མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱི་ལྷན་གྱི་དཀའ་རྙོག་དང་འབྲེལ་བའི་རེ་སྐུལ་གྱི་ལས་རིམ་མཚམས་འཇོག་ཞུ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་སྤྱི་ལྷན་གྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ལས་རིམ་ལ་ནུས་པ་ཐོན་ཐབས་མེད་པའི་གནས་སྟངས་ཤེས་གསལ་ལ་བརྟེན་ནས་ད་ནས་བཟུང་སྤྱི་ལྷན་གྱི་དཀའ་རྙོག་དང་འབྲེལ་བའི་རེ་སྐུལ་གྱི་ལས་རིམ་མཚམས་འཇོག་ཞུ་རྒྱུ་ཡིན་འདུག

Press conference by four NGO’s based at Macloadganji, Dharamsala

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ སྟེང་དྷ་ས་བོད་ཀྱི་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་ཚོགས་པ་བཞི་ཡིས་སྤེལ་བའི་བོད་མི་མང་སྤྱི་ལྷན་གྱི་དཀའ་རྙོག་སེལ་ཐབས་ཀྱི་ལས་རིམ་ལ་ནུས་པ་ཐོན་ཐབས་མེད་པ་ཤེས་གསལ་བྱུང་བར་བརྟེན། དེ་རིང་ནས་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡིས་བོད་མི་མང་སྤྱི་ལྷན་གྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་རེ་སྐུལ་གྱི་ལས་རིམ་མཚམས་འཇོག་ཞུ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་སོང་།

ཚོགས་པ་བཞི་ཐུན་མོང་གི་ཡོངས་ཁྱབ་བསྒྲགས་གཏམ་དེའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་དང་ལམ་སྟོན་བཟང་པོའི་འོག བོད་མི་མང་ལ་མང་གཙོ་གསོལ་རས་གནང་སྟེ། མི་ལོ་དྲུག་ཅུའི་རིང་གཡས་སྐྱོར་གཡོན་སྐྱོར་གྱིས་གཟིགས་སྐྱོང་མཛད་པའི་ཡང་དག་པའི་མང་གཙོའི་སྒྲིག་འཛུགས་འདི། ད་ལྟའི་ཆར་ལྗིད་མཉམ་སྟངས་འཛིན་གྱི་སྒྲོམ་གཞི་སྦོ་ལུག་ནས། སྐབས་ ༡༧ པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་སོགས་གྲོས་ཚོགས་ཀྱི་ལས་རིམ་ཡོངས་རྫོགས་འགྲོ་མ་ཐུབ་པའི་གནས་སྟངས་ཐབས་སྡུག་བྱུང་ཡོད་པ་དང་། དེ་ལ་བརྟེན་ནས་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་འཁྲུག་གཞི་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ཉམས་དམས་སུ་འགྲོ་གཞི། དེ་བཞིན་བཙན་བྱོལ་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་བཅས་ཀྱིས་སེམས་འཚབ་ཡོད་པར་སོང་ཡོད་སྐོར་དང་། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང༌། བོད་མིའི་མང་གཙོའི་གཞུང་འདི་ལ་ཤ་ཞེན་དང་སེམས་འཁུར་ཡོད་པའི་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་སེམས་ནང་བཟོད་ཐབས་བྲལ་བའི་ཧ་ཅང་བློ་འཚབ་ཡོད་པ་བཞིན། ངེད་ཅག་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིའི་ཚོགས་པ་སོ་སོའི་དམིགས་ཡུལ་དམ་བཅའ་གཞིར་བཞག་ཐོག་གཞན་གྱི་གནོན་ཤུགས་དང་བརྒྱུད་སྐུལ་ཕྱོགས་ལྷུང་སོགས་ཀྱི་དབང་དུ་མ་སོང་བར་དྲང་ཚུགས་བརྟན་པོའི་ཐོག དབུས་རྒྱུན་རྣམ་ནས་སྤྱི་དོན་ཁོ་ནར་བསམ་ཞིབ་དང་འགན་འཁུར་གྱིས་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་སྔ་ཕྱི་རིམ་ཞུས་བྱས་ཡོད།

Press Statement

དམིགས་བསལ་ཕྱི་ལོ་ ༢༠༡༩ ལོ་ནས་རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་གནོན་ཤུགས་སྤྲོད་བཞིན་པའི་དུས་སྐབས་དང་། འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་དུས་ཆེན་ཟེར་བ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༧༠ འཁོར་བའི་དུས་ཆེན་ཟེར་བ་སོགས་ལ་ཁ་གཡར་ནས། ད་ལྟའི་ཆར་རྒྱ་དམར་གཞུང་གིས་བོད་ནང་བོད་མི་གང་བྱུང་འཇུ་བཟུང་བཙན་འཁྲིད་ཀྱིས་རིག་གནས་གསར་བརྗེ་གཉིས་པ་ལྟ་བུའི་ཛ་དྲག་གི་གནས་སྟངས་སྔར་ལས་ཇེ་ཆེར་འགྲོ་བཞིན་པ་ཙམ་དུ་མ་ཟད། དགུན་དུས་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་གཏན་ཁེལ་བ་སོགས་ཀྱི་གནས་སྟངས་ལ་བརྟེན་ནས་བོད་དོན་ལས་འགུལ་སྔར་ལྷག་སྤེལ་དགོས་པའི་སྐབས་འདིར། ང་ཚོ་བོད་མི་ནང་ཁུལ་ཕན་ཚུན་ཤོག་ཁག་སྒྲིལ་རེས་དང་ཚིག་རྩོད་བྱེད་རེས་ལ་དབུ་འཁོར་ནས་སྡོད་ཐབས་ཡེ་ནས་མེད་པར་གཙོ་ཆེ་བོད་དོན་བདེན་མཐའ་གསལ་ཐབས་ཆེད་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་སྐྱོང་དང་། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་འགན་འཁྲི་མི་མང་གི་འོས་འདེམས་ཞུས་པའི་དབུ་ཁྲིད་ཚོར་ཡོད་པ་གཡོལ་ཐབས་མེད་པ་ཞིག་ཡིན་པར་བརྟེན། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩ་བོད་མིའི་མང་གཙོའི་གཞུང་འདི་བཞིན་རྒྱུན་གནས་ཡོང་བའི་ཆེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་། འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་འོས་འདེམས་སོགས་གྲོས་ཚོགས་ཀྱི་ལས་རིམ་སྔར་རྒྱུན་བཞིན་འགྲོ་ཐུབ་ཐབས་སུ། ཚོགས་པ་བཞིས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༤ ཉིན་དོན་ཚན་གསུམ་ཅན་གྱི་རེ་སྐུལ་ཞིག་གསར་འགོད་ལྷན་ཚོགས་བརྒྱུད། འབྲེལ་ཡོད་ཕྱོགས་ཚང་མས་སྤྱི་དོན་ལ་དགོངས་བཞེས་ཀྱི་ནང་ཁུལ་ལེ་འགྲིག་ཅིག་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་ཞུ་བྱས་ཀྱང་། ངེད་ཅག་གིས་སྟོན་པའི་རེ་སྐུལ་ལ་ནུས་བ་ཐོན་ཐབས་མེད་པའི་གནད་དོན་ཤེས་གསལ་བྱུང་བར་བརྟེན། དེ་རིང་ནས་རེ་སྐུལ་དེ་དག་དང་འབྲེལ་པའི་ལས་རིམ་མཚམས་འཇོག་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

མཇུག་ཏུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་པོ་སོ་སོའི་དམིགས་ཡུལ་གལ་འགངས་ཆེ་ཤོས་ནི་སྤྱི་ནོར་༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་དང་ྋརྒྱལ་བའི་༧སྐུ་ཕྱྭའི་ཉེན་སྲུང་བཅས་ཀྱི་འགན་འཁུར་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་བོད་མིའི་རྩ་དོན་འཐབ་རྩོད་ལས་འགུལ་རྒྱུན་སྐྱོང་སྤེལ་རྒྱུའི་ཆོད་སེམས་བརྟན་པོའི་ཐོག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ལགས་ན། རྒྱ་ཆེའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་རྫོགས་ཟློག་རྩ་ཆིག་སྒྲིལ་གྱིས་རྩ་དོན་ཆེད་སྔར་ལྷག་མཉམ་ཞུགས་དང་མདུན་བསྐྱོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་ཏན་ཞུ་ཡི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༩ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 2

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 2 སྔོན།

    རྒྱུ་མཚན་གསལ་བཤད་མེད་པ་མཁྱེན་མཚར་མ་རེད་དམ།
    མདོ་སྟོད་དང་ཆོས་ལུགས་སྤྱི་འཐུས་སོགས་ནས་གསན་འཇོག་མེད་པ་ཡིན་ན་དེ་ལྟར་གསལ་དགོས་གནད་ཀྱང་མེད་པས་དེ་མིན་གནས་དོན་གཞན་ལས་ཡིན་སྲིད་པ་ངས་གལ་གནད་ཀྱི་རིམ་འགོད་འགའ་ཤས་ཞུས་ན།
    ༡༽ ཚོགས་འཐུས་ཁོངས་ནས་ངན་པ་ལག་འབྲེལ་ཡོད་སྲིད་པའི་མི་མང་བསམ་འཆར་དེ་དག་ལག་ཟིན་ནམ་དོག་གཞི་ལས་ནང་ཁུལ་སྤྱི་མཐུན་མེད་པས་ཁ་གྱེལ་ལམ།
    ༢༽བཅའ་ཁྲིམས་ལྟར་མིན་པའི་ལས་འཆར་ལ་མི་མང་ངོས་ལེན་མེད་པའི་གནད་དོན་ལས་ཡིན་ནམ།
    ༣༽ཚོགས་སོ་སོའི་ཚོགས་མི་ཁག་ནས་དམིགས་ཡུལ་བཅའ་ཁྲིམས་གཞི་བཟུང་མེད་ཁར་ཚོགས་པ་ནང་ཁུལ་ཡིད་ཆེས་དཀའ་གནས་ལས་ཕྱིར་འཐེན་དགོས་པའི་བསམ་ཚུལ་ལས་མཚམས་འཇོག་ཞུ་དགོས་བྱུང་ཡོད་དམ།
    དེ་མིན་རྒྱབ་ཟིན་པའི་མདའ་མོ་ཕྱིོར་སྡུ་དགོས་དོན་མེད་དགོས་མ་རེད་དམ།

    Reply
  2. དོན་འགྲུབ says:
    ལོ་ 2 སྔོན།

    འཇོན་གྱིས་མེད་ན་བཞག་ཞོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist