མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་དང་པོ་བརྒྱབ་ཟིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་༧གོང་ས་མཆོག་གི་དབུས་བོད་ཀྱི་དགོན་སྡེ་ཁག་དང་མངའ་སྡེ་བློན་ཆེན་གྱི་དབུས་སྨན་པ་དང་སྨན་ཞབས་པ་ཚོའི་ཐུགས་ཁུར་འོག ཧི་མ་ཅལ་གྱི་མི་མང་ཡོངས་ལ་འགོག་ཁབ་དང་པོ་བརྒྱབ་ཟིན་པར་སྤོབས་པ་དང་བསྟོད་བསྔགས་གནང་།

PM Narendra Modi interacts virtually with healthcare workers and beneficiaries of Covid vaccination programme in the state. CM Jai Ram Thakur participated in the function at Shimla. Amit Kanwar

ཁ་སང་རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་ཧི་མ་ཅལ་གྱི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གྱི་དབུས་འཕྲོད་བསྟེན་དང་འབྲེལ་བའི་ཆེད་མཁས་པ་ཁག་ཅིག་དང་ལྷན་དུ་དྲ་ལམ་ཚོགས་འདུ་ཞིག་བསྡུས་པའི་སྟེང་། ཧི་མ་ཅལ་གྱི་མི་འབོར་ས་ཡ་བདུན་དང་ཕྱེད་ཀ་(༧།༥༡)ལྷག་སྟེ། ཧི་མ་ཅལ་གྱི་མི་འབོར་བརྒྱ་ཆའི་བརྒྱ་ལ་ཏོག་དབྱིབས་འགོག་ཁབ་དང་པོ་བརྒྱབ་ཟིན་པའི་གནས་སྟངས་ཕྱིར་བསྒྲགས་དང་འབྲེལ། ཧི་མ་ཅལ་ནི་མི་མང་ལ་ཏོག་དབྱིབས་འགོག་ཁབ་དང་པོ་བརྒྱབ་ཟིན་པའི་རྒྱ་གར་གྱི་མངའ་སྡེ་ཐོག་མ་དེ་ཆགས་པར་བསྟོད་བསྔགས་དང་སྤོབས་པ་སྐྱེས་ཡོད་པ་མ་ཟད། ༧གོང་ས་མཆོག་གི་དབུས་བོད་བརྒྱུད་ནང་བསྟན་གྱི་དགོན་ཁག་དང་སྨན་པ་དང་སྨན་ཞབས་པ་སོགས་ནས་ཏོག་དབྱིབས་འགོག་ཁབ་བརྒྱག་དགོས་པའི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཡི་རངས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

སྲིད་བློན་མུ་དྷི་མཆོག་གིས། ཏོག་དབྱིབས་གཉན་རིམས་ཐོག་མར་ཧི་མ་ཅལ་གྱི་གྲོང་གསེབ་ཁག་ཏུ་འགོས་ཁྱབ་བྱུང་དུས་མི་མང་པོར་སྐྲག་སྣང་བྱུང་ཡོད་མོད། ང་ཚོས་ནང་པའི་དགོན་སྡེ་ཁག་གི་མཁན་པོ་དང་བླ་མ་རྣམས་ལ་འབྲེལ་བ་ཞུས་ཏེ། འགོག་ཁབ་ལ་ཟུར་སྐྱོན་མེད་པ་དང་དགེ་འདུན་པ་ཚོ་དང་མི་མང་ནས་འགོག་ཁབ་བརྒྱག་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཏོག་དབྱིབས་འགོག་ཁབ་བསྐྱོན་པའི་བརྙན་ཞིག་ཁྱབ་བརྡལ་དུ་ཕྱིན་པ་དེས་ལྷག་ཏུ་མང་ཚོགས་ནས་འགོག་ཁབ་བརྒྱག་པར་སེམས་སྐུལ་ཐེབས་ཡོད། ཅེས་བརྗོད་ཡོད་པ་རེད།

རྒྱ་གར་ཧིན་རྡུལ་སི་ཐན་གསར་ཁང་གི་གནས་ཚུལ་ནང་སྲིད་བློན་མུ་དྷི་མཆོག་གིས། ཧི་མ་ཅལ་མངའ་སྡེ་གཞུང་གིས། ལོ་བཅོ་བརྒྱད་ཡན་གྱི་མི་མང་བརྒྱ་ཆ་བརྒྱ་ལ་ཏོག་དབྱིབས་འགོག་ཁབ་དང་པོ་བརྒྱབ་ཟིན་པ་དང་བརྒྱ་ཆའི་གསུམ་ཆ་གཅིག་ལ་འགོག་ཁབ་ཐེངས་གཉིས་པ་བརྒྱབ་ཟིན་པ་ནི་ཧ་ཅང་དགའ་སྤོབས་སྐྱེས་ཡུལ་ཞིག་རེད། ཅེས་བརྗོད་ཡོད་པ་དང་། ད་ལྟ་ཧི་མ་ཅལ་མངའ་སྡེ་ཡི་གཙོས་འབྲས་ལྗོངས་དང་རང་སྐྱོང་ཁུལ་ (Dadra and Nagar Haveli) སོགས་ནས་མི་མང་བརྒྱ་ཆའི་བརྒྱ་ལ་ཏོག་དབྱིབས་འགོག་ཁབ་དང་པོ་བརྒྱབ་ཟིན་ཡོད་པ་དང་། གཞན་ཡང་རྒྱ་གར་གྱི་མངའ་སྡེ་མང་དག་ཅིག་གིས་ཏོག་དབྱིབས་འགོག་ཁབ་དང་པོ་བརྒྱབ་ཟིན་གྲབས་ཡོད་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་ལ་འབྲེལ་བ་ཞུས་ཏེ། ཧི་མ་ཅལ་མངའ་སྡེའི་ནང་བོད་མི་ག་ཚོད་ཅིག་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཡོད་མེད་ཀྱི་བཀའ་འདྲི་ཞུ་རྩིས་བྱས་ནའང་། ཛ་དྲག་ཚོགས་ཆུང་གི་ལས་མི་མང་པོ་སྐོར་བསྐྱོད་དུ་ཕེབས་ཀྱི་ཡོད་པའི་གནས་སྟངས་འོག་མཐུད་ཐུབ་མ་སོང་བ་དང་། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ཕྱི་ཟླ་ ༩ ཚེས་ ༢ བར་རྒྱ་གར་ནང་ལོ་ན་ ༡༨ ཡན་གྱི་བོད་མི་གྲངས་ ༢༩༤༡༩ ལ་སྔོན་འགོག་སྨན་ཁབ་རིམ་པ་གཉི་ག་བརྒྱབ་ཟིན་ཡོད་ཅིང་།  དེའི་ཁྲོད་ཀྱི་བོད་མི་གྲངས་ ༢༠༣༩༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་ཡོད་འདུག དམིགས་བསལ་བལ་ཡུལ་ནང་བོད་མི་ ༦༧༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་མི་གྲངས་ ༣༠༨༧ ལ་འགོག་ཁབ་རིམ་གཉིས་ཀ་ཐོབ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. བསྟན་འཛིན། says:
    ལོ་ 5 སྔོན།

    སྐད་ཆ་བཤད་སྟངས དེས་ཐོམ་བཅུག་ཉེན་འདུག ངོ་ནས་བྱས་ན་རིམ་གཉིས་ཀ་ཐོམ་ཟིན་པ་་་་་་་་ཅིག་དང་། འགོག་དང་བོ་ཐོབ་མཁན་མང་དགོས་པ་དང། གཉིས་ཀ་ཐོབ་མཁན་ཉུང་དགོས་པ་རེད། འདིར་ ་བོད་མི་ ༦༧༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་མི་གྲངས་ ༣༠༨༧ ལ་འགོག་ཁབ་རིམ་གཉིས་ཀ་ཐོབ་ཡོད་པ་རེད། >ཅེས་<བཤད་པ་དང་བོ་མ་གཏོག་གཉིས་ཀ་ཐོབ་མེད་མཁན་ཡིན་པ་འདྲ། ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese