མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ན་གཞོན་སྙན་ངག་པ་ཚེ་དཔའ་འམ་འཕྱན་བྷང་ལགས་འདས་གྲོངས་སུ་ཕྱིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རྩོམ་ཡིག་གང་མང་བྲིས་མྱོང་བའི་བོད་ཀྱི་ན་གཞོན་སྙན་ངག་པ་དང་ཆབ་སྲིད་བཙོན་ཟུར་ཚེ་དཔའ་ལགས་ནད་གཞིའི་རྐྱེན་བྱས་ཏེ་གཅིག་སྒྲིལ་རྫོང་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག

བོད་ཀྱི་སྙན་ངག་པ་ཚེ་དཔའ་འམ་འཕྱན་བྷང་ལགས་འདས་གྲོངས།

འདི་གའི་གསར་འགོད་པར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་མགོ་ལོག་གཅིག་སྒྲིལ་ནས་ཡིན་པའི་བོད་རིགས་གཞོན་སྐྱེས་སྙན་ངག་པ་དང་དེ་སྔ་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་སོགས་བྱས་མྱོང་བའི་ཚེ་དཔའ་འམ་སྨྱུག་མིང་ལ་འཕྱན་བྷང་ལགས་ཆང་འཐུང་བར་རྐྱེན་བྱས་ཏེ་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་ནི་བོད་ཀྱི་སྐད་ཡིག་དང་བོད་མི་རིགས་ཀྱི་ལས་དབང་ཐད་ནམ་རྒྱུན་ནས་སེམས་ཤུགས་ཅན་ཞིག་ཡིན་པ་དང་། ཐེངས་འདིར་ཁོང་འདས་གྲོངས་སུ་ཕྱིན་པར་བོད་ནང་གི་སྐད་འཕྲིན་སོགས་དྲ་ལམ་ཁག་ཏུ་བོད་མི་ཚོས་གླེང་སློང་ཤུགས་ཆེར་བྱེད་བཞིན་འདུག

བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་བ་ལྟར་ན། ཚེ་དཔའ་ལགས་ནི་ནམ་རྒྱུན་སྙན་ངག་དང་རིག་གནས་ཀྱི་ལས་རིགས་ཕྱོགས་ལ་དགའ་མོས་ཡོད་མཁན་ཞིག་ཡིན་པ་དང་། སློབ་གྲྭ་ཆེན་མོའི་སྐབས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རྩོམ་ཡིག་ཁག་སྤེལ་བ་ལ་བརྟེན་ནས་ཐེངས་འགའི་རིང་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་མ་ཟད། ཁོང་གི་རྩོམ་ཡིག་ཁག་ཅིག་བཀག་བསྡོམས་དང་འབྲེལ་ནས་ཉེན་བརྡ་སོགས་ཀྱང་བཏང་མྱོང་ཡོད་འདུག

ཐེངས་འདིར་སྙན་ངག་པ་ཁོང་འདས་གྲོངས་སུ་སོང་བར་བོད་ནང་གི་སྙན་ངག་པ་དང་ཤེས་ཡོན་པ་མང་པོས་གདུང་སེམས་མྱ་ངན་ཞུ་བཞིན་ཡོད་པའི་ཁྲོད། བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་སྲིན་པ་ལགས་ནས། ད་ལྟའི་ཆར་བོད་ལ་སྙན་ངག་ལ་བློ་དཀར་ཡིན་པའི་ན་གཞོན་ཁོང་ལྟ་བུ་ཧ་ཅང་ཉུང་བ་དང་། ཁོང་ནི་རིག་གནས་སློབ་གཉེར་ལ་དགའ་མོས་དང་ཕུགས་བསམ་ཅན་གྱི་མི་ཞིག་ཡིན་སྐོར་དང་། ཡང་གཞན་ཞིག་གིས་ཁོང་གི་མི་ཚེ་ཧྲིལ་བོ་གནའ་གནོན་ལ་མགོ་མི་སྒུར་བར་ཁེར་ཚུགས་ལྡན་པའི་ངང་སྐྱེལ་ཡོད་སྐོར་སོགས་བརྗོད་འདུག

དྲ་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཚེ་དཔལ་ལགས་ནི་ཕྱི་ལོ་ ༡༩༩༢ ལོར་བོད་མགོ་ལོག་གཅིག་སྒྲིལ་ཏུ་སྐྱེས་ཤིང་། ཁོང་ལ་ཚེར་བསྟར་ལྗང་ལོ་ཞེས་པའི་སྙན་ངག་དེབ་ཅིག་དང་། ལྷུག་རྩོམ་གྱི་དེབ་ཆོབ་ཚ་པོ་དང་ར་རོ་པ། འགྱུར་དེབ་སྐྱེས་ཆེན་གྱི་སྙིང་སྟོབས་དང་དོགས་ནད་ཨང་དོན་བཞི། དེ་བཞིན་འཁྲབ་གཞུང་རྒུད་པ་སོགས་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་མང་པོ་བྲིས་གནང་ཡོད་འདུག

ལྷོ་ཕྱོགས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese