མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དྲ་ཐོག་ནས་མགོ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ལོ་རྒྱུས་ནི་རྩ་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་ལྷག་པར་དུ་བོད་ནང་གི་གནས་སྟངས་ཐད་ངེས་པར་དུ་ཞིབ་འཇུག་ཞིབ་ཚགས་པོ་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

The 7th young Tibetan Research Scholars Conference August 18-20\2021

དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དྲ་ལམ་བརྒྱུད་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མགོ་འཛུགས་གནང་ཡོད་པ་དང་། ཉིན་གྲངས་ ༣ རིང་གི་ཚོགས་འདུ་མགོ་འཛུགས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་ཕེབས་ཡོད་འདགུ་ལ། འདིའི་ཐོག་བོད་རིགས་ན་གཞོན་ཉམས་ཞིབ་པ་ ༢༥ ཙམ་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ ༨ ཙམ་མཉམ་ཞུགས་གནང་གི་ཡོད་འདུག ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་འདི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་གི་ཡོད་པ་རེད་ལ། དེང་སང་རམབའབྱམས་པ་དང་འབུམ་རམས་པ་ཐོན་མཁན་མང་པོ་ཞིག་ཡོད་པ་དང་། ང་ཚོའི་རིག་གཞུང་དང་འབྲེལ་ནས་མཁས་པ་མང་པོ་ཞིག་ཐོན་ཡོང་བ་དེ་ང་ཚོའི་སྤྱི་ཚོགས་ཀྱི་གཟི་བརྗིད་དང་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་རེད་བསམ་གྱི་ཡོད། དེ་ཡང་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ཀྱི་ངོས་ནས་ཤུགས་བརྒྱབ་པ་རེད། ཕ་མའི་ངོས་ནས་ཕྲུ་གུ་ལ་ཆུང་དུས་ནས་སློབ་གསོ་རྒྱག་སྟངས་དང་ལྷག་པར་དུ་སློབ་ཕྲུག་སོ་སོའི་ངོས་ནས་དོ་སྣང་ཤུགས་ཆེ་བྱས་ཏེ་རིགས་གཅིག་རྐང་འཛིན་བྱ་རྒྱུ་དང་འབུམ་རམས་པ་ཐོན་ཡོང་བའི་གནས་སྟངས་ཡོང་གི་ཡོད་པ་དེར་དགའ་སྤོབས་སྐྱེ་འོས་པ་རེད། དྷ་རམ་ས་ལའི་ལས་བྱེད་ནང་དུ་དགུང་ལོ་ཆུང་བ་མང་པོ་ཞིག་འཛུལ་ཞུགས་གནང་ཡོད་ཅིང་། དེའི་ནང་ལག་ཁྱེར་ཚད་དང་ལྡན་པ་མང་པོ་ཡོད་རེད། ཁོང་ཚོ་དགུང་ལོ་ཆུང་ཆུང་ཡིན་པའི་རྒྱུ་མཚན་གྱིས་ཉམས་མྱོང་གི་འདང་མ་འདང་གི་གནས་བབ་མ་གཏོགས་སློབ་སྦྱོང་གི་གཞི་རྩ་ཡག་པོ་ཡོད་པ་རེད། དེར་བརྟེན་སློབ་སྦྱོང་གི་གཞི་རྩ་གཞིར་བཞག་པའི་ཐོག་ནས་མ་འོངས་པར་ང་ཚོའི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ཉམས་མྱོང་མང་པོ་བསག་དགོས་ཀྱི་ཡོད་རེད། ཉམས་མྱོང་བསགས་ཟེར་བ་ནི་མཐོང་ཐོས་མྱོང་གསུམ་གྱི་སྐད་ཆ་བཤད་ཀྱི་ཡོད་རེད། གནས་ཚུལ་གང་མང་མཐོང་བ་དང་ཐོས་ནས་བསམ་བློ་གཏོང་རྒྱུའི་ནུས་པ་བསླེབ་ཡོང་གི་རེད། ཉམས་ཞིབ་པ་ཟེར་དུས་གཞི་རྩའི་ང་ཚོ་བོད་པ་ཡིན་པའི་ཆ་ནས་བོད་པའི་ལོ་རྒྱུས་ལ་ལྟ་དགོས་ཀྱི་འདུག ལོ་རྒྱུས་ཤེས་པ་དེ་རང་བཙན་རྩོད་ཀྱི་ཡོད་མེད་ཙམ་མ་ཡིན་པར་ལོ་རྒྱུས་ཤེས་པ་ཡིན་ན། མ་འོངས་པའི་ཁ་ཕྱོགས་ལ་འགྲོ་རྒྱུའི་དགོས་པ་དང་རྒྱུ་མཚན་འདུག་མི་འདུག་བལྟ་རྒྱུ་དང་། ང་ཚོའི་སྤྱི་ཚོགས་ནང་མིའི་བསམ་བློ་ཁྱེར་སོ་མི་འདྲ་བ་ཡོང་དགོས་པའི་གནས་སྟངས་དེར་རྒྱུས་ལོན་བྱུང་གི་རེད། བྱས་ཙང་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཤེས་དགོས་ཀྱི་འདུག ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་ནི་ང་ཚོས་བོད་ནང་གི་གནས་སྟངས་ཞིབ་ཚགས་པོའི་སྒོ་ནས་ཞིབ་འཇུག་བྱ་དགོས་པ་དེ་གནད་འགག་ཆེན་པོ་ཆགས་ཀྱི་འདུག ཅེས་སོགས་གསུངས་འདུག

Sikyong Penpa Tsering inaugurated the 7th Young Tibetan Research Scholars Conference on 18\August\2021

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུའི་དགོས་དམིགས་སོགས་ཀྱི་སྐོར་དྲིས་པར་ཁོང་གིས། དེ་རིང་གི་ཚོགས་འདུ་འདི་ཐེངས་བདུན་པ་རེད། ཚོགས་འདུའི་དམིགས་ཡུལ་ནི་བོད་ཀྱི་རྩ་དོན་ཡོངས་རྫོགས་ལོ་རྒྱུས་ཀྱི་ཞིབ་འཇུག་ལ་ཐུག་གི་ཡོད་པ་དང་། སོ་སོའི་ངོས་ནས་ལོ་རྒྱུས་བདེན་པ་ཤེས་ཀྱི་ཡོད་ན། བདེན་པ་དེ་ར་སྤྲོད་དང་གསལ་བཤད་བྱ་རྒྱུའི་ནུས་པ་དགོས་ཀྱི་ཡོད་དུས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཤེས་ཡོན་ཅན་རྣམས་འཛོམས་ཏེ་ཁོང་ཚོའི་རྣམ་དཔྱོད་དང་རིག་པ། ཞིབ་འཇུག་བྱས་པ་དེ་ཚོ་བཤད་ཐུབ་པའི་གླེང་སྟེགས་བསྐྲུན་པའི་ཆེད་དུ་ཚོགས་འདུ་ཚོགས་པ་རེད། དེ་བཞིན་སོ་སོ་ལ་ཡོད་པའི་ཡོན་ཏན་དེ་ཚོ་བོད་པས་མི་ཤེས་པ་དང་འཛམ་གླིང་གི་མིས་མ་ཤེས་པ། རྒྱ་མིས་མ་ཤེས་པ། ཁ་ཤས་རྒྱ་ནག་གི་ཆ་ཤས་ལ་ཚུད་ཀྱི་ཡོད་པ་དེ་ཚོ་ལ་གསལ་བཤད་བྱ་རྒྱུ་དང་། སོ་སོའི་ལོ་རྒྱུས་སོ་སོས་མ་ཤེས་ན་མཇུག་མ་མེད་པའི་སྤྲེའུ་ལྟ་བུ་ཡིན་པས། སོ་སོའི་ལོ་རྒྱུས་ཤེས་པར་བྱ་རྒྱུ་དང་། ལོ་རྒྱུས་དེ་ཚོ་བོད་ཀྱི་རྩ་དོན་དང་ཐད་ཀར་འབྲེལ་བ་ཡོད་པས་ལྷག་པར་དུ་ཞིབ་འཇུག་བྱ་དགོས་ཀྱི་ཡོད་པ་རེད། ད་དུང་བོད་པའི་མཁས་པ་དེ་ཚོ་སྐྱེད་སྲིང་བྱས་ནས་ཁོང་ཚོར་གོ་སྐབས་སྤྲོད་པའི་ཆེད་དུ་ཚོགས་འདུ་འདི་ཚོགས་པ་ཡིན། ཞེས་བརྗོད་བྱུང་།

Tibet Policy Institute Director Dawa Tsering

ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་བོད་རིག་པའི་སློབ་སྦྱོང་དང་སློབ་ཡོན་གྱི་འོས། བོད་ཡིག་གི་ཉམས་ཞིབ་རྒྱུ་ཆ་མཁོ་སྤྲོད་བྱེད་ཚུལ་དང་ཉམས་ཞིབ་ཐབས་ལམ་འོས་འཚམས་ཇི་ལྟར་བཟོ་ཚུལ། ཨ་རིར་གྲ་སྒྲིག་མེད་པའི་འབུམ་རམས་པའི་སློབ་མའི་འོས་གཞི་ནས་མཐར་གཙུག་ལག་སློབ་དཔོན་ཆེན་མོའི་སྒེར་གྱི་མི་ཚེའི་འགྲུལ་བཞུད་སྐོར་སོགས་ཡིན་འདུག  དེ་རིང་གི་གཏམ་བཤད་པ་ནི་འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ཀྱིས། ཆིང་གོང་མ་ཆན་ལུང་སྐབས་ཀྱི་མཛད་ཆེན་བཅུ་ཡི་ཡ་གྱལ་ཆུ་ཆེན་དམག་འཁྲུག་སྔ་ཕྱི་གཉིས་ཀྱི་སྐོར་དང་། འབུམ་རམས་པ་བློ་བཟང་ཆོས་གྲགས་ཀྱིས་རྟག་བརྟན་ཕུན་ཚོགས་གླིང་གི་ལྡེབས་རིས་ཀྱི་རིན་ཐང་། ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ཀྱིས་ཨེ་ཤི་ཡའི་ཚོགས་འདུ་ ༡༩༤༧ ལས་འཕྲོས་ཏེ་བོད་ཀྱི་རྒྱལ་གླུའི་བྱུང་འཕེལ་སྐོར་གཏམ་བཤད་དང་དྲི་བ་དྲིས་ལན་གནང་འདུག

དེ་བཞིན། དབྱིན་སྐད་ཐོག་འབུམ་རམས་པ་འབྲོང་ཆུང་བསྟན་འཛིན་ཡིད་འོང་གིས། (Woodblock Printing Houses: A Chronology of its Geographical Spread in Tibet 1400-1900) དང་། འབུམ་རམས་པ་ཨོ་རྒྱན་ཆོས་འགྲུབ་ཀྱིས། (Two Ways to be Sovereign)། འབུམ་རམས་པ་ཚེ་དབང་རིག་འཛིན་གྱིས་(In Pursuit of Modernization: The Great Thirteenth Dalai Lama and Tibet at the Dawn of 20th Century) སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་གི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist