མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་ཁུལ་དུ་བོད་དོན་སྐོར་སྐྱོད་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་མགོ་བཙུགས་ཏེ་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ཎ་ཅལ་བར་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་འདུག

walk miles for tibet by Tenzin Tsundue, Activist and poet.

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༧ ནས་ཟླ་བ་ ༣ ལྷག་གི་རིང་། རྒྱ་གར་གྱི་བྱང་ཕྱོགས་ལ་དྭགས་ནས་མགོ་བརྩམས་ཏེ། ཁུ་ནུ་དང་། སྤི་ཏི། ནེ་ནི་ཏཱལ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འདབས་སུ་ཆགས་པའི་ཡུལ་ལུང་རྣམས་བརྒྱུད་དེ་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ཎ་ཅལ་བར་ཧི་མ་ལ་ཡའི་སྐོར་སྐྱོད་(Walking the Himalayas) ཞེས་པ་གནང་བཞིན་ཡོད་པ་དང་། སྐོར་སྐྱོད་སྐབས་རྒྱ་གར་གྱི་ས་གནས་མི་མང་རྣམས་ལ་བོད་དོན་དང་འབྲེལ། ཉེ་ལམ་བྱུང་བའི་བོད་ཧིན་ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་ནས་ས་གནས་མི་མང་རྣམས་ལ་གོ་རྟོགས་སྤེལ་གྱི་ཡོད་འདུག

འདི་གའི་གསར་འགོད་པར་ཐེངས་འདིའི་སྐོར་སྐྱོད་ཀྱི་དགོས་དམིགས་སྐོར་ལ་ཁོང་གིས། ཉེ་དུས་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་རྒྱ་གར་གྱི་མངའ་སྡེ་ལྔའི་ནང་ལ། རྒྱ་ནག་གི་དམག་མིས་སྡིགས་ར་བསྐུལ་བ་དང་ས་མཚམས་ནང་འཛུལ་བའི་གནས་ཚུལ་ཁྱབ་ཆེན་པོ་བྱུང་ཡོད་པར་བརྟེན། རྒྱ་མིའི་དམག་མི་བོད་ནང་བསླེབས་ཏེ་གཞི་ནས་རྒྱ་གར་ནང་གནས་ཚུལ་དེ་དག་འབྱུང་གི་ཡོད་པ་དང་། ལོ་རྒྱུས་ནང་བོད་དེ་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་མིས་བོད་ལ་བཙན་འཛུལ་བྱས་རྗེས་རྒྱ་གར་གྱི་ས་མཚམས་ནས་སྡིགས་ར་བསྐུལ་ཐུབ་པའི་གནས་སྟངས་ཆགས་ཡོད་པ་སོགས་དང་། མ་འོངས་པར་བོད་རང་བཙན་འཐོབ་ཚེ་རྒྱ་གར་ལ་དེ་ལྟ་བུའི་ཉེན་ཁ་མེད་པ་སོགས་ཀྱི་གནས་ཚུལ་འགྲེལ་བཤད་དང་། དེ་དང་འབྲེལ་ནས་བོད་དོན་དྲིལ་བསྒྲགས་གནང་གི་ཡོད་སྐོར་བརྗོད་བྱུང།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རང་གི་སྤྱི་ཚོགས་དྲ་ལམ་ངོ་དེབ་སྟེང་སྤེལ་བའི་ལས་འགུལ་དེའི་སྐོར་གྱི་གསལ་བསྒྲགས་ནང་། ཁོང་གིས་ལ་དྭགས་ནས་ཨ་རུ་ཎ་ཅལ་བར་གྱི་སྐོར་སྐྱོད་རིང་། ལ་དྭགས་ཀྱི་གྲོང་ཁྱེར་ལྟེ་བ་གླེ་དང་། ནུབ་ར། ཀར་གྷིལ། ཟངས་དཀར་བཅས་དང་། ཧི་མ་ཅལ་གྱི་ལ་ཧུལ་དང་། སྤི་ཏི། ཁུ་ནུ། དེ་ནས་ཨུ་ཏྲ་ཁན་ཌི་མངའ་སྡེའི་ཀུ་མོན་(Kumaon, Uttrakhand)  ཁུལ་དུ་གཏོགས་པའི་པོ་རི་གྷར་ཝལ་ (Pauri-Garhwal) དང་། ནེ་ནི་ཏཱལ་ (Nainital)། ཨལ་མོ་ར་(Almora)། དྷར་ཅུ་ལ་(Darchula) བཅས་དང་། མཐའ་མཇུག་དེར་བྱང་ཤར་མངའ་སྡེ་ཨ་རུ་ཎ་ཅལ་གྱི་ཀ་ལིམ་པོང་དང་། རྡོ་རྗེ་གླིང་། སྒང་ཏོག ཨི་ཊི་ན་གྷར། རྟ་དབང་བཅས་ནང་བསྐྱོད་རྒྱུ་ཡིན་འདུག

སྐོར་སྐྱོད་ཀྱི་ལམ་བར་དུ་ས་གནས་ཀྱི་སློབ་གྲྭ་དང་གྲོང་གསེབ། ཁྲོམ་ར། ཚོགས་སྡེ་སོགས་འདུ་འཛོམས་ཅི་རིགས་སུ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་པའི་སྐོར་གྱི་ཧིན་སྐད་ཐོག་ཕབ་བསྒྱུར་ཞུས་པའི་གློག་བརྙན་ (Dalai Lama- Escape to India) སྐར་མ་ ༨༠ ཅན་དེ་ཉིད་གང་མང་སྟོན་ཐབས་བྱ་རྒྱུ་ཡིན་སྐོར་དང་། དེ་བཞིན་ལམ་བར་གྱི་ས་གནས་གཞོན་སྐྱེས་རྣམས་ལ་རྩོམ་ཡིག་སྐོར་གྱི་ཟབ་སྦྱོང་ཡང་སྤྲོད་ཐབས་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་འདུག

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༢ ཏེ་བོད་ཀྱི་ལོ་སར་ཚེས་གཅིག་ནས་ཕྱི་ཟླ་ ༣ ཚེས་ ༩ བར་ཟླ་གཅིག་ཙམ་རིང་བོད་རང་བཙན་ཆེད་བཞུགས་སྒར་དྷ་ས་ནས་ལྡི་ལི་བར་བོད་དོན་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་དང་། ཐེངས་འདིའི་ལས་འགུལ་སྐབས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་དང་ས་འབྲེལ་ཡིན་པའི་རྒྱ་གར་གྱི་མངའ་སྡེ་ཁག་གི་བློན་ཆེན་རྣམ་པས་སོ་སོའི་མངའ་སྡེ་དེ་བོད་དང་ས་འབྲེལ་ཡིན་པ་ལས། རྒྱ་ནག་དང་ས་འབྲེལ་མིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་པའི་རེ་འདུན་ཤུགས་ཆེན་པོ་འདོན་གྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 3

  1. Khenrap says:
    ལོ་ 5 སྔོན།

    Tenzin Tsundru, I salute you. No word can talk only your talks louder.

    Reply
  2. ལྡེ་མིག says:
    ལོ་ 5 སྔོན།

    རྒྱལ་སྤྱི་དང་ལྷག་པར་རྒྱ་གར་སོགས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་ལྟ་བགྱིནསྒུག་ནས་སྡོད་པ་ལས། དངོས་སུ་རྒྱབ་སྐྱོར་འཐོབ་ཆེད་གནམ་གཤིས་ཚ་གྲང་དང་། ཡུལ་ངེས་མེད་ཀྱི་དཀའ་སྡུག་ལ་ཇི་མི་སྙམ་པར་ས་ཁྱད་གོམ་བགྲོད་ཀྱིས་ཆོད་པའི་ཐོག་ནས་མི་དང་མིའི་སྒོ་འགག་ཏུ་སྐྱོད་གྱིན་རྒྱབ་སྐྱོར་འཐོབ་པར་འབད་པ་ནི་བསྔགས་བརྗོད་ཙམ་མིན་པར་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་རམ་འདེགས་ཞུ་འདོད་ལྷང་ལྷང་དུ་ཤར།

    Reply
  3. བློ་བཟང་། says:
    ལོ་ 5 སྔོན།

    རྗེས་སུ་ཡི་རང་ཞུ་ཞུ། འདི་འདྲ་ནི་དངོས་གནས་བོད་དོན་སྒྲུབ་སྟངས་རེད། རྗེས་སུ་ཡི་རང་ཞུ་རྒྱུ་གཏོགས་ང་ལ་ཁྱེད་ཀྱི་སེམས་ཤུགས་ལྟ་བུ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese