མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༧༡ ལ་ཏོག་དབྱིབས་ནད་ཡམས་ཕོག

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་རིང་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ ༧༡ ལ་ཏོག་དབྱིབས་ན་ཚ་ཕོག་ཡོད་པ་དང་བོད་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༤ ཙམ་གྱི་སྟེང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༥ སྤེལ་བ་ལྟར་ན། འདས་པའི་བདུན་གཅིག་ནང་རྒྱ་གར་གྱི་ས་གནས་ ༡༥ དང་བལ་ཡུལ་གྱི་ས་གནས་ ༦  ཡི་ནང་རང་ཁྱིམ་ལ་བཀག་ཏུ་སྡོད་མཁན་བོད་མི་ ༨༦༦  དང་ཚོགས་སྡེའི་ཟུར་བཀག་ཁང་དུ་མི་ ༤༠༧ བཅས་ཁྱོན་བསྡོམས་མི་གྲངས་ ༡༢༧༣  ཟུར་བཀག་འོག་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་ནད་གཞི་གསར་དུ་ཕོག་མཁན་བོད་མི་ ༧༡ བྱུང་བའི་ཁྲོད་ནས་ལོ་ན་མཐོ་ཤོས་ ༨༥ དང་ལོ་ན་ཆུང་ཤོས་བྱིས་པ་ལོ་གཅིག་ཅན་ཞིག་ཡིན་འདུག ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་ ༦༢༤༢ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༥༩༩༠ དང་། འདས་གྲོངས་སུ་ཕྱིན་པ་ ༡༤༩། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པ་བོད་མི་ ༡༠༣ ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས།  ད་ལོའི་དགུན་ཚོང་དུ་སྐྱོད་མཁན་བོད་མི་ཚོས་དགུན་ཚོང་ལ་གྲ་སྒྲིག་བྱེད་མུས་ཡིན་པ་བཞིན། དབུས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་ཡང་ས་གནས་ཁག་ལ་སྐོར་སྐྱོད་སྐབས་ལམ་སྟོན་གནང་བ་ལྟར། དགུན་ཚོང་དུ་འགྲོ་མཁན་ཚོས་བྱིས་པ་ལོ་ཆུང་དང་། རྒས་འཁོགས། གཅིན་སྙི་ནད་ཅན། སྙིང་ནད་ཅན། ཁྲག་རླུང་སྟོད་འཚང་གི་ནད་གཞི་ཅན། རླུང་བསག་གི་ནད་གཞི་ཅན་གྱི་རིགས་འཁྲིད་མི་ཉན་པ་དང་། གལ་ཏེ་འཁྲིད་དགོས་ཁེལ་ཚེ་ཏོག་དབྱིབས་རིམས་ནད་ཀྱི་ལམ་སྟོན་གཞིར་བཟུང་རང་རང་གིས་སྔོན་འགོག་བྱེད་ནས་འཕྲོད་བསྟེན་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དགུན་ཚོང་གཉེར་ས་རུ་ཡོད་པའི་ཚོགས་པ་སྐྱིད་སྡུག་ཚོས་ནད་ཡམས་ལ་སྔོན་འགོག་དང་། སྨན་པར་བསྟེན་གཏུགས་སླད་ཉེ་འཁྲིས་སུ་ཡོད་པའི་སྨན་ཁང་དག་ལ་འབྲེལ་ལམ་བཞག་རྒྱུ་གལ་ཆེན་ཡིན་པ་དང་། རང་ཉིད་ལ་ནད་རྟགས་རིགས་བྱུང་ཚེ་སྨན་པར་བསྟེན་གཏུག་བྱ་རྒྱུ་གལ་ཆེན་པའི་ལམ་སྟོན་སོགས་གནང་སོང་།

ཡང་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་འཇིགས་མེད་སྐལ་བཟང་ལགས་ཀྱིས། རྒྱ་གར་ས་གནས་གང་སར་འགོག་ཁབ་རྒྱག་མུས་ཡིན་པ་ལྟར། བོད་མི་ཚོས་འགོག་ཁབ་བརྒྱག་རྒྱུར་མཉམ་ཞུགས་བྱ་དགོས་པ་དང་། དེ་བཞིན་དགུན་ཚོང་ལ་སྐྱོད་མཁན་ཚོས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་མི་བྱུང་སླད།  ཁ་རས་གྱོན་རྒྱུ་དང་། གདོང་ཁེབས་གྱོན་རྒྱུ། རྒྱང་བཀྱེད་ཀྱི་བར་ཐག་གཞག་དགོས་པའི་ལམ་སྟོན་སོགས་ཀྱང་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་བར་བོད་ཀྱི་སྨན་རྩིས་ཁང་ནས་རིན་མེད་ཐོག་གསོ་རིག་ལུས་སེམས་ནད་གསོའི་སྨན་ ༤༦༦༩༤ བགོ་འགྲེམས་དང་། དམིགས་བསལ་བྱིས་པ་རྣམས་ལ་ལུས་སེམས་ནད་གསོའི་སྨན་ ༨༠༥༧ བགོ་འགྲེམས་བྱུང་ཡོད་ཅིང་།  འདས་པའི་བདུན་ཕྲག་གཅིག་རིང་མི་གྲངས་ ༣༨ ལ་སེམས་ཁམས་འཕྲོད་བསྟེན་ལམ་སྟོན་གནང་ཡོད་པ་དང་རྒྱ་གར་གྱི་ས་གནས་ ༡༣ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༤ ནས་མི་གྲངས་ ༧༥༠ ལ་ཏོག་དབྱིབས་བརྟག་དཔྱད་གནང་ཡོད་པ་རེད་ལ། ད་བར་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་ཚར་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༢༩༤༡༩ དང་ཐེངས་དང་པོ་བརྒྱབ་ཟིན་པའི་གྲངས་འབོར་ཁྱོན་  ༢༠༣༩༡ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པ་མི་ ༣༠༨༧ དང་འགོག་ཁབ་ཚར་དང་པོ་ཐོབ་མཁན་མི་གྲངས་ ༦༧༣ ཆགས་ཡོད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༦ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese