བསླེབ་ལ་ཉེ་བའི་ཉི་ཧོང་གི་གཞུང་འཛིན་གུ་ཡངས་དམངས་གཙོ་ཚོགས་པའི་མགོ་ཁྲིད་འོས་འདེམས་ཁྲོད་སྲིད་བློན་ལས་ཐོག་སྐུ་ཞབས་ཡོ་ཤི་ཧེ་དྷི་སུ་གྷ་མཆོག་འོས་མིའི་ཁོངས་སུ་ཞུགས་རྒྱུ་མིན་སྐོར་གསལ་བསྒྲགས་གནང་ཡོད་སྟབས་སྲིད་བློན་གསར་པ་བསྐོ་དགོས་པའི་གནས་སྟངས་ཆགས་ཡོད་འདུག
Japan’s Prime Minister Yoshihide Suga attends a meeting with president of the International Paralympic Committee (IPC) Andrew Parsons in Tokyo, Japan September 3, 2021, following his announcement that he will not seek re-election for Liberal Democratic Party (LDP) leadership this month. Behrouz Mehri/Pool via REUTERS
འདས་ལོར་མང་ཚོགས་ཀྱིས་དགའ་མོས་ ཆེན་པོ་བྱ་སའི་ཉི་ཧོང་གི་སྲིད་ བློན་ཤིན་ཛོ་ཨ་བྷེ་ (Shinzo Abe)མཆོག་ནས་སྙུང་གཞིའི་རྐྱེན་པས་རྩ་དགོངས་ཞུས་རྗེས། ཁོང་གི་ཕྱག་གཡས་པ་ལྟར་གྱུར་བའི་སྐུ་ཞབས་ཡོ་ཤི་ཧེ ་དྷི་སུ་གྷ་ (Yoshihide Suga)མཆོག་སྲིད་བློན་དུ་བསྐོས་ཏེ་ལོ་གཅིག་ཙམ་འགྲོ་བཞིན་ཡོད་པའི་སྐབས་འདིར། བསླེབ་ལ་ཉེ་བའི་གཞུང་འཛིན་གུ་ཡངས་དམངས་གཙོ་ཚོ གས་པའི་མགོ་འཁྲིད་ཀྱི་འོས་མིའི་ཁོངས་སུ་ཞུགས་རྒྱུ་མིན་པའི་ གསལ་བསྒྲགས་གནང་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་འོས་བསྡུ་གནང་རྗེས་སྲིད་བློན་འཕོ་འགྱུར་འགྲོ་རྒྱུ་ཡིན་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཉི་འོང་གི་གཞུང་འཛིན་གུ་ ཡངས་དམངས་གཙོ་ཚོགས་པའི་ (Liberal Democratic Party) དྲུང་ཆེས་གསལ་བསྒྲགས་ཤིག་སྤེལ་ བའི་ནང་། དེ་རིང་སྲིད་དོན་ཚོགས་པའི་འགན་ འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ སྟེང་། སྐུ་ཞབས་སུ་གྷས་རང་ཉིད་ཀྱི་འབད་ བརྩོན་རྣམས་ཏོག་དབྱིབས་གཉན་རི མས་ལ་འགོག་རྒོལ་ཆེད་གཏོང་རྒྱུ་ ཡིན་སྟབས། ཡོང་ལ་ཉེ་བའི་སྲིད་དོན་ཚོགས་པའི ་མགོ་འཁྲིད་ཀྱི་འོས་བསྡུའི་ནང་ ཞུགས་རྒྱུ་མིན་སྐོར་བརྗོད་ཡོད། ཅེས་དང་། ཐག་གཅོད་དེ་ནི་བློ་ཕམ་རང་བཞིན་ ཞིག་ཡིན་ནའང་། ཁོང་གིས་ད་བར་གང་ཐུབ་ཅི་ཐུབ་ གནང་ཡོད་པ་རེད། ཅེས་བརྗོད་ཡོད་ཅིང་། གཞུང་འཛིན་གུ་ཡངས་དམངས་གཙོ་ཚོ གས་པའི་མགོ་འཁྲིད་ཀྱི་འོས་བསྡུ་ དེ་ཉིད་ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཚོགས་གཏན་འཁེལ་ཡོད་ཅིང་། ཉི་ཧོང་གི་གྲོས་ཚོགས་འོག་མའམ་རྒྱ ལ་ཡོངས་འོས་བསྡུ་དེ་ཉིད་འདི་ལོ འི་ཕྱི་ཟླ་ ༡༡ པའི་ཚེས་ ༢༨ གོང་དུ་ཚོགས་འཆར་ཡོད་སྟབས། གུ་ཡངས་དམངས་གཙོ་ཚོགས་པའི་འོས་ བསྡུའི་ནང་རྒྱལ་ཁ་ལེན་མཁན་དེ་ཉི ད་ད་ལྟའི་གཞུང་འཛིན་ཚོགས་པའི་སྲི ད་བློན་གྱི་འོས་མིར་འགྱུར་ངེས་པ་ དང་། ད་ལྟའི་ཆར་ཉི་ཧོང་གི་གྲོས་ཚོགས་ གྱི་ཞབས་བཀྱག་ཕལ་ཆེ་བ་གུ་ཡངས་ དམངས་གཙོ་ཚོགས་པའི་སྟངས་འཛིན་འོ ག་ཡོད་ཅིང་། དེར་འགྱུར་བ་ཤུགས་ཆེན་པོ་ཐེབས་ དཀའ་བའི་ཚོད་དཔག་བྱེད་ཀྱི་ཡོད་ པར་བརྟེན། ཉི་ཧོང་གི་མ་འོངས་པའི་སྲིད་འཛི ན་ནི་གཞུང་འཛིན་ཚོགས་པའི་འོས་ བསྡུ་དེར་རག་ལས་པར་བཤད་ཀྱིན་འདུ ག
Protesters speak out against the Olympics in Tokyo on May 17, 2021. AP Photo/Koji Sasahara
བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ ར་གནང་མཁན་ཉི་ཧོང་གི་སྲིད་བློན་ ཟུར་པ་ཤིན་ཛོ་ཨ་བྷེ་མཆོག་གིས་འདས་ལོའི་ཕྱི་ཟླ་ ༨ པའི་ནང་སྙུང་གཞིའི་རྐྱེན་པས་སྲིད་ བློན་གྱི་གོ་གནས་ནས་རྩ་དགོངས་ཞུ ས་ཏེ། ཁོང་གི་སྲིད་བློན་ལས་ཡུན་ལྷག་ འཕྲོ་རྣམས་སྐུ་ཞབས་སུ་གྷ་ཡིས་བསྐྱ ང་རྒྱུར་ཐག་གཅོད་མོས་མཐུན་བྱུང་ བ་ལྟར། ཐོག་མའི་ཆར་ཉི་ཧོང་གི་མང་ཚོགས་ ཀྱི་བརྒྱ་ཆ་ ༧༤ ལྷག་གིས་སུ་གྷ་ལ་རྒྱབ་སྐྱོར་དང་མོ ས་པ་བསྟན་ཡོད་ནའང་། ཉེ་བའི་ཆར་ཁོང་གི་འཛིན་སྐྱོང་གི ས་ཏོག་དབྱིབས་གཉན་རིམས་ལ་འགོག་ རྒོལ་བྱེད་ཐབས་ལམ་ལྷོངས་བྱུང་མེ ད་པ་དང་། ཏོག་དབྱིབས་ཀྱི་ཛ་དྲག་གནས་སྟངས་ ལ་ལྟོས་མེད་ཀྱིས་ཨོ་ལིམ་པིག་རྩེ ད་འགྲན་བསྡུས་པ་དང་། དེ་བཞིན་མང་ཚོགས་ནང་ཏོག་དབྱིབས་ ཀྱི་འགོག་ཁབ་རྒྱག་ཚད་དལ་བ་སོགས་ པའི་རྒྱུ་མཚན་གྱིས། ཉེ་ལམ་ཁོང་གི་འཛིན་སྐྱོང་ལ་མི་ མང་གི་རྒྱབ་སྐྱོར་གྱི་ཚད་དེ་བརྒྱ ་ཆ་ ༣༠ ལ་མར་ཟགས་ཡོད་པ་རེད། ལྷག་པར་དུ་མགོ་འཁྲིད་དང་མང་ཚོ གས་ཁྲོད་སྐུ་ཞབས་སུ་གྷ་ནི་སྲིད་ བློན་ཟུར་པ་ཤིན་ཛོ་ཨ་བྷེ་མཆོག་གི་གྲི བ་གཟུགས་ལྟ་བུ་ཞིག་ལས། དཔལ་འབྱོར་དང་གང་ཅིའི་ཐད་སྲིད་ཇུས་ལོགས་སུ་འདོན་ཐུབ་མེད་པར་ ངོས་འཛིན་བྱེད་མཁན་མང་པོ་བྱུང་ ཡོད་འདུག
ཉེ་སྔོན་སྲིད་བློན་སུ་གྷ་མཆོག་གིས་མགོ ་འཁྲིད་ཀྱི་འོས་བསྡུའི་ནང་ཞུགས་ རྒྱུའི་ཁས་ལེན་བྱས་ཡོད་ནའང་། ཉེ་བའི་བདུན་ཕྲག་འགའ་ཤས་ནང་ཉི་ ཧོང་གི་མང་ཚོགས་དང་གཞུང་འཛིན་ཚོ གས་པའི་མགོ་འཁྲིད་ནང་ཁོང་ལ་འདོ ད་བློ་མ་ཁེངས་པའི་རྣམ་པ་ཤུགས་ཆེ ར་ཐོན་བཞིན་པར་བརྟེན། རྒྱལ་ཡོངས་འོས་བསྡུའི་ཁྲོད་གུ་ ཡངས་དམངས་གཙོ་ཚོགས་པར་ཁོང་གི་རྐྱེ ན་གྱིས་ཕམ་ཉེས་མི་འབྱུང་བའི་ཆེད་ དུ་ཐག་གཅོད་དེ་ལྟར་བྱས་པ་ཞིག་ཡི ན་སྐོར་འགྲེལ་བརྗོད་བྱེད་མཁན་ཡོ ད་པ་ལྟར། ཁོང་གིས་གསལ་བསྒྲགས་གནང་རྗེས་གུ་ཡངས་ ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཇེ ་མང་དུ་སོང་ཡོད་པ་མ་ཟད། ཉི་ཧོང་གི་ཚོང་རའི་མ་རྐང་ཡང་ འཕར་ཡོད་པའི་གནས་ཚུལ་ཐོན་ཡོད་ འདུག
Fumio Kishida, a former foreign minister, was initially the only declared candidate to succeed Mr. Suga. Credit. Charly Triballeau/Agence France-Presse, via Pool/Afp Via Getty Images
ད་ལྟའི་ཆར་གུ་ཡངས་དམངས་གཙོ་ཚོ གས་པའི་མགོ་འཁྲིད་ཀྱི་འོས་མིའི་འགྲན་རྩོད་ནང་ཡོངས་ཁྱབ་ཀྱི་ ཐོག་ནས་ཞུགས་མཁན་དེ། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཟུ ར་པ་སྐུ་ཞབས་ཧྥུ་མིའོ་ཀི་ཤི་དྷ་ ( Fumio Kishida)ལགས་མ་གཏོགས་བྱུང་མེད་ནའང་། སྲིད་བློན་ཟུར་པ་ཨ་བྷེ་མཆོག་གི་བཀའ་ ཤག་སྐབས་ཀྱི་འབྲེལ་ལམ་བློན་ཆེན་ ལྕམ་སཱ་ནའེ་ཏ་ཀའེ་ཆི་ (Sanai Takaichi)ལགས་དང་། ཉི་ཧོང་གི་ཕྱི་སྲིད་དང་རྒྱལ་སྲིད་བློན་ཆེན་ཟུར་པ། ལས་ཐོག་འགོ ག་ཁབ་དོ་དམ་བློན་ཆེན་སྐུ་ཞབས་ཏ་ རོ་ཀོ་ནོ་ (Taro Kono)ལགས་ཀྱང་འོས་མིའི་ཁོངས་སུ་ལངས་ རྒྱུའི་རྣམ་འགྱུར་བསྟན་ཡོདའདུག
ད་ཐེངས་སྲིད་བློན་སུ་གྷ་མཆོག་གི་ཐག་ གཅོད་དེས་འདི་ལོའི་རྒྱལ་ཡོངས་འོ ས་བསྡུར་དེ་ཙམ་ཤུགས་རྐྱེན་སྤྲོ ད་རྒྱུ་མེད་ནའང་། ཉི་ཧོང་གི་ཆབ་སྲིད་ཀྱི་ལམ་ལུགས་ ཤིན་ཛོ་ཨ་བྷེ་མཆོག་གི་སྔོན་གྱི་དུས་སྐབས་ སུ་ཕྱིར་སློག་རྒྱག་སྲིད་པའི་ཚོད་ དཔག་བྱེད་ཀྱིན་འདུག དེ་ཡང་ཉི་ཧོང་དེ་འཛམ་གླིང་ནང་གི ་ཡར་ཐོན་དམངས་གཙོའི་རྒྱལ་ཁབ་ཅི ག་ཡིན་ནའང་། བར་སྐབས་ཤིག་ལ་མ་གཏོགས་དམག་ཆེན་ གཉིས་པའི་རྗེས་སུ་ཉི་ཧོང་གི་གཞུ ང་དེ་གུ་ཡངས་དམངས་གཙོ་ཚོགས་པས་ བཟུང་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༡༩༩༣ ནས་ ༡༩༩༤ བར་ལོ་གཅིག་རིང་ཁ་གཏད་སྲིད་དོན་ ཚོགས་པའི་གཞུང་འཛིན་བཙུགས་པ་ཙམ་ ལས། དེ་མིན་ཕྱི་ལོ་ ༡༩༥༥ ལོ་ནས་བཟུང་ཕྱི་ལོ་ ༢༠༠༩ བར་ཉི་ཧོང་གི་གཞུང་དེ་གུ་ཡངས་ དམངས་གཙོ་ཚོགས་པས་བཟུང་ཞིང་། ཕྱི་ལོ་ ༢༠༠༩ ལོར་ཁ་གཏད་ཚོགས་པར་གཞུང་འཛིན་གྱི ་གོ་སྐབས་བྱུང་ཡོད་ནའང་། ཕྱི་ལ་ ༢༠༡༡ ལོར་ཉི་ཧོང་དུ་ས་འགུལ་དང་ཆུ་ལོ ག་གི་གོད་ཆག་ཆེན་པོ་བྱུང་རྐྱེན་ གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་ ཤོར་ཏེ། ཕྱི་ལོ་ ༢༠༡༢ ལོར་ཤིན་ཛོ་ཨ་བྷེ་མཆོག་གིས་སྣེ་ཁྲིད་ པའི་གུ་ཡངས་དམངས་གཙོ་ཚོགས་པ་གཞུ ང་འཛིན་དུ་བསྐྱར་ལོག་བྱུང་སྟེ། སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ཉི་ཧོང་གི་ ལས་ཡུན་རིང་ཤོས་ཀྱི་སྲིད་བློན་ དུ་གྱུར་ཡོད་པ་རེད།
སྤྱིར་དམངས་གཙོའི་རྒྱལ་ཁབ་གཞན་ དང་མི་འདྲ་བར་ཉི་ཧོང་གི་ཆབ་སྲི ད་ནང་སྲིད་བློན་བརྗེ་བསྒྱུར་གྱི ་དོན་རྐྱེན་བསྟུན་མར་བྱུང་ཡོད་ པ་རེད། དེ་ཡང་འཛམ་གླིང་དམག་ཆེན་གཉིས་ པའི་རྗེས་ཉི་ཧོང་གི་སྲིད་བློན་ གྱི་ལོ་ཡུན་ལོ་ལྔ་ཟིན་མཁན་གྱི་ སྲིད་བློན་ལྔ་མ་གཏོགས་བྱུང་མེད་ པ་རེད། དེ་ཡང་ཕྱི་ལོ་ ༡༩༨༧ ལོ་ནས་ ༢༠༠༡ བར་ལོ་ ༡༤ རིང་ཉི་ཧོང་ལ་སྲིད་བློན་ ༡༠ བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༠༡ ལོར་མི་མང་གི་རྒྱབ་སྐྱོར་ཚད་མཐོ ན་པོ་ཐོན་པའི་སྲིད་བློན་ཇུ་ནི་ ཆི་རོ་ཀོའི་ཛུ་མི་ (Junichiro Koizumi)མཆོག་གིས་ལས་ཡུན་ཆ་ཚང་རིང་སྲིད་བློན་ གྱི་འགན་འཁུར་ཞུས་ཏེ་ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཡོངས་འོས་བསྡུ་བྱས་རྗེས། ཕྱི་ལོ་ ༢༠༡༦ བར་ལོ་དྲུག་རིང་ཡང་བསྐྱར་སྲིད་ བློན་བརྗེ་བསྒྱུར་གྱི་དོན་རྐྱེ ན་བསྟུད་མར་བྱུང་སྟེ། ལོ་ ༦ དེའི་རིང་ཤིན་ཛོ་ཨ་བྷེ་ཚུད་པའི་ སྲིད་བློན་ ༦ བྱུང་བ་རེད། ཕྱི་ལོ་ ༢༠༡༢ ལོར་ཤིན་ཛོ་ཨ་བྷེ་ཡང་བསྐྱར་སྲིད་ བློན་དུ་འོས་འདེམས་བྱུང་རྗེས་ འདས་ལོ་བར་ལས་འཁུར་རྒྱུན་མཐུད ནས་ཞུས་པར་བརྟེན། ཉི་ཧོང་གི་སྲིད་བློན་བརྗེ་བསྒྱུ ར་གྱི་ལམ་ལུགས་དེ་མཇུག་བསྒྲིལ་ ཡོད་པར་ཡིད་ཆེས་བྱས་ཡོད་ནའང། ད་ལན་གྱི་དོན་རྐྱེན་དེས་ཉི་ཧོང་ གི་ཆབ་སྲིད་དེ་སྔར་བཞིན་སྲིད་བློ ན་བརྗེ་བསྒྱུར་གྱི་ལམ་ལུགས་དང་ བྲལ་མེད་པ་དྲན་གསོ་བྱས་ཡོད་པ་རེ ད།
གསར་འགོད་པ། པ་སངས་ཚེ་རིང་།