མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་ལ་གསུང་ཆོས་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་ཉིན་གྲངས་གཉིས་རིང་གི་གསུང་ཆོས་དབུ་འཛུགས་མཛད་སོང་།

སིངྒ་པོར་ནང་པའི་ཆོས་ཚོགས་ (Tibetan Buddhist Centre) གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུ་ཡིས་གསོལ་བ་བཏབ་པ་ལྟར། དེ་རིང་སྔ་དྲོར་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་ཉིན་གྲངས་གཉིས་རིང་གི་གསུང་ཆོས་དབུ་འཛུགས་མཛད།  ཐོག་མར་༧གོང་ས་མཆོག་གིས། སངས་རྒྱས་པའི་ཆོས་ཟེར་བ་འདི་ལོ་ངོ་ ༢༥༠༠ གོང་ལ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་བ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ལ་ཡིད་ཆེས་བྱས་ནས་ཁས་ལེན་བྱེད་དགོས་མ་རེད། ངས་ལབ་བཞག་པ་འདི་ལ་བརྟག་དཔྱད་བྱས་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ཟེར་བ་འདི་ལ་ངས་བསྟན་པའི་ཆོས་ལ་དཔྱད་པ་བྱས་ནས་རྒྱུ་མཚན་ལྡན་པ་དང་བློ་ལ་འགྱུར་བ་འགྲོ་བར་ཕན་ཐོགས་ཡོང་གི་འདུག་ན་ཁས་ལེན་བྱོས། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་འདུག དེར་བརྟེན་ཕྱིས་སུ་བཅོམ་ལྡན་འདས་ཀྱི་མཇུག་ལ་བསྟན་པའི་གཏད་རབས་བདུན་བྱུང་ཡོད་རེད་དེ། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་སྐོར་འདིས་དམིགས་བསལ་གྱིས་དོ་སྣང་ཡོང་རྒྱུ་དང་སློབ་སྦྱོང་བྱེད་པར་ན་ལེནྜ་བཙུགས་ནས་ཡོང་བ་རེད། སྐབས་དེ་དུས་ན་ལེནྜ་མཁས་པའི་ཤེས་ཡོན་གྱི་བསྟི་གནས་ཤིག་ཡིན་པ་དང་ཕལ་ཆེར་བཅོམ་ལྡན་འདས་ཞལ་བཞུགས་དུས་ནས་ཡོད་པ་རེད། དེ་ནས་ནང་པའི་ལྟ་གྲུབ་ཀྱི་སྐོར་ལ་སློབ་སྦྱོང་བྱེད་པར་དམིགས་བསལ་གྱིས་དོ་སྣང་སྐྱེས་ནས་ཕྱིས་སུ་ན་ལེནྜ་འདི་སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱེད་སའི་བསྟི་གནས་རྩེ་ཕུད་ཅིག་ཆགས་པ་རེད། འདིའི་རྒྱུ་མཚན་ནི་ན་ལེནྜའི་ལོ་རྒྱུས་ཀྱི་ཐོག་ནས་སྙན་གྲགས་ཆེན་པོ་འདུག་ཟེར་ནས་མ་བཤད་པར། ན་ལེཎྜ་ནས་ཐོན་པའི་མཁས་པའི་དབང་པོ་དང་མཁས་པ་དེ་ཚོའི་ལེགས་བཤད་གང་འདྲ་ཡོད་པ་སོགས་ལ་ཞིབ་འཇུག་བྱེད་དུས། ན་ལེཎྜའི་མཁས་པ་དག་གིས་གཞུང་ཆེན་མོའི་གོ་བ་བླངས་ཏེ་ལྟ་གྲུབ་དང་ཚད་མའི་སྐོར་ཡིན་རུང་། དེ་དག་ལ་སློབ་སྦྱོང་ཞེ་དྲགས་གནང་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱའི་རྒྱལ་པོ་དང་རྒྱལ་མོ་མཉམ་དུ་ང་ཚོ་འབྲེལ་བ་ཡག་པོ་བྱུང་ཡོད་རེད། སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་དང་ཆང་ས་བསྐྱོན་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་རེད། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཀྱི་ནང་ཆོས་འདི་ན་ལེནྜ་ལ་ཁུངས་གཏུགས་ནས་སྤུས་དག་པོ་ཡོང་རྒྱུའི་དགོངས་པ་བཞེས་ནས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ཚར་བའི་རྗེས་སུ་ཁོང་གིས། ཁྱེད་ཚོ་ལ་བོད་ཡིག་འདུག དེར་བརྟེན་པཱ་ལི་དང་ལེགས་སྦྱར་བསླབ་དགོས་མི་འདུག ཁྱེད་ཚོས་བཀའ་དང་བསྟན་བཅོས་བོད་ཡིག་ནང་བསྒྱུར་བ་ཡིན་ན་ཡག་པོ་ཡོང་ས་རེད། ཅེས་བཀའ་སློབ་གནང་བ་རེད། མཁས་པ་ཁ་ཤས་ཀྱིས་མཁན་ཆེན་ཞི་བ་འཚོས་བོད་ཡིག་ལ་ཐུགས་སྣང་གནང་བའི་ལོ་རྒྱུས་དེ་འདྲ་བཤད་རྒྱུ་འདུག ང་ཚོས་བོད་ཡིག་འདི་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་ནས་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་འདིའི་ཐོག་ལ་པཱ་ལིའི་གཞུང་དང་ལེགས་སྦྱར་གྱི་གཞུང་ནང་ཡོད་པ་མང་པོ་ཞིག་བོད་ཡིག་ནང་བསྒྱུར་བ་རེད། ནམ་རྒྱུན་ང་ཚོ་ལ་བཀའ་འགྱུར་པོ་ཏི་ ༡༠༠ ལྷག་དང་བསྟན་འགྱུར་པོ་ཏི་ ༢༠༠ ལྷག་ཅིག་བོད་ཡིག་ནང་ཡོད་རེད། འདུལ་བའི་གཞུང་དེ་ཚོ་ཕལ་ཆེར་པཱ་ལིའི་གཞུང་གཙོ་བོ་ཡིན་ས་རེད། ཕར་ཕྱིན་དང་དབུ་མའི་སྐོར་དེ་ཚོ་ལེགས་སྦྱར་གྱི་སྐད་གཙོ་བོ་རེད་འདུག ད་ལྟ་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་འདི་ཟླ་བ་གྲགས་པས་བརྩམས་པ་འདི་ང་ཚོས་བོད་ཡིག་ནང་བསྒྱུར་ནས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ན་ལེནྜའི་ཆོས་བརྒྱུད་ལ་ཁུངས་གཏུགས་པ་རེད། འདི་གས་ན་ལེནྜའི་ཆོས་བརྒྱུད་རྩ་ཆེན་པོ་རེད་ཟེར་བ་མིན་པར་ན་ལེནྜའི་མཁས་པའི་དབང་པོ་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པ། ལྷག་པར་ད་ལྟ་སྐབས་སུ་བབས་པ་ཟླ་བ་གྲགས་པ་ཁོང་གིས་གཞུང་དེ་ཚོ་བོད་ཡིག་ནང་བསྒྱུར་ནས་བོད་པ་ཚོས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། ངོས་རང་གིས་དབུ་མ་འཇུག་པ་ཆུང་དུས་ནས་བློ་ལ་བཟུང་བ་རེད། ཉིན་གཉིས་གསུམ་གྱི་ནང་དུ་དབུ་མ་འཇུག་པ་ཆ་ཚང་འགྲོ་ཡི་ཡོད། དབུ་མ་འཇུག་པ་བློ་ལ་བཟུང་ནས་ངག་ཐོག་ནས་བསྐྱོར་གྱི་ཡོད། ཆུང་བའི་དུས་དུ་དོན་དག་ཤེས་ཀྱི་མེད། དབུ་མ་འཇུག་པའི་བཤད་ལུང་གླིང་རིན་པོ་ཆེའི་སྐུ་མདུན་ནས་ངོས་རང་གིས་ཐོབ་པ་ཡིན། འཇུག་པ་རང་འགྲེལ་གྱི་བཤད་ལུང་འདི་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་སྐུ་མདུན་ནས་ཐོབ་པ་ཡིན། ངོས་ཀྱིས་ལེགས་སྦྱར་གྱི་གཞུང་གཙོ་བོ་བརྩི་ཡི་ཡོད། ཅེས་གསུངས་སོང་།

མགོན་པོ་མཆོག་གིས། ཁོང་ཁྲོ་ཟ་བའི་སྐབས་སུ་སོ་སོའི་སེམས་མ་སྐྱིད་པ་ཆགས་ཀྱི་རེད། དེ་ཡང་དབུ་མ་འཇུག་པར་གསུངས་པའི་ནང་ཁོང་ཁྲོ་ཟ་ཡོང་དུས་ངོ་གདོང་མི་སྡུག་པ་ཆགས་ཡོང་གི་རེད། བཟོད་པ་སྒོམ་པ་ཡིན་ན་མི་འཛུམ་ཤིག་ཤིག་དང་ལྷོད་ལྷོད་ཡོང་གི་རེད་ཅེས་ཟླ་བ་གྲགས་པས་གསུངས་འདུག དེར་བརྟེན་ང་ཚོ་ཚང་མས་འཛམ་གླིང་འདིའི་སྒང་ལ་འཆམ་པ་དང་། གཅིག་གིས་གཅིག་ལ་བརྩེ་བ་ཡོད་བསྡད་པ་ཞིག་བྱུང་བ་ཡིན་ན། འཛམ་བུ་གླིང་ལ་བདེ་སྐྱིད་ཡོང་གི་རེད། དེ་འདྲ་སོང་ཙང་བརྩེ་བ་ཁོ་ན་གོང་དུ་སྤེལ་བ་འདི་ཁོང་ཁྲོ་ལ་གཉེན་པོ་བསྟེན་གྱི་ཡོད་པ་རེད། དེར་བརྟེན་ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་ཀྱི་ཡོད་རེད། ཆོས་ལུགས་ཚང་མར་སེམས་ཀྱི་ཞི་བདེ་སྒྲུབ་པའི་ནུས་པ་དང་ཆ་རྐྱེན་ཏན་ཏན་ཡོད་པ་རེད། ངོས་རང་གི་ངོས་ནས་ཆོས་ལུགས་ཚང་མ་མཐུན་པོ་དང་ཐུན་མོང་གི་ཐོག་ནས་འཛམ་གླིང་འདིའི་སྒང་ལ་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཞི་བདེ་སྤེལ་ཐུབ་པ་བྱ་རྒྱུར་ངོས་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད་ལ་འབོད་སྐུལ་ཡང་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

སྐར་མ ༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

སྐར་མ ༡༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese