མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་བསྐྱར་རྫ་དབོན་པོ་ནས་བོད་མི་ ༥༣ ཙམ་བཙན་འཁྲིད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཉིན་གྲངས་ ༡༠ མ་ཟིན་ཙམ་ནང་རྫ་དབོན་པོ་དགོན་དང་གྲོང་སྡེ་གཉིས་ནས་བོད་མི་སེར་སྐྱ་གྲངས་ ༡༡༣ ཙམ་ལ་༧གོང་ས་མཆོག་གི་སྐུ་པར་ཉར་བ་དང་ཕྱི་ལོག་གི་མི་ལ་འབྲེལ་བ་བྱས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བཙན་འཁྲིད་བྱས་འདུག

Dza Wonpo Monastery and Wonpo Town. Image:Tibet Times Source(Tibet)

དེ་རིང་འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉིན་ཤས་ཉིན་སྔོན་ཏེ་ཕྱི་ཟླ་ ༨ ཚེས་ ༢༥ ནས་ ༢༩ བར་དུ། རྒྱ་ནག་གཞུང་གིས་རྫ་དབོན་པོ་སྡེ་བའི་ཁྱིམ་ཚང་རེ་རེ་དང་མི་སྒེར་གྱི་ཁ་པར་སོགས་ཀྱི་ནང་སྔོག་བཤེར་ནན་པོ་བྱས་པ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཉར་ཚགས་བྱས་པ་དང་། ཕྱི་ལོག་གི་མི་ལ་འབྲེལ་འདྲིས་བྱས་པའི་ཉེས་མིང་འོག བསྐྱར་དུ་བོད་མི་ ༥༣ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། མུ་མཐུད་སྔོག་བཤེར་དམ་དྲག་བྱེད་བཞིན་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། རྫ་སྨད་ཀྱི་ས་གནས་གཞུང་ནས་མི་སྣ་གཉིས་ཆེད་བསྐོས་ཀྱིས། དབོན་པོ་དགོན་གྱི་དགེ་འདུན་པ་རྣམས་ལ་ཞིབ་བཤེར་དང་འདྲི་རྩད་བྱ་དགོས་པའི་བཀའ་ཕབ་པ་ལྟར།  ཁ་སང་ནས་བཟུང་ཉིན་རེར་རྫ་དབོན་པོ་དགོན་གྱི་རང་ལོ་བཅོ་བརྒྱད་ཡན་གྱི་དགེ་འདུན་པ་ ༢༠ རེ་ས་གནས་ལས་ཁང་དུ་འདྲི་རྩད་བྱེད་དུ་བཅར་ཏེ།  སོ་སོ་ལ་ནག་ཉེས་མེད་པ་དང་། ཕྱི་ཕྱོགས་སུ་ཡོད་པའི་མི་དང་འབྲེལ་བ་བྱས་མྱོང་མེད་པ། ཁ་པར་ནས་པར་རིས་དང་ཆབ་སྲིད་དྲིལ་བསྒྲགས་བྱས་མྱོང་མེད་པ། རྒྱ་ནག་གཞུང་གི་ཁྲིམས་སྒྲིག་དང་འགལ་མེད་པའི་དཀར་འདོན་དང་། མ་འོངས་པ་ལའང་དེ་ལྟར་བྱ་རྒྱུ་མིན་པའི་ཁས་ལེན་དམ་བཅའ་འཇོག་དགོས་པའི་བྱ་འགུལ་ཞིག་ཀྱང་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

Dza Wonpo Town. Image:Tibet Times Source(Tibet)

ཕྱི་ཟླ ༨ ཚེས་ ༢༢ ནས་བཟུང་སྔ་གཞུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ་དང་ཕྱི་ལོག་ཏུ་ཡོད་པའི་བོད་མི་རྣམས་ལ་འབྲེལ་བ་བྱས་པའི་ཉེས་མིང་འོག རྫ་སྨད་དབོན་པོ་སྡེ་དགོན་གཉིས་ནས་དགེ་འདུན་པ་ ༡༩ དང་བུད་མེད་བཞི་ཚུད་པའི་མི་སྐྱ་ ༤༠ མ་ཟིན་ཞིག་བཅས་སེར་སྐྱ་ ༦༠ ཡས་མས་ཤིག་སེར་ཤུལ་རྫོང་དུ་བཙན་འཁྲིད་བྱས་ཡོད་པ་ལྟར། ཉེ་སྔོན་སྔ་གཞུག་ཏུ་རྫ་སྨན་དབོན་པོ་སྡེ་དགོན་གཉིས་ནས་ཁྱོན་སྐྱ་སེར་མི་གྲངས་ ༡༡༣ ཙམ་ཞིག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར། སེར་ཤུལ་རྫོང་དུ་བཀག་ཉར་དྲག་གནོན་བྱེད་མུས་ཡིན་པ་དང་། ཁ་སང་མི་སྐྱ་གཉིས་དང་། བུད་མེད་གཅིག  དགེ་འདུན་པ་གཅིག་བཅས་སྐྱ་སེར་ ༤ ཀློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཞིག་གོ་རྒྱུ་ཡོད་སྐོར་བརྗོད་པ་ཙམ་ལས། ད་ལྟ་བར་དུ་བོད་མི་བརྒྱ་ལྷག་དེ་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཆགས་ཡོད་སོགས་ཀྱི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

༢༠༢༦/༠༣/༢༥
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤

མཆན། 1

  1. ཤེས་རབ་རོང་བ། says:
    ལོ་ 5 སྔོན།

    བདེན་དཔང་གི་དཔར་རིས་མེད་ན། གསར་གནས་བདེན་པ་ཡིན་ཡང་དཔར་གཞན་བཞག་པ་ནི་གསར་གནས་ཁུངས་ལྡན་མ་ཡིན་པའི་གནས་ཚུལ་རྫུན་བཟོ་བྱས་པ་མཚོན་པས་རྗེས་ཕྱོགས་ཐུགས་གནང་བཞག་ན་བཟང་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese