མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ནད་རླབས་གསུམ་པར་གྲ་སྒྲིག་ཡོད་པ་བྱ་དགོས་པའི་ལམ་སྟོན་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་རིང་རྒྱལ་བལ་གཉིས་ཀྱི་བོད་མི་གྲངས་ ༥༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་བོད་མི་གཉིས་རྐྱེན་འདས་སུ་ཕྱིན་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༣ པ།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤ ཙམ་གྱི་སྟེང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༣ སྤེལ་བ་ལྟར་ན། འདས་པའི་བདུན་གཅིག་ནང་རྒྱ་གར་གྱི་ས་གནས་ ༡༤ དང་བལ་ཡུལ་གྱི་ས་གནས་ ༥ ཡི་ནང་རང་ཁྱིམ་དུ་འགོག་དབྱེ་ཟུར་བཀག་ཏུ་བཞུགས་མཁན་མི་གྲངས་ ༧༦༢ དང་ཚོགས་སྡེའི་ཟུར་བཀག་ཁང་དུ་བཞུགས་མཁན་མི་གྲངས་ ༣༥༨ བཅས་ཁྱོན་བསྡོམས་མི་གྲངས་ ༡༡༢༠ ཟུར་བཀག་འོག་བཞུགས་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་ནང་ནད་གཞི་གསར་པ་ཕོག་པའི་བོད་མི་ ༥༥ བྱུང་བའི་ཁྲོད་ནས་ལོ་ན་མཐོ་ཤོས་ ༩༣ དང་ལོ་ན་ཆུང་ཤོས་དེ་བྱིས་པ་ལོ་བདུན་ཅན་ཡིན་པ་དང་། དེ་བཞིན་བོད་མི་ ༢ འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་ ༦༡༣༥ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༥༧༦༥ དང་། རྐྱེན་འདས་སུ་ཕྱིན་པ་ ༡༤༦། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་མི་གྲངས་ ༢༢༤ ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་སྒྲོལ་མ་ལགས་ཀྱིས།  རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མངའ་སྡེ་ཁ་ཤས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གཉིས་པ་མཇུག་སྒྲིལ་ཏེ་གནས་སྟངས་ཇེ་ལྷོད་དུ་ཕྱིན་པ་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མངའ་སྡེ་ཁ་ཤས་སུ་མཐོ་སློབ་དང་སློབ་གྲྭ་ཁག་སྒོ་ཕྱེ་ནས་སློབ་མགོ་འཛུགས་ཀྱི་ཡོད་པ་ལྟར། མངའ་སྡེ་དེ་དག་ཏུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་སྒོ་ཕྱེ་དགོས་ཁེལ་ཚེ། དབུས་དང་ས་གནས་སོ་སོའི་ལམ་སྟོན་འོག་ཤར་སྐྱོད་བྱ་གལ་ཆེན་པོ་ཡིན་པ་དང་། རྒྱ་གར་ནང་དུ་ཟླ་བ་ ༨ དང་༩། དེ་བཞིན་ཟླ་ ༡༠ ནང་པའི་ནད་རླབས་གསུམ་པ་ཡོང་གི་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་སྟབས། འཛིན་སྐྱོང་དང་ཆེད་ལས་པ་རྣམས་ཀྱི་ནད་རླབས་གསུམ་པར་གདོང་ལེན་གྱི་གྲ་སྒྲིག་འཐུས་ཚང་ཡོད་པ་དང་། དེ་བཞིན་མི་དམངས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཕན་བདེའི་སླད་རང་འགན་རང་སྲུང་གིས་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་།

ཡང་ཕྱི་ལུགས་པ་སྨན་པ་ཨོ་རྒྱན་རྒྱ་མཚོ་ལགས་ཀྱིས། ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དཀྲོགས་གཏམ་རིགས་ལ་ཡིད་ཆེས་མི་བྱེད་པར། སོ་སོའི་ཉེ་འཁོར་དུ་ཡོད་པའི་འཕྲོད་བསྟེན་མི་སྣའི་དྲུང་ནས་ལམ་སྟོན་ཞུ་དགོས་པ་དང་། རྒྱུན་དུ་ནས་ལག་པ་བཀྲུ་རྒྱུ། ཁ་རས་གྱོན་རྒྱུ། མི་དམངས་འདུ་འཛོམས་ཀྱི་གྲས་སུ་མི་འགྲོ་རྒྱུ་དང་། མི་གཞན་དང་འཕྲད་སྐབས་བར་ཐག་འཇོག་དགོས་པ་དང་།  དེ་བཞིན་ཏོག་དབྱིབས་རིམས་ནད་ཀྱི་སྐབས་འདིར་སེམས་ཁམས་ཀྱི་དཀའ་ངལ་ཡོད་རིགས་ཚོས། རང་གི་འཕྲོད་བསྟེན་ལ་དོ་དབྱིངས་གནང་དགོས་པ་དང་། གལ་སྲིད་སེམས་ཁམས་ཀྱི་དཀའ་ཁག་བྱུང་ཚེ་རང་གི་གྲོགས་པོ་གྲོགས་མོོ་དང་གཉེན་ཉེ། སེམས་ཁམས་ལམ་སྟོན་པ་ཚོར་འབྲེལ་བ་གནང་དགོས་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་བར་བོད་ཀྱི་སྨན་རྩིས་ཁང་ནས་རིན་མེད་ཐོག་གསོ་རིག་ལུས་སེམས་ནད་གསོའི་སྨན་ ༤༣༤༧༣ བགོ་འགྲེམས་དང་། དམིགས་བསལ་བྱིས་པ་རྣམས་ལ་ལུས་སེམས་ནད་གསོའི་སྨན་ ༤༨༧༥ བགོ་འགྲེམས་བྱུང་ཡོད་ཅིང་།  འདས་པའི་བདུན་ཕྲག་གཅིག་རིང་མི་གྲངས་ ༦༢ ལ་སེམས་ཁམས་འཕྲོད་བསྟེན་ལམ་སྟོན་གནང་ཡོད་པ་དང་རྒྱ་གར་གྱི་ས་གནས་ ༡༥ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༣ ནས་མི་གྲངས་ ༧༦༩ ལ་ཏོག་དབྱིབས་བརྟག་དཔྱད་གནང་ཡོད་པ་རེད་ལ། ད་བར་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་ཚར་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༢༡༠༩༩ དང་ཐེངས་དང་པོ་བརྒྱབ་ཟིན་པའི་གྲངས་འབོར་ཁྱོན་  ༢༨༧༡༠ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པ་མི་ ༣༠༢༤ དང་ཁབ་ཚར་དང་པོ་ཐོབ་མཁན་མི་གྲངས་ ༦༨༣ ཆགས་ཡོད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༡༦ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༡༧ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese