མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྔོན་འགྲོ་སློབ་གྲྭ་ཚང་མའི་ནང་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ལག་བསྟར་བྱ་འཆར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་རིགས་གཙོས་པའི་རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོར་ཆུང་དུས་ནས་རང་གི་ཕ་སྐད་ཀྱི་ཚབ་ཏུ་རྒྱའི་སྐད་ཡིག་སློབ་ཁྲིད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད།

ཞི་ཅིན་ཕིན་གྱིས་མི་རིགས་སློབ་གསོ་ནི་བྱིས་པ་ནས་མགོ་རྩོམ་དགོས་པའི་ལམ་སྟོན་དང་དགོངས་པ་ཟེར་བར་སློབ་སྦྱོང་དོན་འཁྱོལ་ཡོང་སླད་དུ། རྒྱ་ནག་གཞུང་གིས་བོད་དང་ནང་སོག ཡུ་གུར་བཅས་གཙོས་པའི་རྒྱ་ནག་གི་དྲག་གནོན་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་དང་གྲོང་གསེབ་ཀྱི་སྔོན་འགྲོའི་སློབ་གྲྭ་ཁག་ཏུ། འབྱུང་འགྱུར་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱི་སློབ་གསོའི་སྲིད་ཇུས་ཟེར་བ་ལག་བསྟར་བྱེད་དགོས་པ་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ས་ཁུལ། དེ་བཞིན་གྲོང་སྡེ་སོགས་ལ་བཀའ་བསྒྲགས་ཡོད་པ་རེད།

རྒྱ་ནག་གི་ཤེས་རིག་ལྷན་ཁང་ཟེར་བས་སྤེལ་བའི་གནས་ཚུལ་ལྟར་ན།  ཡོང་རྒྱུ་བསྡད་པའི་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ས་ཁུལ། གྲོང་སྡེ་ཁག་སོགས་ནས་ཞི་ཅིན་ཕིན་གྱི་རྒྱ་ནག་ནང་གི་སྐད་ཡིག་སློབ་གསོའི་ཐད་གནང་བའི་ལམ་སྟོན་དང་དགོངས་པར་སློབ་སྦྱོང་ཡང་དག་ཟེར་བ་ལག་བསྟར་ཡོང་སླད། གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས། ཆུང་དུས་ནས་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་བཞག་སྟེ། མི་སྒེར་འཕེལ་རྒྱས་དང་རིག་རྩལ་ལྡན་པ་ཞིག་ཏུ་བཟོས་པ་བརྒྱུད་གྲོང་གསེབ་གོང་འཕེལ་དང་། ཀྲུང་ཧཱ་མི་རིགས་ཆེན་མོའི་གཞིས་ཁྱིམ་སྲ་བརྟན་གྱི་འདུ་ཤེས་ཡོད་མཁན་ཟེར་བ་ཞིག་ཏུ་བསྒྱུར་དགོས་སྐོར་བསྒྲགས་ཡོད་པ་དང་། ཐག་གཅོད་དེ་ནི་འདས་ལོའི་ཕྱི་ཟླ་ ༡༡ ནང་འཚོགས་པའི་ལོ་ལྔ་འཆར་ཅན་གྱི་ཚོགས་འདུ་སྐབས་བཅུ་བཞི་བའི་སྟེང་བྱུང་བ་ཞིག་ཡིན་པ་རེད།

དེ་འབྲེལ་གནས་ཚུལ་ནང་རྒྱ་ནག་གིས་བཅད་བགོ་བྱས་པའི་བྱེ་བྲག་བོད་ཀྱི་ས་ཁུལ་ཁག་ཅིག་མིང་འདོན་བྱས་པ་ལྟར་ན། རྒྱ་ནག་དབུས་ས་གཉིས་མཉམ་འབྲེལ་གྱི་གཙོས་ས་གནས་དམར་ཤོག་ཚོགས་པ་དང་སྲིད་གཞུང་། དེ་བཞིན། སྐད་ཡིག་སློབ་གསོ་དོ་དམ་ལས་ཁུངས་བཅས་ཀྱི་མགོ་ཁྲིད་ཚོས་མཚོ་སྔོན་ལ་རྒྱབ་སྐྱོར་གྱིས། རྒྱའི་སྐད་ཡིག་སློབ་གསོ་དར་སྤེལ་དུ་གཏོང་སླད། ༼ལག་བསྟར་ནས་མགོ་རྩོམ་པ་དང་རྒྱ་སྐྱེད་ལ་དམིགས་པ། ཕྱོགས་ཡོངས་ནས་དར་སྤེལ་དང་སྲ་བརྟན། འཕེལ་རྒྱས་༽ཞེས་པའི་སློབ་གསོའི་ཐབས་ལམ་བརྒྱུད་མཚོ་སྔོན་ཞིང་ཆེན་ཁྱོན་ཡོངས་གྱི་དགེ་རྒན་དང་གྲོང་གསེབ་ཀྱི་སློབ་མ་དང་རྩ་ཐང་གི་ཞིང་འབྲོག་མང་ཚོགས་བཅས་ཀྱི་རྒྱ་ཡིག་གི་འཕེལ་རྒྱས་སྲ་བརྟན་ཅན་དུ་བསྒྱུར་བའི་ཐབས་ལམ་འཚོལ་དགོས་པ་དང་། སི་ཁྲོན་ཞིང་ཆེན་གྱི་༼གྲོང་གསེབ་གཅིག་ལ་བྱིས་སློབ་ཁང་གཅིག་༽ ཅེས་པའི་སྐད་ཡིག་སློབ་གསོའི་སྲིད་ཇུས་ལག་བསྟར་གྱི་གྲུབ་འབྲས་དང་ཉམས་མྱོང་གཞིར་བཞག་ཐོག དོན་ཕན་གསོས་པའི་དཔེ་མཚོན་ཉམས་མྱོང་དང་ངེས་དོན་གྱི་འཛུབ་ཁྲིད་ལག་བསྟར་དར་སྤེལ་གཏོང་རྒྱུ་ཡིན་པ་དང་། གྲོང་གསེབ་གཅིག་ལ་བྱིས་སློབ་ཁང་གཅིག་ཟེར་བའི་སྲིད་ཇུས་དེ་ཕྱི་ལོ་ ༢༠༡༥ ཙམ་ནས་སི་ཁྲོན་ཞིང་ཆེན་གྱི་ཁོགས་གཏོགས་གྲངས་ཉུང་མི་རིགས་གཞན་ལ་ལག་བསྟར་མགོ་འཛུགས་བྱས་ཡོད་པ་ལས། དམིགས་བསལ་བོད་ཀྱི་སློབ་གྲྭ་ཁག་ཏུ་ལག་བསྟར་བྱས་ཡོད་མེད་ཁ་གསལ་མེད་པ་རེད།

ད་རེས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་ལག་བསྟར་བྱ་རྒྱུ་ནི་སྐད་གཉིས་སློབ་གསོར་རམ་འདེགས་བྱེད་ཀྱིན་ཡོད་པ་ཡོངས་བསྒྲགས་བྱས་པ་དང་། རྒྱ་ནག་གིས་བོད་ཁུལ་དུ་སྐད་གཉིས་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པ་ཡོངས་གྲགས་ཐོག རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན།  ཕྱི་ལོ་ ༢༠༠༡ ལོ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འཛིན་རིམ་གསུམ་པ་ནས་སྐད་གཉིས་སློབ་གསོ་ལག་བསྟར་གྲ་སྒྲིག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་་རྒྱལ་ས་ལྷ་སའི་སློབ་གསོ་ཁང་ཟེར་བས། ལྷ་སའི་ཉེ་འགྲམ་དང་མངའ་ཁོངས་རྫོང་ཁག་མང་ཆེ་བའི་སློབ་ཆུང་དུ་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་བཞིན་པ་དང་། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་བུ་བཅོལ་ཁང་གི་ལོ་གསུམ་མན་གྱི་བྱིས་པ་ཁྲི་བརྒྱད་དང་ཆིག་སྟོང་ལ་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་མགོ་བརྩམས་ཡོད་ཡོངས་བསྒྲགས་བྱས་རྗེས་མ་གཏོགས། ཕྱི་ཕྱོགས་ནས་བོད་རང་སྐྱོང་ལྗོངས་ནང་སྐད་གཉིས་སློབ་གསོའི་ཐབས་ལམ་ལག་བསྟར་བྱེད་བཞིན་པ་ཤེས་རྟོགས་ཐུབ་མེད་ལ། འདི་ལོའི་ཕྱི་ཟླ་ ༥ བར་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བུ་བཅོལ་ཁང་ཁྱོན་ ༢༡༩༩ ཡོད་པའི་ནང་བྱིས་པ་ཁྲི་ ༡༥ ལྷག་ཡོད་པར་བཤད་ལ། བྱིས་པ་དེ་དག་ལ་སློབ་ཁྲིད་དགེ་རྒན་དང་ལས་བཟོ་མི་སྣ་ཁྱོན་ ༩༡༥༩ ཡོད་སྐད་བསྒྲགས།

རྒྱ་ནག་གཞུང་གི་སློབ་གསོ་ཐབས་ལམ་གཉིས་པ་ཟེར་བ་ནི་གྲངས་ཉུང་མི་རིགས་ས་ཁུལ་གཅིག་ནས་གཅིག་བར་འཆར་གཞི་ལྡན་པ་དང་རྣམ་པ་མི་འདྲ་བའི་ཐོག་ནས་སྤེལ་གྱིན་ཡོད་པ་ལྟར། མཚོ་སྔོན་དང་སི་ཁྲོན། ཀན་ལྷོ་ཕྱོགས་ཀྱི་བོད་པའི་སྔོན་འགྲོ་སློབ་གྲྭ་ཁག་ཏུ་བསླབ་གཞི་རྒྱ་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་མེད་ཡོངས་བསྒྲགས་བྱས་མེད་ནའང་། དེང་སང་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཕྱོགས་ཀྱི་བོད་པའི་བུ་བཅོལ་ཁང་གི་སློབ་ཁྲིད་ཀྱི་ཐབས་ལམ་ལ་ཚོད་འཛིན་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་མཚོན་པའི་བཀྲ་ཤིས་རྟགས་བརྒྱད་དང་ནང་པའི་མཚོན་རྟགས་སོགས་ཀྱི་ཚབ་ཏུ། རྒྱ་ནག་གི་མགོ་ཁྲིད་དང་དམར་ཤོག་ཚོགས་པའི་ལྟ་གྲུབ་མཚོན་པའི་ཡིག་པར་སོགས་འཛིན་ཁང་དུ་སྦྱོར་དགོས་ཀྱི་ཡོད་པ་དང་། བོད་མི་མང་པོ་ཞིག་གིས་བྱིས་པར་རང་ཁྱིམ་ནས་ལྟ་རྟོག་མི་དགོས་པར་སྟབས་བདེ་རེད་བསམ་ནས་བྱིས་པ་བུ་བཅོལ་ཁང་དུ་འཇོག་མཁན་ཇེ་མང་དུ་འགྲོ་ཡི་ཡོད་པའི་གནས་སྟངས་བོད་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།

ད་རེས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྔོན་འགྲོ་སློབ་གྲྭ་ཁག་ཏུ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་བྱེད་དོན་བཞི་ཡོད་པའི་ནང་། རྒྱ་ནག་གི་ཤར་ནུབ་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྔོན་འགྲོའི་སློབ་གྲྭ་ཁག་ཏུ་ངེས་པར་དུ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་དགོས་པ་དང་། ས་ཁུལ་དེ་དག་གི་དགེ་རྒན་རྣམས་ལ་ངེས་པར་དུ་བྱིས་པར་རྒྱ་ཡིག་འཁྲིད་ཐུབ་པའི་ཤེས་ཚད་ལྡན་པའི་ཐོག་ནས་སློབ་ཕྲུག་གི་རྒྱུད་ལ་རྒྱའི་སྐད་ཡིག་གི་རྨང་གཞི་ལེགས་པོ་བཏིང་སྟེ། སྔོན་འགྲོའི་སློབ་མ་རྣམས་ལ་རྒྱ་སྐད་ཀྱི་དཀའ་མེད་ཅིང་། སྐད་གཉིས་སློབ་གསོའི་སྲིད་ཇུས་ལ་རམ་འདེགས་ཀྱིས་སློབ་མ་རྣམས་དམའ་རིམ་སློབ་གྲྭར་ཞུགས་སྐབས་རྒྱའི་སྐད་ཡིག་གི་དཀའ་ངལ་མེད་པ་ཞིག་བཟོ་དགོས་ཀྱི་ཡོད་འདུག

གྲངས་ཉུང་མི་རིགས་ས་ཁུལ་གྱི་སྔོན་འགྲོའི་སློབ་གྲྭ་ཁག་གི་གཞི་རྩའི་དཀའ་ངལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། དམིགས་བསལ་རྒྱའི་སྐད་ཡིག་སློབ་ཁྲིད་བྱས་པ་བརྒྱུད་བཅོས་སྒྱུར་དང་ཕྱོགས་ཀུན་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་འཁྲིད་དགོས་པ་དང་། དབུས་ས་གཉིས་མཉམ་འབྲེལ་དང་ས་གནས་སྲིད་གཞུང་གི་མགོ་ཁྲིད་ཀྱི་སྣེ་འཁྲིད་འོག་དཔལ་འབྱོར་འདུ་འགོད་བྱས་ཏེ། རྒྱ་ཡིག་སློབ་ཁྲིད་ཀྱི་མཐུན་རྐྱེན་དང་དགེ་རྒན་གྱི་རྒྱ་ཡིག་དང་སློབ་ཁྲིད་ཀྱི་གནས་ཚད་གོང་མཐོར་བཏང་སྟེ། རྒྱ་ཆེ་ས་ནས་མང་ཚོགས་མཉམ་ཞུགས་བྱེད་དུ་འཇུག་དགོས་པ། དེ་བཞིན། ས་གནས་སྲིད་གཞུང་གིས་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱི་གལ་སྙིང་གཙུགས་སུ་བཟུང་སྟེ་ནུས་ཤུགས་ཡོད་རྒུ་བཏོན་པ་བརྒྱུད་གཞུང་དང་སློབ་གྲྭ བཟོ་གྲྭ་དང་ཁེ་ལས་བཅས་མཉམ་འདུས་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི་ཁོར་ཡུག་བསྐྲུན་ཐབས་བྱས་ཏེ། བྱིས་པ་རྣམས་ལ་འདྲ་མཉམ་སློབ་གསོ་དང་ཚད་མཐོའི་སློབ་གསོ་བསྐྲུན་པའི་ཞབས་འདེགས་ཞུ་བ། དེ་བཞིན་གོམ་སྟབས་རིམ་སྤོ་ཡིས་བྱིས་པའི་ལུས་སེམས་གཉིས་ཀྱི་འཕེལ་རྒྱས་དང་རྒྱ་སྐད་རྒྱ་ཡིག་གི་གོ་རྟོགས་ཇེ་མཐོར་གཏོང་བ་དང་། ཁྲིམས་ལུགས་དང་མཐུན་པའི་ལས་དོན་སྤེལ་ཏེ་མངོན་སུམ་གྱི་གྲུབ་འབྲས་ལ་དམིགས་དགོས་པ། དགེ་རྒན་གྱི་སློབ་གསོའི་བྱ་གཞག་གི་བསམ་བློར་བཅོས་སྒྱུར་གྱིས།  རྒྱའི་སྐད་ཡིག་སློབ་གསོའི་སྲིད་ཇུས་ཀྱི་རྗེས་སུ་འབྲངས་དགོས་པ་དང་། སློབ་ཁྲིད་ཀྱི་ཁོར་ཡུག་ཚད་ལྡན་དུ་བསྐྲུན་ཏེ། བྱིས་པའི་ཡིད་ངག་གཉིས་ལ་རྒྱའི་སྐད་ཡིག་འབྱར་ཡོད་པར་བཟོ་དགོས་ཀྱི་ཡོད་འདུག

དགེ་རྒན་འོས་སྦྱོང་གི་བྱེད་སྒོ་དོན་འཁྱོལ་དང་དོ་ནན་དུ་སྤེལ་ཏེ་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་རྣམས་ཀྱི་རྒྱ་ཡིག་གི་དམའ་མཐའི་ཆུ་ཚད་ནི་བརྒྱ་ཆ་ ༨༠ དང་དགེ་རྒན་གྱི་ལག་ཁྱེར་ཚད་ལྡན་དགོས་པ་དང་། གྲངས་ཉུང་མི་རིགས་རང་གི་ས་ཁུལ་གྱི་སློབ་ཐོན་སློབ་མ་རྣམས་ལ་ལམ་སྟོན་དང་བློ་སྟོབས་སྐྱེད་དེ་ས་གནས་རང་གི་སྔོན་འགྲོ་སློབ་གྲྭའི་དགེ་རྒན་གྱི་འོས་སྦྱོང་སྤྲད་པ་བརྒྱུད་ལས་གནས་བསྐྲུན་ཐབས་བྱ་དགོས་པ་དང་། རྒྱའི་སྐད་ཡིག་གི་གནས་ཚད་མཐོ་ཞིང་བཟང་གསུམ་འཛོམས་པའི་དགེ་རྒན་དག་གྲངས་ཉུང་མི་རིགས་ས་ཁུལ་དུ་ཆེད་དུ་མངགས་གཏོང་བྱ་རྒྱུ། གྲངས་ཉུང་མི་རིགས་ཀྱི་ས་གནས་དང་འཚམས་པའི་རྒྱའི་སྐད་ཡིག་སློབ་གསོ་དར་སྤེལ་གྱི་ཀུན་སློང་བསླངས་ཏེ། དྲ་ཐོག་ནས་སྤྱི་དམངས་ལ་མཁོ་སྒྲུབ་བྱས་པའི་རྒྱ་ནག་གཞུང་འབྲེལ་གྱི་སློབ་གསོའི་རྒྱུ་ཆ་བེད་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྔོན་འགྲོ་སློབ་གྲྭའི་སློབ་ཁྲིད་ཀྱི་ཐབས་ལམ་གོང་མཐོར་དམིགས་ཏེ་སློབ་གྲྭ་ཕན་ཚུན་བར་མཉམ་འབྲེལ་དང་སྔོན་འགྲོ་སློབ་གསོའི་དཔེ་ལེགས་ཀྱི་རྒྱུ་ཆ་བགོ་འགྲེམས་བྱེད་པ་སོགས་དུས་དང་བསྟུན་པའི་དྲ་ཐོག་སྔོན་འགྲོ་སློབ་གྲྭ་ཟེར་བ་བསྐྲུན་རྒྱུ། དེ་བཞིན་རྒྱ་ནག་གི་ཤར་ནུབ་ཀྱི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་གྲོང་གསེབ་ཁག་ཏུ་ལྡུམ་ར་སོགས་ཀྱི་འཛུགས་སྐྲུན་རྒྱ་ཆེ་སྤེལ་ཏེ།  ས་ཁུལ་དེ་དག་གི་སྔོན་འགྲོའི་སློབ་གྲྭར་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་བྱ་དགོས་པ། རྒྱལ་ཁབ་ཀྱི་སྐད་ཡིག་སློབ་གསོ་དར་སྤེལ་ཟེར་བའི་འོས་འགན་ཁུར་བའི་འོག་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་རྩ་འཛུགས་ཀྱིས། གྲོང་གསེབ་ཀྱི་སྔོན་འགྲོའི་སློབ་གྲྭ་ཁག་འཕེལ་རྒྱས་དང་རྒྱུ་ཆ་འཚོལ་བསྡུ། དགེ་རྒན་འོས་སྦྱོང་སོགས་ཀྱི་བྱ་འགུལ་ཚགས་ཚུད་སྤེལ་དགོས་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ད་རེས་གྲངས་ཉུང་མི་རིགས་ས་ཁུལ་ཀུན་ལ་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པའི་ཐད་ནང་སོག་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་བརྩོན་ལེན་པ་རྣམས་གཙོས་རྒྱའི་དབང་སྒྱུར་འོག་གནས་པའི་སྐད་ཡིག་ཐོབ་ཐང་གི་རང་དབང་རྩོད་མཁན་མང་པོ་ཞིག་གིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་བསྟུན། ནང་སོག་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་བརྩོན་ལེན་པ་ཁག་ཅིག་གིས་རྒྱ་ནག་སོག་པོའི་སྐད་ཡིག་རྩ་གཏོར་མཁན་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

སྐར་མ ༢༥ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

སྐར་མ ༤༩ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༢ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༢ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༣ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༤ སྔོན་ལ།

མཆན། 1

  1. བློ་བཟང་། says:
    ལོ་ 5 སྔོན།

    ད་མི་རིགས་ཀྱི་བླ་སྲོག་གཞན་གྱིས་ཧམ་སེམས་ཀྱིས་འཁྱེར་བཞིན་འདུག་ཀྱང་། དེ་ལ་རྒོལ་ལན་སློག་ཤེས་པའི་བོད་པ་བཙན་བྱོལ་བ་ཞིག་མི་འདུག་པའམ། ཡོད་ཀྱང་གཉིད་དུ་ཡུར་ནས་རིང་ཞིག་འདས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese