མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་བུད་མེད་གཡང་འདུས་མཚོར་རྒྱལ་སྤྱིའི་བུད་མེད་མགོ་ཁྲིད་ཀྱི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གྲོས་ཚོགས་ནས་བོད་རིགས་བུད་མེད་གཡང་འདུས་མཚོ་སོགས་འཛམ་གླིང་རྒྱལ་ཁབ་ཁག་ཅིག་གི་བུད་མེད་ ༨ ལ་རྒྱལ་སྤྱིའི་བུད་མེད་ཀྱི་མགོ་ཁྲིད་གཟེངས་རྟགས་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་ཡུ་རོབ་ཀྱི་རྒྱལ་སྤྱིའི་བུད་མེད་ཀྱི་མགོ་ཁྲིད་གཟེངས་རྟགས་སྤྲད་ཡོད་པ་དང་། མཛད་སྒོའི་སྟེང་སྦེལ་ཇམ་རྒྱལ་ས་བྷིལ་ཟིལ་དུ་གནས་སྡོད་བོད་རིགས་བུད་མེད་གཡང་འདུས་མཚོ་ལགས་དང་། ཨབ་གྷན་གྱི་བུད་མེད་གསར་འགོད་པ་(Lailuma Sadid)ལགས། ཨ་ཛི་བྷི་ཁི་སི་ཐན་གྱི་བུད་མེད་(Gulnoza Ismailova)ལགས། ཨེ་ཛི་རལ་གྱི་བུད་མེད་(Bissan Salman)ལགས་སོགས་འབུར་དུ་ཐོན་པའི་བུད་མེད་མགོ་ཁྲིད་ ༨ ལ་གཟེངས་རྟགས་དེ་ཐོབ་ཡོད་འདུག་ལ། ཡུ་རོབ་ཀྱི་རྒྱལ་སྤྱིའི་བུད་མེད་མགོ་ཁྲིད་ཀྱི་གཟེངས་རྟགས་དེ་ནི་སྤྱི་ཚོགས་ནང་གདོང་མཆོང་ལྷག་བསམ་ཅན་དང་། འཇོན་ཐང་ཅན། གཞན་ལ་སྐུལ་འདེད་ཀྱི་ནུས་པ་ལྡན་པའི་བུད་མེད་རིགས་ལ་ཕུལ་གྱི་ཡོད་འདུག

འདི་གའི་གསར་འགོད་པས་ཁོང་མོར་ཁ་པར་བརྒྱུད་ད་ལན་གཟེངས་རྟགས་ཐོབ་པ་དེར་སེམས་ཚོར་ཅི་བྱུང་དྲིས་པར། འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་མང་པོའི་བུད་མེད་ཀྱི་ཁྲོད་ནས། བོད་རིགས་བུད་མེད་ཅིག་ལ་གཟེངས་བསྟོད་བྱ་དགའ་འདི་འདྲ་ཞིག་ཐོབ་དུས་དགའ་སྤོབས་ཆེན་པོ་སྐྱེས་བ་དང་། ད་ལྟ་བར་དུ་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ཞབས་ཕྱི་ཞུས་པ་དེར་ངོས་འཛིན་ཐོབ་པ་ཞིག་ཆགས་ཡོད་ལ། ལྷག་བསམ་རྣམ་དག་གིས་མུ་མཐུད་སྤྱི་ཚོགས་ཞབས་ཕྱིའི་ལས་ཀར་ནུས་པ་འདོན་རྒྱུ་ཡིན་སྐོར་བརྗོད་བྱུང་།

གཡང་འདུས་མཚོ་ནི་བོད་དུ་སྐྱེས་ཤིང་རྒྱ་ནག་ཏུ་སློབ་སྦྱོང་བྱས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༡ ལོར་ཀན་སུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་ཟློས་གར་ཚོགས་པའི་ནང་འདེམས་ཐོན་བྱུང་ཞིང་། བོད་ནང་གི་ས་ཕྱོགས་གང་སར་ཟློས་གར་འཁྲབ་སྟོན་གྱི་སྐོར་སྐྱོད་བྱས་ཡོད་འདུག

ཕྱི་ལོ་ ༡༩༩༦ ལོ་ཙམ་ལ་ཀན་སུའུ་བོད་ཀྱི་ཟློས་གར་ཚོགས་པ་དེས་ཟླ་བ་ ༣ རིང་ཡུ་རོབ་ནང་ཟློས་གར་འཁྲབ་སྟོན་གྱི་སྐོར་སྐྱོད་བྱས་ཡོད་པ་དང་། ཟློས་གར་འཁྲབ་སྟོན་གྱི་སྐོར་སྐྱོད་ལེགས་པར་གྲུབ་རྗེས། ཁོང་མོ་ཕྱིར་བོད་དུ་མ་ལོག་པར་ཡུ་རོབ་ཀྱི་རྒྱལ་ཁབ་ཧོ་ལན་ཌིའི་ནང་བསྡད་དེ་མུ་མཐུད་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༨ ཙམ་ལ་སྦེལ་ཇམ་གྱི་རྒྱལ་ས་བྷིར་སལ་གྱི་ཐེབས་རྩ་ (Brussels-based Yehudi Menuhin Foundation) ཞེས་པས། ཁོང་མོ་ཞི་བདེའི་འབོད་སྒྲ་ ( voice for peace ) གླུ་གར་དགོང་ཚོགས་ཀྱི་འཁྲབ་སྟོན་ནང་འདེམས་ཐོན་བྱུང་ཡོད་སྟབས། ཁོང་མོ་དང་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ཡི་བུད་མེད་འཁྲབ་སྟོན་པ་ལྔ་ཡིས། ཡུ་རོབ་ཀྱི་རྒྱལ་ཁབ་ཚང་མའི་ནང་གླུ་གར་འཁྲབ་སྟོན་གྱི་སྐོར་སྐྱོད་བྱས་ཡོད་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་མཆོག་ཡུ་རོབ་ནང་ཆིབས་བསྒྱུར་སྐབས་སོགས་སུ་ཁོང་མོས་གླུ་གཞས་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་འདུག

དེ་བཞིན་ཕྱིེ་ལོ་ ༡༩༩༨ ལོར་ཁོང་མོས་བོད་ཀྱི་རླུང་རྟ་ཟ་ཁང་ཞེས་པའི་སྒེར་གཉེར་ཟ་ཁང་ཞིག་སྒོ་ཕྱེས་ཡོད་པ་དང་། ཕྱིས་སུ་ཧྥུ་ཀུ་ཏ་ཞེས་པའི་ཉི་ཧོང་གི་ཟ་མ་བཟའ་ས་ཞིག་ཀྱང་གཉེར་བཞིན་ཡོད་འདུག་ལ། ཁོང་མོའི་ཟ་ཁང་དུ་བོད་དང་ཕྱི་རྒྱལ་གྱི་ཆབ་སྲིད་དང་སྒྱུ་རྩལ་ཐད་ཀྱི་གནད་ཡོད་མི་སྣ་གང་མང་ཕེབས་ཀྱི་ཡོད་འདུག་ལ། ཟ་ཁང་གི་ཚོང་འབྲེལ་བརྒྱུད་གནད་ཡོད་མི་སྣ་མང་པོར་འབྲེལ་འདྲིས་བྱུང་སྟེ་བོད་དང་བོད་དོན་ཐོག་འབྲེལ་ལམ་ཡག་པོ་འཛུགས་པའི་གོ་སྐབས་བྱུང་གི་ཡོད་པ་ལྟར། ཕྱི་ལོ ༢༠༠༤ དང་ ༢༠༠༥། ༢༠༠༦ སོགས་སུ་ཁོང་མོས་ཕྱི་རྒྱལ་བ་མང་པོ་ཚོགས་པ་བྱས་ཏེ་བོད་ཀྱི་ས་ཁུལ་མང་པོར་སྐོར་སྐྱོད་དུ་འཁྲིད་ཡོད་འདུག

ཕྱི་ལོ་ ༢༠༠༢ ནས་བཟུང་སྦེལ་ཇམ་ནང་སྲིད་ལས་ཁུངས་དང་ཉེན་རྟོག་ཁང་དུ་ཁོང་མོས་སྐད་སྒྱུར་གྱི་ལས་ཀ་བྱས་ཡོད་པ་མ་ཟད། སྦེལ་འཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་ལོ་ ༦ རིང་བྱས་ཏེ། ༧གོང་ས་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྔ་རྗེས་རྣམས་སྦེལ་ཇམ་ནང་ཕེབས་བསུ་སྣེ་ལེན་དང་། ལོ་རེའི་༧སྐུའི་འཁྲུངས་སྐར་སོགས་དུས་ཆེན་དང་དུས་དྲན་གལ་ཆེན་ཁག་གོ་སྒྲིག་གནང་ཡོད་འདུག འདས་པའི་ལོ་མང་ནས་བཟུང་བོད་པ་མང་པོ་སྦེལ་ཇམ་ནང་བསླེབས་ཏེ་ཡིག་ཆ་མ་རག་པ་དང་། ལས་ཀ་མ་རག་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་སྐབས། སྦེལ་ཇམ་ནང་སྲིད་ལས་ཁུངས་ལ་ཡིག་ཆའི་བོད་མིའི་དཀའ་སྡུག་ཡར་ཞུ་དང་གྲོས་ཚོགས་ལ་སྙན་ཞུ་རིམ་པར་ཕུལ་ཡོད་པ་དང་། སྐབས་བསྟུན་བོད་མི་ཚོར་བཟོ་གྲྭ་སོགས་ཀྱི་ནང་ཁྲིམས་མཐུན་ལས་ཀ་བརྟན་པོ་ཐོབ་ཆེད་ཡིག་ཆ་ཞུ་རོགས་སོགས་ཀྱི་རོགས་རམ་མང་པོ་གནང་ཡོད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༡༤ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༡༤ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese