མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དམག་སྡེ་ཁག་ཅིག་ལ་དྲག་པོའི་དམག་སྦྱོང་སྤྲད།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་མི་མང་བཅིངས་འགྲོལ་དམག་ཟེར་བའི་ཁོངས་གཏོགས་བོད་ཀྱི་དམག་ཁུལ་ཁང་གི་དམག་སྡེ་མི་འདྲ་བ་ ༡༠ ལས་མང་བ་མཉམ་བསྡུས་ཀྱི་ཐོག་ནས་གཞི་རྒྱ་ཆེ་བའི་དངོས་གཞིའི་དམག་སྦྱོང་ཞིག་བསྡུས་ཏེ། རྒྱ་ནག་གི་དམག་དོན་འཕྲུལ་ཆས་དང་གོ་མཚོན་གསར་པ་སྐོར་ཞིག་ཚོད་ལྟ་བྱས་ཡོད་འདུག

PLA troops holding live-fire drills in Tibet Military Region.

ཁ་སང་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་དྲ་རྒྱ་གོ་ལའི་དུས་བབ་ནང་།  ད་ལན་གྱི་དམག་སྦྱོང་དེ་ནི་དགྲ་བོ་རྩ་མེད་གཏོང་ཐབས་ཀྱི་ཐབས་ཇུས་ལ་སྦྱོང་བརྡར་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་མ་ཟད། དེ་ཡང་བོད་ལྟ་བུའི་མཐོ་སྒང་དང་རི་ཁུལ་དུ་མཉམ་རུབ་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཕར་རྒོལ་བྱེད་ཐབས་ཀྱི་ཐད་ལ་དམག་སྦྱོང་བྱས་ཡོད། དངོས་གཞིའི་དམག་སྦྱོང་སྐབས་སུ་དམག་མི་རྣམས་ལ་ས་བབ་འདྲ་མིན་ནང་དངོས་སུ་མེ་མདའ་འཕེན་དུ་བཅུག་ཡོད་ཅིང་། དམག་སྦྱོང་དེ་བརྒྱུད་ནས་བཅིངས་འགྲོལ་དམག་ལ་རྒྱ་ནག་གི་ས་མཚམས་དང་བོད་ཀྱི་བརྟན་བརླིང་སྲུང་སྐྱོབ་བྱ་རྒྱུའི་ནུས་པ་ཐོན་ཡོད་སྐོར་བཀོད་འདུག

དེ་བཞིན། ད་ལན་གྱི་དམག་སྦྱོང་སྐབས་བཅིངས་འགྲོལ་དམག་གིས་རང་འགུལ་མེ་སྒྱོགས་ཧོ་ཝི་ཛར་དང་། མེ་ཤུགས་འཕུར་མདེལ་འཕེན་བྱེད་མ་ལག་གིས་མཚོན་པའི་གོ་མཚོན་གསར་པ་བཀོལ་སྤྱོད་བྱས་ཏེ། ཕ་རོལ་དགྲ་བོའི་དམག་དོན་ལྟེ་གནས་ཁག་དང་ཐད་འཕུར་གནམ་གྲུ་འབབ་ཐང་རྣམས་རྩ་མེད་གཏོང་ཐབས་ཐད་སྦྱོར་བརྡར་བྱས་འདུག་ལ། དམག་སྦྱོང་བྱ་ཡུལ་དེ་ཡང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༤༥༠༠ ཡི་མཚམས་སུ་བསྡུས་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་དམག་སྦྱོང་གཞི་རྒྱ་ཆེན་པོ་སྤེལ་བཞིན་པ་དེ་རྒྱུན་ལྡན་ལྟ་བུ་ཡིན་ཞིང་། དམག་སྦྱོང་དེ་ཡང་གཙོ་བོ་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་སྲུང་སྐྱོབ་དང་བོད་ནང་གི་བརྟན་བརླིང་སྲུང་སྐྱོབ་ཆེད་ཡིན་སྐོར་སྒྲོག་མུས་རེད། བོད་དམག་ཁུལ་ཁང་གི་དམག་སྦྱོང་ཕལ་ཆེ་བ་མཐོ་སྒང་དང་རི་ཁུལ་དུ་སྤྲོད་ཀྱིན་ཡོད་ལ། དབྱེ་ཞིབ་པས་དེ་ནི་འབྱུང་འགྱུར་རྒྱ་གར་དང་རྒྱ་ནག་དབར་འབྱུང་སྲིད་པའི་དམག་འཁྲུག་ལ་གྲ་སྒྲིག་བྱེད་ཐབས་ཤིག་ཡིན་སྐོར་རྗོད་ཀྱིན་ཡོད་པ་རེད།

ཡང་ཉེ་ཆར་རྒྱ་ནག་གི་གོ་ལའི་དུས་བབ་ཀྱིས་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་ཆེད་ལས་པ་སྐོར་ཞིག་གིས་ས་མཐོ་དྲགས་པའི་རྐྱེན་གྱིས་མགོ་ན་བ་ལ་སོགས་པའི་མཐོ་སྒང་གི་ནད་གཞི་ལ་ཞིབ་འཇུག་ཆེད་དུ། བོད་ནང་འཛམ་གླིང་སྟེང་གི་མིའི་རྒྱུད་རྒྱུ་ཐོན་སྐྱེད་ཉར་ཚགས་ཁང་ (Human Genetic Resource Biological Sample Bank)  ཞིག་བཙུགས་ཡོད་སྐོར་དང་། ཆེད་མཁས་མི་སྣ་དེ་དག་གིས་འདས་པའི་ལོ་ ༡༥ ལྷག་གི་རིང་བོད་ནང་མི་གྲངས་འབུམ་ ༡ ལྷག་གི་རྒྱུད་རྒྱུ་མཁོ་སྒྲུབ་བྱས་ཟིན་པ་མ་ཟད། དེའི་ཐོག་བོད་ཀྱི་གཞིས་ཀ་རྩེ་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་དམག་ཁུལ་ཁང་གི་སྨན་ཁང་ཞིག་ནས་ཀྱང་རྒྱུད་རྒྱུའི་དཔེ་གཞི་གྲངས་ཁྲི་ ༢ ལྷག་མཁོ་སྤྲད་བྱས་ཡོད་སྐོར་དང་། ས་མཐོའི་མི་ཡི་རྒྱུད་རྒྱུ་ལ་ཞིབ་འཇུག་བྱས་ཏེ་ས་མཐོའི་ནད་གཞི་ཁག་ལ་བཅོས་ཐབས་ཤིག་རྙེད་སྲིད་སྐོར་བརྗོད་འདུག་ནའང་། དབྱེ་ཞིབ་པས་རྒྱ་ནག་ནས་བོད་ཀྱི་ས་མཚམས་ཁག་ལ་བགོ་འགྲེམ་བྱས་པའི་རྒྱ་དམག་རྣམས་ལ་དུས་རྒྱུན་དུ་དབུགས་མ་འདང་བ་དང་། མགོ་ན་བ་སོགས་ཀྱི་དཀའ་ངལ་འབྱུང་གི་ཡོད་པ་དང་། འདས་ལོར་བོད་ཧིན་ས་མཚམས་སུ་ཡོད་པའི་རྒྱའི་དམག་མི་རྣམས་དེ་འདྲའི་དཀའ་ངལ་བྱུང་བའི་གནས་ཚུལ་ཐོན་པར་བརྟེན། ལས་གཞི་དེ་ནི་རྒྱ་ནག་གི་བཅིངས་འགྲོལ་དམག་ལ་དམིགས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༦ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese