མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་སྒྱུར་སློབ་གསོར་མི་འདོད་པའི་སྐད་ཆ་བཤད་པའི་ཉེས་མིང་འོག་བོད་མི་གཉིས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་དགུ་བའི་སློབ་མགོ་ཚུགས་ལ་ཉེ་བ་དང་བསྟུན་མགོ་ལོག་དར་ལོག་རྫོང་ཁུལ་གྱི་བོད་མི་གཉིས་ནས་རྒྱ་ནག་གི་རྒྱ་སྒྱུར་སློབ་གསོར་མི་འདོད་པའི་སྐད་ཆ་བཤད་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

Two Tibetan youth from Dharlak County in Golok were arrested for criticism against Sinicization of education. Tibettimes Photo (Source Tibet)

དེ་རིང་འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ནས་བོད་མི་གཞོན་སྐྱེས་གཉིས་ཀྱིས། ས་གནས་དེར་འདི་ལོའི་སློབ་མགོ་ཚུགས་པ་དང་བསྟུན། སློབ་ཚན་ཚང་མ་རྒྱ་ཡིག་ནང་འཁྲིད་རྒྱུ་ཡིན་པའི་བཀོད་ཁྱབ་ལ་མི་དགའ་བའི་སྐད་ཆ་བཤད་པའི་ཉེས་མིང་འོག  རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་འོག་བཞག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། འཛིན་བཟུང་བྱས་པའི་བོད་མི་གཉིས་ཀྱི་མིང་ལ་གཡང་རིས་དང་མགུལ་གྲགས་ཞུ་ཡི་ཡོད་འདུག་ལ། སློབ་མགོ་གསར་པ་ཚུགས་ལ་ཉེ་བ་དང་བསྟུན། ཕ་མ་ཚོས་རང་གི་བུ་ཕྲུག་སློབ་གྲྭར་སྐྱེལ་ཡོང་སྐབས། དེ་སྔ་འགྲེམས་སྤེལ་བྱས་པའི་བོད་ཡིག་སློབ་དེབ་ཀྱི་ཚབ་ཏུ་རྒྱ་ཡིག་སློབ་དེབ་ཁག་ལེན་དགོས་པའི་བཀོད་ཁྱབ་གཏོང་གི་ཡོད་པ་དང་། གཡང་རིས་དང་མགུལ་གྲགས་གཉིས་ནས་སྐད་འཕྲིན་ཚོགས་པའི་ནང་རྒྱ་སྒྱུར་སློབ་གསོ་སྤེལ་བ་ཡིན་ན་མ་འོངས་པར་བོད་མི་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་བསམ་ཚུལ་བརྗོད་པར་བརྟེན་འཛིན་བཟུང་བྱས་ཡོད་སྐོར་བརྗོད་བྱུང་།

ཡང་མུ་མཐུད་གནས་ཚུལ་མཁོ་སྤྲོད་པས། ཐེངས་འདིའི་རྒྱ་སྒྱུར་སློབ་གསོ་དང་འབྲེལ་ནས་གཞོན་སྐྱེས་དེ་གཉིས་ཙམ་མ་ཡིན་པར་གཞན་པའང་འཛིན་བཟུང་བྱས་ཡོད་པ་གོ་ཐོས་ཡོད་ཀྱང་། ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ལག་སོན་བྱུང་མ་སོང་བ་དང་། ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་གཅིག་གིས་སློབ་ཚན་ཚང་མ་རྒྱ་ཡིག་ཏུ་བསྒྱུར་བ་ཡིན་ན། མ་འོངས་པར་ང་ཚོས་ཁ་ཡང་སོས་རྒྱུ་མིན་སྟབས་དེ་ལས་རི་མགོར་སོང་ནས་ནོར་ལུག་འཚོས་ནས་བསྡད་ན་ཡག་སྐོར་གྱི་བསམ་ཚུལ་བཤད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཉེ་སྔོན་རྒྱ་ནག་གི་ཤེས་རིག་ལྷན་ཁང་ཟེར་བས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ཁུལ། གྲོང་སྡེ་ཁག་སོགས་ནས་ཞི་ཅིན་ཕིན་གྱི་རྒྱ་ནག་ནང་གི་སྐད་ཡིག་སློབ་གསོའི་ཐད་གནང་བའི་ལམ་སྟོན་དང་དགོངས་པར་སློབ་སྦྱོང་ཡང་དག་ཟེར་བ་ལག་བསྟར་ཡོང་སླད། གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས། ཆུང་དུས་ནས་རྒྱའི་སྐད་ཡིག་གི་ཤུགས་རྐྱེན་འཇོག་དགོས་སྐོར་བརྡ་ཁྱབ་བཏང་ཡོད་པ་ལྟར། ད་ལྟའི་ཆར་བོད་ཁུལ་གྱི་ས་ཆ་མང་པོའི་ནང་དངོས་སུ་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་ཁག་ལག་བསྟར་བྱེད་མགོ་ཚུགས་བཞིན་ཡོད་འདུག

གཡང་རིས་དང་མགུལ་གྲགས་གཉིས་ནི་འདི་ལོའི་མགོ་ལག་ཁུལ་དར་ལག་རྫོང་སློབ་འབྲིང་གི་མཐར་ཕྱིན་སློབ་མ་ཡིན་པ་དང་། ཁོང་གཉིས་ཕ་མ་སྤུན་མཆེད་དུ་འགྲོ་བའི་གཉེན་ཉེའང་ཡིན་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese