུ་རྒྱ་གར་གྱི་མཐོ་རིམ་སློབ་གྲྭར་བསྐྱོད་དུས། ད་གཟོད་སོ་སོའི་སྐད་ཡིག་གི་གལ་ཆེའི་རང་བཞིན་ཤེས་བྱུང་བས། བོད་ཀྱི་སྐད་ཡིག་སོགས་སྦྱང་འདོད་ཀྱི་འདུན་པ་བྱུང་། ཞེས་དང་། སྟབས་ལེགས་པ་ཞིག་ལ་ངའི་རོགས་པ་ཞིག་བརྒྱུད་རྒྱུད་སྨད་དུ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་འཚོག་གི་ཡོད་པ་ཤེས་རྟོགས་བྱུང་བ་དང་། དེར་ཞུགས་མྱོང་ཡོད་པའི་སློབ་མ་ཞིག་གིས་ཀྱང་། ཟབ་ཁྲིད་དེར་ཞུགས་ན་བོད་ཀྱི་སྐད་ཡིག་དང་། ནང་ཆོས་ཐོག་བློ་སྐྱེད་ཡག་པོ་རག་གི་འདུག་ལབ་བྱུང་བས། ང་རང་ད་ལན་གྱི་ཟབ་ཁྲིད་འདིར་མཉམ་ཞུགས་བྱས་པ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

གངས་ཅན་རིག་གནས་སློབ་གྲྭ་ནི་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་མངགས་བཞིན། ཕྱི་ལོ་ ༢༠༠༩ ལོར་འཛུགས་སྐྲུན་གྱི་ལས་གཞི་ཡོངས་སུ་གྲུབ་པ་དང་། ཕྱི་ལོ་ ༢༠༡༠ ལོ་ནས་བོད་རིགས་སློབ་ཕྲུག་དང་། དད་ལྡན་མང་ཚོགས་བཅས་ལ་ནང་ཆོས་ཟབ་ཁྲིད་མགོ་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་མཉམ་རུབ་ཀྱིས་ཟླ་བ་དྲུག་གི་ཟབ་ཁྲིད་གོ་སྒྲིག་ཞུས་པ་ལྟར། ད་བར་ཟླ་དྲུག་གི་ཟབ་ཁྲིད་དེར་བོད་རིགས་སློབ་གཉེར་བ་ཁྱོན་   ༡༥༤ ཡིས་མཉམ་ཞུགས་བྱས་ཡོད་པ་རེད།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese