མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་སྐུ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་གནས་ཚང་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་བོད་དམག་མང་པོས་སྐུ་སྲོག་བློས་བཏང་བར་རྗེས་དྲན་མཚོན་སླད་དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་དྲན་རྟེན་རྡོ་སྐུ་དབུ་འབྱེད་གནང་།

Sikyong Penpa Tsering unveiled the Martyr Statue of Late company leader Nyima Tenzing. Photo: Tibet Times

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་སའི་ལྷ་རྒྱལ་རིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་གདོང་ཐུག་ཁྲོད་སྐུ་སྲོག་ཤོར་བའི་བོད་མིའི་དམག་སྒར་ཨང་ ༢༢ པའི་རུ་ཤོག་བདུན་པའི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ལ་རྗེས་དྲན་གྱི་དཔའ་བོའི་སྐུ་ཞིག་དབུ་འབྱེད་གནང་སོང་།

དཔའ་བོའི་དྲན་རྟེན་རྡོ་སྐུ་དང་འབྲེལ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར། ཉི་མ་བསྟན་འཛིན་ལགས་ལོ་གཅིག་སྔོན་ལ་ང་ཚོའི་གནས་ཚང་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་སྐོར་བ་རྒྱག་ཏུ་ཕྱིན་སྐབས། ས་འོག་འབར་རྫས་ཐོག་གོམ་པ་བརྒྱབ་ནས་སྐུ་སྲོག་ཤོར་བ་རེད། ངའི་ཤེས་པ་ལྟར་ན་སྐབས་དེར་ཁོང་གིས་ས་འོག་འབར་རྫས་སྟེང་རྐང་པ་བཞག་མ་ཐག་རང་དང་ལྷན་དུ་ཡོད་པའི་རོགས་པ་གཉིས་ཕར་འབུད་རྒྱག་བཏང་ནས་ཁོང་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་བ་རེད། ཅེས་དང་། སྲིད་སྐྱོང་མཆོག་ནས་འདས་པའི་བདུན་ཕྲག་གཅིག་ལྷག་རིང་ལ་དྭགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཟླ་ནང་མི་དང་བཅས་པར་ཐུག་འཕྲད་གནང་ཡོད་སྐོར་གསུངས་སོང་ལ། ཕྱི་ལོ་ ༡༩༧༡ ལོའི་བྷང་གྷ་ལ་དྷེ་ཤིའི་དམག་དང་། དེའི་རྗེས་ཀྱི་ཀར་གྷིལ་དམག་བཅས་ནང་བོད་དམག་རྣམས་ཀྱིས་རྒྱ་གར་གྱི་ཡུལ་དང་ཡུལ་མི་སྲུང་སྐྱོབ་ཆེད་དུ་རང་སྲོག་བློས་གཏོང་བྱས་ཡོད་ནའང་། ད་བར་ཁོང་ཚོའི་ཆེད་དུ་དམིགས་བསལ་གྱི་དྲན་རྟེན་བཞེངས་ཐུབ་མེད་སྟབས། དེ་རིང་ཉི་མ་བསྟན་འཛིན་ལགས་ཀྱི་དྲན་རྟེན་རྡོ་སྐུ་དེ་ཉིད་ཁོང་རྣམ་པའི་མཚོན་དོན་གྱི་ཆེད་དུ་བཞེངས་ཡོད་སྐོར་འགྲེལ་གནང་སོང་།

ཡང་གསར་འགོད་པ་ཞིག་གིས་ཉེ་ལམ་རྒྱ་གར་དང་རྒྱ་ནག་གཞུང་གཉིས་ཀས་བོད་ཧིན་ས་མཚམས་ཁུལ་དུ་བོད་དམག་གཏོང་རེས་བྱེད་ཀྱི་ཡོད་པའི་གནས་ཚུལ་དེའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་པར་སྲིད་སྐྱོང་མཆོག་གིས། ད་ལྟའི་ཆར་ང་ཚོས་སྤྱི་ཡོངས་ནས་བོད་ནང་གི་གནས་སྟངས་ཐད་ལ་ཞིབ་འཇུག་བྱེད་མུས་ཡིན་པ་དང་། ཞིབ་འཇུག་བྱས་རྗེས་མ་གཏོགས་ཤེས་རྟོགས་ཐུབ་ཐབས་མེད་ནའང་། སྤྱིར་བཏང་ནས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ (Propaganda war) རང་གི་ཆེད་དུ་རྒྱ་གར་གྱིས་བོད་དམག་གཏོང་གི་ཡོད་ན། ང་ཚོས་ཀྱང་བོད་ནང་དུ་བོད་དམག་གཏོང་གི་ཡོད་ཟེར་བའི་རྣམ་པ་ཙམ་སྟོན་ཆེད་ཡིན་གྱི་རེད་བསམ་གྱི་འདུག རྒྱ་ནག་གཞུང་གིས་བོད་པ་རྣམས་དམག་ནང་འཇོག་པར་བོད་མི་རིགས་ལ་ཡིད་ཆེས་ཤིག་དགོས་ཀྱི་ཡོད་ཀྱང་། དེ་ལྟ་བུའི་ཡིད་ཆེས་ཡོད་རེད་རྩ་བ་ཉིད་ནས་བསམ་གྱི་མི་འདུག ཅེས་གསུངས་སོང་།

Sikyong Penpa Tsering unveiled the statue of Pawo Nyima Tenzin in Sonamling Tibetan Settlement, Ladakh. Photo:Sikyong Penpa Tsering’s facebook

གཞན་ཡང་། ད་ལྟའི་ཆར་རྒྱ་གར་གྱི་ཁྲིམས་ཁང་ནང་དྭང་སློབ་ཟུར་པ་རྣམས་ཀྱི་རྒས་ཕོགས་ཀྱི་གྱོད་གཞི་ཞིག་འགྲོ་མུས་ཡིན་པའི་ཐད་ལ་འཛིན་སྐྱོང་མཆོག་ནས་རོགས་རམ་ལྟ་བུ་གནང་གི་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། གནད་དོན་དེ་ཁ་སང་ང་རང་ལ་དྭགས་སུ་ཕྱིན་པའི་སྐབས་སུ་གཞི་ནས་ཤེས་བྱུང་། ཕྱི་ལོ་ ༡༩༨༥ སྔོན་ལ་རྩ་དགོངས་ཕྱིན་པ་རྣམས་ལ་རྒྱ་གར་གཞུང་གི་མཐུན་རྐྱེན་རག་རྒྱུར་དོ་ཕོག་ཐེབས་ཀྱི་ཡོད་པ་འདྲ་བོ་འདུག གྱོད་གཞི་དེའི་ངོ་བོ་དང་གནས་སྟངས་གང་འདྲ་ཡིན་མིན། སུས་གཏུག་ཡིན་མིན་བཅས་ཀྱི་ཐོག་ལ་ཞིབ་འཇུག་བྱས་ཏེ། གལ་ཏེ་དེའི་ཐོག་ལ་ང་ཚོའི་ངོས་ནས་རོགས་པ་བྱེད་ཐུབ་པ་ཡིན་ན། དེའི་སྔོན་ལ་ཐོན་པའི་དྭང་ཟུར་རྣམས་ལ་ཁེ་ཕན་ཞིག་ཡོང་གི་རེད། ཅེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་སུ་འཚམས་གཟིགས་སུ་ཕེབས་པའི་སྐབས་དང་བསྟུན། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་ཀྱི་གོ་སྒྲིག་འོག་དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་དྲན་རྟེན་འདྲ་སྐུ་ཞིག་ཀྱང་ས་གནས་སུ་དབུ་འབྱེད་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist