མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་བོད་ལུཊ་ལྟར་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་གིས་གཙོ་བོ་བླ་མ་རྣམ་པ་དང་དགེ་འདུན་པ་རྣམ་པའི་ཐུགས་སྨོན་སོགས་ཀྱི་བྱིན་རླབས་ལ་བརྟེན་ནས། ཁོང་རིན་པོ་ཆེ་མཆོག་ཡུན་རིང་འཚོ་བཞུགས་ཐུབ་པར་རེ་བ་དང་ཡིད་ཆེས་ཡོད་སྐོར་གསུངས།

HH the Sakya Gongma Trichen Rinpoche cutting Birthday Cakes.

དེ་རིང་ཕྱི་ཟླ་ ༩ ཚེས་ ༧ ཉིན་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུང་གྲངས་ ༧༧  ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཡིན་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་སྟེང་ལྡི་ར་རྡུན་ཁུལ་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་ཆོས་སྒར་གྱི་བླ་མ་དང་དགེ་འདུན་པ་སོགས་འདུས་སྤྱི་ཡོངས་ནས་༧ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཏེ་མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་སྲུང་གཙི་ཞུས་གནང་སོང་།

བརྟན་བཞུགས་སྐབས་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་གིས། དེ་རིང་ངའི་སྐྱེས་སྐར་ཉིན་བརྟན་བཞུགས་ཟབ་རྒྱས་གནང་བ་དང་ལྷག་པར་དུ་ཕྱོགས་མཐའ་གྲྭ་ཚང་ཁག་ནས་རྟེན་འབྲེལ་གནང་མཁན་མང་པོ་བྱུང་། ལྷག་དོན་དུ་ཐའེ་ཝན་འཇམ་དབྱངས་ཆོས་ཚོགས་ནས་དགོན་པ་མང་པོར་ཚེ་སྦྱོར་གསུངས་བ་དང་སྨོན་ལམ་བྱས་པ་སོགས་ཀྱི་ཁུར་ཆེན་པོ་བླངས་བར་འབྲེལ་ཡོད་ཚང་མར་གོ་སྐབས་འདི་བརྒྱུད་ང་སྒེར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ཡ་མཚན་པ་ཞིག་ལ་ངའི་ཕྱི་རྩིས་དང་བོད་རྩིས་ཀྱི་སྐྱེས་སྐར་གཉིས་ཉིན་གཅིག་ལ་འཁེལ་འདུག ང་རང་སྐྱེས་པ་ནས་བཟུང་ད་བར་དུས་གཉིས་མཉམ་པོར་འཁེལ་བ་བྱུང་མྱོང་ཡོད་པ་མ་རེད་བསམ་གྱི་འདུག བོད་ནང་ཕྱི་རྩིས་མེད་པ་དང་རྒྱ་གར་ནང་བསླེབས་པ་ནས་ངས་དྲན་གསོ་བྱས་ན་ཕལ་ཆེ་བྱུང་མྱོང་མེད། ནམ་རྒྱུན་ཡིན་ན་བདུན་ཕྲག་གཅིག་གཉིས་ཀྱི་ཁྱད་པར་འགྲོ་ཡི་རེད་དེ། ད་རེས་དུས་གཅིག་ལ་འཁེལ་ཡོད་སྟབས། སྐྱེས་སྐར་གྱི་རྟེན་འབྲེལ་འདི་བྱས་ན་ཡག་པོ་འདུག་བསམ་ནས་བྱས་པ་ཡིན།

སྤྱིར་བཏང་ད་ལྟ་ང་ལོ་ཆེན་པོར་བསླེབས་ཚར་བ་རེད། གང་ཡིན་ཟེར་ན། སྤྱི་རྩིས་བྱས་པ་ཡིན་ན། ཕྱི་ལོ་ ༡༩༤༥ ཟླ་ ༩ ཚེས་ ༧ ཉིན་སྐྱེས་པ་རེད། བོད་རྩིས་བྱས་པ་ཡིན་ན། ཤིང་བྱའི་ལོའི་བོད་ཟླ་ ༨ ཚེས་ ༡ ཉིན་སྐྱེས་པ་རེད། ང་རང་ཚོ་བོད་པའི་རྩིས་སྟངས་བྱས་ན་ལོ་ ༧༧ བསླེབས་པ་རེད། ཕྱི་རྒྱལ་གྱི་རྩིས་སྟངས་བྱས་ན་ལོ་༧༦ ཟིན་པ་རེད། གང་ལྟར་ད་ལྟ་བར་དུ་འཚོ་ཐུབ་པ་ནི་གཙོ་བོ་བླ་མ་ཐུགས་རྗེ་ཆེན་པོའི་བཀའ་དྲིན་དང་ལྷག་པར་དུ་སྐྱབས་གནས་དགེ་འདུན་འདུས་ཚོགས་ནས་ཐུགས་སྨོན་གནང་ནས་ཕྱིན་པ་རེད། ད་རེས་ཡིན་ཡང་ཉིན་གསུམ་རིང་བརྟན་བཞུགས་སྒྲུབ་སྦྱངས་གནང་སྟེ་དེ་རིང་བརྟན་བཞུགས་ཟབ་རྒྱས་གནང་བ་ཡིན་སྟབས། ངས་རང་དབང་གི་ཐོག་ནས་ང་རང་འདི་ཙམ་རིང་སྡོད་ཀྱི་ཡིན་ལབ་ཐུབ་ཀྱི་མེད་ཀྱང་། ཆོས་ཐམས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྒྱུ་རྐྱེན་རྟེན་གནས་ལས་འབྱུང་བ་ཡིན་སྟབས།  གཙོ་བོ་བླ་མ་རྣམ་པ་དང་ལྷག་པར་དུ་དགེ་འདུན་པས་ཐུགས་སྨོན་གནང་བའི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས། ཡུན་རིང་པོར་འཚོ་ཐུབ་པའི་དགེ་མཚན་གཏན་གཏན་ཡོང་གི་ཡོད་པར་ང་རང་ལ་རེ་བ་དང་ཡིད་ཆེས་ཡོད།  ཅེས་གསུངས།

Sakya Losel Choe Dzong celebrating HH the Sakya Gongma Trichen’s 77th Birthday. Photo Source Tibet

ཡང་ཁ་སང་ཕྱི་ཚེས་ ༦ ཉིན་ཨོ་གླིང་རྒྱལ་ས་ཁན་བྷི་རཱའི་ནང་རྟེན་གཞི་བྱས་པའི་ས་སྐྱ་བློ་གསལ་གླིང་ཆོས་ཚོགས་ཀྱིས། དྲ་ལམ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་གནང་ཡོད་པ་དང་། མཛད་རིམ་ཐོག་༧གོང་མ་ཁྲི་ཆེན་མཆོག་གི་རྒྱ་ནག་གི་དབང་སྒྱུར་སྔོན་དང་དེའི་རྗེས་ཀྱི་སྐུ་ཚེ་མཛད་རིམ་ཚུད་པའི་བརྙན་ཞིག་གཟིགས་འབུལ་ཞུས་ཡོད་ཅིང་། ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒ་ལགས་ཀྱི་གཙོས་དཔལ་ས་སྐྱའི་བླ་ཆེན་ཁག་ཅིག་དང་དད་ལྡན་སློབ་མ་ཁག་ཅིག་བཅས་ནས་མཉམ་ཞུགས་གནང་ཡོད། དེ་བཞིན། ཐའེ་ཝན་དང་འབྲུག་སོགས་འཛམ་གླིང་ཡུལ་གྲུ་གང་སར་༧གོང་མ་ཁྲི་ཆེན་མཆོག་གི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་བའི་ཤིས་ཚིག་དང་གླུ་གཞས་གསར་གཏོང་བ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་གཙི་གནང་གི་འདུག

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནི་བོད་རབ་བྱུང་ཤིང་བྱའི་ལོའི་བོད་ཟླ་ ༨ ཚེས་ ༡ དང་ཕྱི་ལོ་ ༡༩༤༧ ཕྱི་ཟླ་ ༩ ཚེས་ ༧ ཉིན་སྐུ་འཁྲུངས་ཤིང་།  ཕྱི་ལོ་ ༡༩༥༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ས་སྐྱའི་ཁྲི་རབས་ ༤༡ བར་བསྐོ་བཞག་མཛད་པ་ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ བར་ལོ་ངོ་ ༦༦ རིང་དཔལ་ས་སྐྱ་པའི་ཁྲི་འཛིན་མཛད་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༤ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 1

  1. Asanga says:
    ལོ་ 4 སྔོན།

    ངས་རང་དབང་གི་ཐོག་ནས་ང་རང་འདི་ཙམ་རིང་སྡོད་ཀྱི་ཡིན་ལབ་ཐུབ་ཀྱི་མེད་ཀྱང་། ཆོས་ཐམས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྒྱུ་རྐྱེན་རྟེན་གནས་ལས་འབྱུང་བ་ཡིན་སྟབས། གཙོ་བོ་བླ་མ་རྣམ་པ་དང་ལྷག་པར་དུ་དགེ་འདུན་པས་ཐུགས་སྨོན་གནང་བའི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས། ཡུན་རིང་པོར་འཚོ་ཐུབ་པའི་དགེ་མཚན་གཏན་གཏན་ཡོང་གི་ཡོད་པར་ང་རང་ལ་རེ་བ་དང་ཡིད་ཆེས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese