མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལྷོ་ཕྱོགས་སུ་ཏོག་དབྱིབས་སྔོན་འགོག་གི་གྲ་སྒྲིག་ཐད་རྟོག་ཞིབ་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་ཡམས་ཛ་དྲག་ལས་དོན་ཚོགས་ཆུང་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ནང་ནད་རླབས་གསུམ་པའི་ཆེད་གྲ་སྒྲིག་འཐུས་ཚང་ཡོད་མེད་ཐད་རྟོག་ཞིབ་སྐོར་སྐྱོད་གནང་བཞིན་འདུགཏོག་དབྱིབས་ནད་རླབས་གསུམ་པའི་སྔོན་འགོག་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཏོག་དབྱིབས་ནད་ཡམས་ཛ་དྲག་ཚོགས་ཆུང་གིས། གཞིས་ཆགས་ཁག་ནང་གྲ་སྒྲིག་གི་ལས་དོན་ཚགས་ཚུད་ཡོད་མེད་སྐོར་ལ་རྟོག་ཞིབ་གནང་བཞིན་ཡོད་པ་ལྟར། ཚོགས་ཆུང་གི་སྐུ་ཚབ་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་དང་ལྷོ་ཕྱོགས་སྤྱི་ཁྱབ་ཐུབ་བསྟན་ཚེ་རིང་ལགས་རྣམ་གཉིས་ཀྱིས། ཟླ་འདིའི་ཕྱི་ཚེས་༡༡ཉིན་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ནས་རྟོག་ཞིབ་དབུ་འཛུགས་གནང་ཡོད་པ་དང་། དེ་རིང་ཉིན་རྒྱབ་ནས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ནང་རྟོག་ཞིབ་གནང་ཡོད་པ་རེད།

བསྟན་འཛིན་ཀུན་བཟང་ལགས་ཀྱིས་འདི་གའི་གསར་འགོད་པར། ད་བར་རྟོག་ཞིབ་བྱས་པའི་ཉམས་མྱོང་ཐོག་ནས་ལྷོ་ཕྱོགས་གཞིས་ཆགས་ཁག་ཚང་མར་ཏོག་དབྱིབས་གྲ་སྒྲིག་ལས་དོན་ཆ་ཚང་ཡག་པོ་ཡོད་པ་དང་། དེ་བཞིན་ས་གནས་སོ་སོའི་ཛ་དྲག་ལས་དོན་ཚོགས་ཆུང་གི་ལས་བྱེད་ཚོས་ཀྱང་ནད་རླབས་དང་པོ་གཉིས་པའི་ཉམས་མྱོང་ཐོག་ནས་གལ་སྲིད་ནད་རླབས་གསུམ་པ་ཡོང་བ་ཡིན་ན་ཡང་གྲ་སྒྲིག་ལས་དོན་སྔར་ལས་ལྷག་པ་ཡོད་པ་དང་། སེམས་ཁྲལ་དང་ཞེད་སྣང་བྱེད་དགོས་དོན་མེད་ཅེས་གདེང་ཚོད་ཆེན་པོས་གསུང་གི་འདུག་ལ། གལ་སྲིད་མཐུན་འགྱུར་ཐད་ད་དུང་དགོས་གལ་བྱུང་ན་ཡང་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་གང་ཐུབ་གནང་རྒྱུ་སྐོར་དང་།  བལ་ཡུལ་ལ་ཆ་མཚོན་ན། རྒྱ་གར་ནང་གི་གཞིས་ཆགས་ཁག་ནང་བཞིན་གྱི་མཐུན་རྐྱེན་དང་གྲ་སྒྲིག་མེད་ཀྱང་གང་ཙམ་གྱིས་ཡག་པོ་ཡོད་སྐོར་བརྗོད་བྱུང་།

གཞན་ཡང་། ལྷོ་ཕྱོགས་གཞིས་ཆགས་ཁག་ནང་དེ་སྔོན་ནད་པ་མང་བའི་སྐབས་སུ་སྨན་པས་མ་འདང་བའི་དཀའ་ངལ་བྱུང་ཏེ་མོན་གྷོ་འདོད་རྒུ་གླིང་དང་ཧུན་སུར་གཞིས་ཆགས། སྦེལ་ཀོབ་གཞིས་ཆགས་བཅས་བར་ལ་སྨན་པ་དང་སྨན་ཞབས་ཁ་སྣོན་གཏོང་རེས་བྱེད་དགོས་བྱུང་ཡོད་ཀྱང་། ཀོ་ལི་གྷལ་གཞིས་ཆགས་ནང་དཀའ་ངལ་མེད་པར་ཡག་པོ་ཆགས་ཡོད་སྐོར་དང་། ད་བར་གཞིས་ཆགས་ཁག་ནང་རྟོག་ཞིབ་བྱས་པའི་ཉམས་མྱོང་ཐོག་ནས་ཏོག་དབྱིབས་ནད་མནར་བྱུང་མཁན་མང་ཆེ་བ་རྒྱུན་དུ་ཁ་རས་མ་རྒྱག་མཁན་ཆགས་འདུག་པས། ཚང་མས་ཁ་རས་རྒྱག་རྒྱུ་དེ་གལ་ཆེ་ཤོས་ཡིན་པ་དང་། དེ་བཞིན་འཕྲོད་བསྟེན་བྱེད་ཕྱོགས་ཀྱི་ལམ་སྟོན་ཁག་ལ་ལྷོད་ཡང་མ་བཏང་བར་གཟབ་གཟབ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་འབོད་སྐུལ་གནང་སོང་།

འདས་པའི་བདུན་ཕྲག་གཅིག་ཙམ་རིང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་སྦེལ་ཀོབ་བོད་མིའི་གཞིས་ཆགས་བཅས་ཀྱི་ནང་གི་དགོན་སྡེ་དང་སློབ་གྲྭ་ཁག    གཞིས་ཆགས་བཅས་ཀྱི་ནང་ཏོག་དབྱིབས་ནད་རླབས་གསུམ་པའི་སྔོན་ཚུད་གྲ་སྒྲིག་འཐུས་ཚང་ཡོད་མེད་རྟོག་ཞིབ་ཆེད་སྐོར་སྐྱོད་གནང་ཟིན་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese