མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཉིན་གཉིས་རིང་གི་དབུ་མ་འཇུག་པའི་བཀའ་ཆོས་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སྐྱེ་རྒ་ན་འཆི་ནི་ལྷན་སྐྱེས་ཀྱི་འགྲོ་སྟངས་ཤིག་ཡིན་པས་དེར་སེམས་ཁྲལ་བྱས་ན་ཕན་རླབས་མེད་པ་དང་སྡུག་བསྔལ་བྱུང་ཚེ་བློ་ཞུམ་མ་བསྡད་པར་སྡུལ་བསྔལ་གྱི་རྒྱུ་རྩད་གཅོད་བྱས་ནས་སྡུག་བསྔལ་སྤང་རྒྱུ་བསླབ་དགོས་པ་རེད་ཅེས་གསུངས།

His Holiness The Dalai Lama is giving teachings on Chandrakirti’s Entering the Middle Way. Photo Source (Dalai Lama Facebook)

དེ་རིང་སྔ་དྲོ་ཆུ་ཚོད་སྟེང་སིངྒ་པོར་ནང་པའི་ཆོས་ཚོགས་ (TBC) གཙོས་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་ཚོགས་ཁག་བཅུ་ཡིས་གསོལ་བ་བཏབ་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་གསུང་ཆོས་ཉིན་གཉིས་པ་དབུ་འཛུགས་དང་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩལ་གནང་མཛད་ཡོད་པ་དང་ཐོག་མར་༧གོང་ས་མཆོག་གིས། དེ་རིང་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་གི་ཆོས་གྲོགས་ཚོས་རེ་འདུན་གནང་བ་ནང་བཞིན་དེ་རིང་ཉིན་མ་གཉིས་པ་དེ་ཡིན། རྒྱ་རིགས་ཆོས་གྲོགས་ཚོས་མགོ་དེར་སྨོན་ལམ་གསུངས་པའི་ཆོས་དང་ལྷག་པར་ཤེར་ཕྱིན་གྱི་གཞུང་དག་གི་དགོས་པ་ག་རེ་རེད། ང་ཚོས་དེ་ག་ཙམ་འདོན་པ་བཏོན་པ་ཙམ་མིན་པར་དུག་གསུམ་ཉོན་མོངས་སེལ་རྒྱུ་དེ་རེད། དུག་གསུམ་ཉོན་མོངས་སེལ་བར་སྨོན་ལམ་བརྒྱབ་པས་ཕན་རྒྱུ་མེད། ཤེས་པའི་སྣང་བ་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་མ་བསྐྱེད་པ་བསྐྱེད་པ་དང་། བསྐྱེད་པ་གོང་ནས་གོང་དུ་འཕེལ་བའི་ཐོག་ནས་མི་ཤེས་པའི་རྨོངས་པ་སེལ་གྱི་ཡོད་པ་རེད། དུག་གསུམ་ཉོན་མོངས་སེལ་བ་དེ་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་ཕྱི་ནང་གི་བར་ཆད་བགེགས་རྐྱེན་མ་ཡོང་བ་དང་། རྒྱལ་སྲས་སྤྱོད་པ་ལ་འཇུག་པར་ཤོག  དེ་འདྲའི་སྟོང་ཉིད་སྒོམ་རྒྱུ་ནི་རང་དོན་ཡིད་ཆེས་ཀྱིས་རང་ཉིད་ཞི་བདེ་ཐོབ་ན་བསམ་པ་དང་དགྲ་བཅོམ་པའི་གོ་འཕང་ཐོབ་ན་བསམ་པ་ཙམ་མིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྣམ་མཁྱེན་རྒྱལ་བའི་གོ་འཕང་སྒྲུབ་འདོད་ཀྱི་ཐོག་ནས་ཤེས་རབ་ཀྱི་སྣང་བ་གོང་ནས་གོང་དུ་འཕེལ་གྱི་ཡོད་རེད། རྒྱལ་སྲས་སྤྱོད་པ་ལ་འཇུག་པར་ཤོག་ཟེར་བའི་སྨོན་ལམ་འདི་འདུས་ཆེན་པོ་ཞེ་དྲགས་རེད་འདུག  ང་ཚོའི་ཆོས་གྲོགས་ཚོས་སྨོན་ལམ་འདི་གསུང་བའི་སྐབས་སུ་ངོས་རང་གི་སེམས་ལ་འགུལ་སྐྱོད་ཞེ་དྲགས་ཐེབས་ཀྱི་འདུག  དེ་རིང་འཇུག་པ་རང་འགྲེལ་གྱི་ཆོས་འགྲེལ་བྱ་རྒྱུ་དེ་རེད། ཅེས་གསུངས།

ཡང་མགོན་པོ་གང་ཉིད་མཆོག་གིས། ད་ལྟ་བཤད་པ་ནང་བཞིན་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་དེ་ཤེས་རབ་སྙིང་པོ་ཕལ་ཆེར་གཙོ་བོ་ཆགས་ཀྱི་ཡོད་པ་རེད། དུག་གསུམ་ཉོན་མོངས་སེལ་རྒྱུའི་ཤེས་རབ་ཀྱི་སྣང་བ་འདི་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པའི་བློ་འདི་ལ་བསམ་བློ་གཏང་དགོས་རེད། སྟོང་ཉིད་རྟོགས་པའི་བློ་སྟོང་པ་ཉིད་ཟེར་བ་དེ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཚང་མས་བདག་མེད་པ་ཟེར་བའི་ལྟ་གྲུབ་ཚང་མས་གསུང་གི་ཡོད་རེད། བདག་མེད་པའི་བདག་དེ་ག་འདྲ་རེད། འདིའི་ཐོག་ནས་བདག་མེད་ཀྱི་གོ་བ་ཕྲ་རགས་མང་པོ་བསླེབས་ཀྱི་ཡོད་པ་རེད། མདོ་སྡེ་བ་དང་བྱེ་བྲག་སྨྲ་བས་བདག་མེད་པ་གསུང་གི་ཡོད་རེད། བདེན་བཞིའི་རྣམ་གཞག་གསུང་མཁན་ཚང་མས་བདག་མེད་ཀྱི་ལྟ་གྲུབ་གསུང་གི་ཡོད་པ་རེད། ལྷག་པར་དུ་ལེགས་སྦྱར་གྱི་ཆོས་བརྒྱུད་སྐབས་ང་ཚོས་མ་ཧ་ཡ་ན(Mahayana)དང་(Hinayana)ཟེར་གྱི་འདུག  འོན་ཀྱང་ཚིག་འདི་ངོས་རང་ལ་བདེ་པོ་མི་འདུག  ཚིག་མཆོག་དམན་བརྩི་ཡི་ཡོད་པ་ལྟ་བུ་འདུག  དེ་ལས་ལེགས་སྦྱར་གྱི་ཆོས་བརྒྱུད། པཱ་ལིའི་ཆོས་བརྒྱུད་ལབ་པ་དེ་ཡག་ཤོས་འདུག  པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ནང་དུ་སྡུག་བསྔལ་ཟེར་བ་དེ་སེམས་མ་འདུལ་བའི་དབང་གིས་ལས་ངན་བསགས་པ་དེའི་ཐོག་ནས་སྡུག་བསྔལ་ཡོང་གི་ཡོད་པ་རེད། བདེ་བ་དང་སྡུག་བསྔལ་ཟེར་བ་ནི་རྒྱུ་རྐྱེན་གཉིས་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། སྡུག་བསྔལ་གྱི་རྒྱུ་རྩ་བ་ལ་གཏུགས་ཡོང་དུས། ང་རང་ཚོའི་པཱ་ལིའི་གཞུང་དང་ལེགས་སྦྱར་གྱི་གཞུང་ཚང་མའི་ནང་རྟེན་འབྲེལ་ཡན་ལག་བཅུ་གཉིས་གསུང་གི་འདུག  རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དང་པོ་དེ་མ་རིག་པ་གསུང་གི་ཡོད་པ་རེད།

ང་ཚོ་སངས་རྒྱས་པའི་གཞུང་གི་འགྲོ་སྟངས་འདི་རྒྱུ་མཚན་དང་ལྡན་པ་དང་རིག་པ་དང་ལྡན་པ་ཞིག་རེད་འདུག  བདེ་སྡུག་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་གིས་གནང་བ་ལྟ་བུ་ཞིག་རེད། རྒྱུ་དང་རྐྱེན་མེད་པ་མིན་པར་སངས་རྒྱས་པའི་གཞུང་ནང་ (Ahimsa) དང་ (Karuna) ཟེར་བ་ནི་རྒྱ་གར་གྱི་ཆོས་ལུགས་བཅོམ་ལྡན་འདས་མི་བཞུགས་པའི་གོང་ནས་གསུང་གི་ཡོད་པ་རེད། (Ahimsa) ཟེར་བ་དེ་འཚེ་བ་མེད་པ་རེད། ཁྲོ་བོའི་སེམས་ཀྱི་ཐོག་ནས་འཚེ་བ་ཡོང་གི་ཡོད་པས། མ་རིག་པའི་དབང་གིས་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ལ་རྨོངས་པ་དང་སེམས་མ་འདུལ་བ་བྱེད་ཀྱི་ཡོད་པ་རེད། ཉོན་མོངས་ཀྱི་རྩ་བ་དེ་མ་རིག་པ་ཆགས་ཀྱི་ཡོད་རེད། སངས་རྒྱས་པའི་གཞུང་ནང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟེར་བ་དེ་ཞེ་དྲགས་ཀྱི་གལ་ཆེན་པོ་གསུང་གི་འདུག  ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ནའང་། ཇི་ཙམ་གྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་བསམ་བློ་ཤུགས་ཆེ་རུ་ཕྱིན་པའི་ཚོད་ཀྱིས་བླང་དོར་གྱི་གནས་ཤེས་པ་དང་ཡིད་ཆེས་བསླེབས་ཀྱི་རེད། འབད་བརྩོན་བྱེད་མི་དགོས་པར་རང་གི་འདོད་པས་དང་དུ་བླངས་ནས་བྱ་ཐུབ་ཀྱི་རེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་མ་རིག་པ་སེལ་བ་མ་གཏོགས་མ་རིག་པ་མེད་པར་འགྱུར་རེད་ལབ་པ་ཙམ་གྱི་ཡོང་གི་མ་རེད། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་མ་རིག་པ་མེད་པ་བཟོ་རྒྱུ་མེད། ང་ཚོ་རྨོངས་པའི་གཞན་དབང་དུ་གྱུར་བའི་སེམས་ཅན་རང་ཉིད་ཀྱིས་ཡིན་ལུགས་བརྟག་དཔྱད་བྱས་ནས་མ་རིག་པ་སེལ་ཐུབ་ཀྱི་རེད། ངོས་རང་གིས་དབུ་མ་འཇུག་པའི་ནང་གསུངས་པ་དེ་དག་དུས་རྟག་ཏུ་བསམ་བློ་གཏོོང་གི་ཡོད། རང་རྒྱུད་ཀྱི་སྐྱོན་དེ་དག་ག་ལེར་མེད་པར་བཟོས་ནས་འཐབ་ཀྱི་གྲོགས་དང་བཅས་པའི་ཐོག་ནས་ཡར་རྒྱས་ཕྱིན་ཏེ་མཐར་བཅོམ་ལྡན་འདས་ནང་བཞིན་སྤང་རྟོགས་མཐར་ཕྱིན་ནས་སངས་རྒྱས་གོ་འཕང་ཐོབ་ཐུབ་ཀྱི་ཡོད་པ་དང་། ད་ལྟའི་ང་རང་ཚོའི་བློ་མ་རིག་པའི་གཞན་དབང་དུ་གྱུར་བ། རང་གཅེས་འཛིན་གྱི་གཞན་དབང་དུ་གྱུར་པའི་བློ་དེ་དག་བཅོས་སྒྱུར་བཏང་ནས་འགྲོ་དགོས་རེད། འདི་བཞག་ནས་སངས་རྒྱས་ཀྱི་བྱིན་རླབས་གློ་བུར་དུ་ཡོང་རྒྱུ་མེད། ངོས་རང་གི་ཆོས་གྲོགས་ཚོར་ངོས་རང་གི་ཉམས་མྱོང་གི་ཐོག་ནས་དེ་འདྲ་ཡོང་གི་འདུག་ཟེར་ནས་ཞུ་འདོད་བྱུང་། ཞེས་གསུངས་སོང་།

དེ་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ནང་ཐའེ་ལན་ཌིའི་བུད་མེད་ (Pannusa Boonsri) ཡིས། ཉེ་དུས་མི་མང་པོ་ཞིག་གི་སེམས་ཞུམ་པ་དང་དངངས་འཚབ་སོགས་ཡོང་གི་ཡོད་སྟབས། དེའི་རིགས་ཇི་ལྟར་གདོང་ལེན་དགོས་སྐོར་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་ཀྱིས། ང་རང་ཚོ་ལྷན་སྐྱེས་ཀྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཞིག་ཡིན་དུས། ཁོར་ཡུག་གི་སྡུག་བསྔལ་གྱིས་མཚོན་པའི་སྡུག་བསྔལ་འདྲ་མི་འདྲ་ཞིག་ཡོང་ཚེ། སེམས་ཞུམ་པ་དང་སེམས་མ་སྐྱིད་པ་བྱེད་པ། ཡང་དེ་དག་གི་རྐྱེན་པས་དངངས་སྐྲག་བྱེད་ཀྱི་ཡོད་ཀྱང་། དེ་དག་ནི་རང་བཞིན་ལྷན་སྐྱེས་ཀྱི་ཡོད་པ་ཞིག་རེད། སྡུག་བསྔལ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པས། སྡུག་བསྔལ་བྱུང་ཚེ་བློ་ཞུམ་མ་བསྡད་པར་སྡུག་བསྔལ་གྱི་རྒྱུ་དེ་རྩད་གཅོད་བྱ་དགོས། དཔེར་ན། ང་རང་ཚོར་ཁོར་ཡུག་གི་ཐོག་ནས་བྱུང་བའི་སྡུག་བསྔལ་གྱི་རིགས་མི་བྱུང་སླད། ཆུ་དང་གཙང་པོ་ལ་གཅེས་སྤྲས། ལྗོན་ཤིང་འདེབས་འཛུགས།  ཁོར་ཡུག་སྲུང་སྐྱོབ་སོགས་བྱེད་ཀྱི་ཡོད་པ་རེད།

དེ་བཞིན་ཆོས་ཕྱོགས་ནས་བསམ་བློ་བཏང་ན། ང་རང་ཚོ་ནི་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་ཡིན་པས། སེམས་སུ་དངངས་སྐྲག་སྐྱེས་བར་ཉུང་དུ་གཏང་རྒྱུ་དང་། ། སེམས་སུ་གདེང་སྤོབས་སྐྱེས་ནས་མཐར་རྒ་ཤི་སྡུག་བསྔལ་ནས་ཐར་བའི་སླད། སྡུག་བསྔལ་དོར་འདོད་དང་བདེ་བ་བསྒྲུབ་འདོད་ཀྱི་བློ་དེའི་རྐྱེན་པས་དེ་དག་ཡོང་གི་ཡོད་སྟབས། སེམས་ཞུམ་བསྡད་ན་གང་ཡང་མེད་པས། སེམས་མ་ཞུམ་པར་བྱས་ནས་སྤོབས་པ་དང་སྤྲོ་བ་སྐྱེད་དགོས། འཇིག་རྟེན་བཀོད་པ་འདོད་མཁན་ཚོས། ང་རང་ཚོ་ཚང་མ་དཀོན་མཆོག་གིས་བཀོད་པ་ཞིག་དང་དཀོན་མཆོག་ནི་བརྩེ་བའི་བདག་ཉིད་ཅན་ཞིག་ཏུ་འདོད་ཀྱི་ཡོད་པ་རེད། ང་རང་ཚོ་ནི་དཀོན་མཆོག་གི་སྲས་ལྟ་བུ་ཞིག་ཆགས་ཡོད་པས། དཀོན་མཆོག་གིས་དེ་དག་ལ་བརྩེ་བ་ཡོད་པ་མ་གཏོགས་སྡུག་བསྔལ་གཏོང་རྒྱུ་ཡོང་ཐབས་མེད་པ་ཞིག་རེད།  སངས་རྒྱས་པའི་གཞུང་དང་རྒྱ་གར་གྱི་གཞུང་ནས་བཤད་པར་ལྟར་ན། བདེ་བ་དང་སྡུག་བསྔལ་ནི་ལས་ཀྱི་དབང་གིས་ཡོང་བ་ཞིག་ཡིན། ལས་ནི་སོ་སོས་བསགས་པ་ཞིག་མ་གཏོགས་ཐོགས་བཞག་པ་ཞིག་གཏན་ནས་མིན་པས། སྡུག་བསྔལ་བྱུང་ཚེ་བློ་ཞུམ་མ་བསྡད་པར་སྡུལ་བསྔལ་གྱི་རྒྱུ་རྩད་གཅོད་བྱས་ནས་སྡུག་བསྔལ་སྤང་རྒྱུ་བསླབ་དགོས་པ་རེད། བསམ་བློ་རྒྱ་ཆེ་ཙམ་དང་ཐབས་ཤེས་བྱས་ནས་སྡུག་བསྔལ་ལས་ཐར་རྒྱུ་ཡོད་ན་འབད་བརྩོན་བྱ་དགོས་པ་དང་། སྐྱེས་པའི་མཐའ་མ་ནི་འཆི་བ་དང་དེ་ནས་རྒ་བའི་སྡུག་བསྔལ་སོགས་བྱུང་གི་ཡོད་པ་རེད། དེ་དག་ནི་ལྷན་སྐྱེས་ཀྱི་འགྲོ་སྟངས་ཡིན་པས་དེར་སེམས་ཁྲལ་བྱས་ནས་ཕན་རླབས་ཅི་ཡང་མེད་པ་རེད།  ཅེས་གསུངས་སོང་།

ཡང་མ་ལི་ཞི་ཡའི་བུད་མེད་ཅིག་གིས། ང་ཚོའི་གཤིས་རྒྱུད་ཀྱི་སྟེང་དུ་འཇགས་པའི་གོམས་གཤིས་ངན་པའི་རིགས་ལ་ཇི་ལྟར་གདོང་ལེན་བྱ་དགོས་སྐོར་དྲིས་པར་༧གོང་ས་མཆོག་གིས། མི་ཁྲོ་ཆེན་པོ་ཡོད་མཁན་གྱི་རིགས་ག་ལེར་སེམས་པ་བཟང་པོ་ཞིག་བཟོས་ཐུབ་ཀྱི་ཡོད་པ་རེད། ཡང་མི་སེམས་པ་བཟང་པོ་ཞིག་རྐྱེན་སོགས་འཚོགས་ཡོང་དུས་མི་ངན་པ་ཞིག་ཏུ་འགྱུར་གྱི་ཡོད་པས། སེམས་ལ་འགྱུར་བ་འགྲོ་རྒྱུ་ཡོད་པ་གསལ་པོ་འདུག དེར་བརྟེན་སྤྱིར་ཆོས་དང་ཡང་དགོས་སངས་རྒྱས་པའི་གཞུང་གི་ནང་ནས་སེམས་ལ་འགྱུར་བ་གཏོང་རྒྱུར་སྡུག་བསྔལ་ཡོང་བའི་སྐྱོན་རྣམས་ང་ཚོས་ཉུང་དུ་བཏང་དགོས། བདེ་བ་ཡོང་རྒྱུའི་བློ་དེ་དག་ཤུགས་ཆེ་རུ་གཏོང་གི་ཡོད་པ་ནི་ངོས་ནས་ཉམས་མྱོང་གི་ཐོག་ནས་གསལ་པོ་བཤད་ཐུབ། དེ་བཞིན་བློ་འགྱུར་བ་ཐེབས་དུས་སྣང་སྲིད་གཉེན་ལ་ཤར་རྒྱུ་ཞིག་ཡོད་པ་དང་། བློ་ཁོང་ཁྲོའི་གཞན་དབང་དུ་ཕྱིན་ན་སྣང་སྲིད་དགྲ་ལ་ཆགས་ཀྱི་ཡོད་པ་རེད། ལུས་པོ་ལ་འགྱུར་བ་འགྲོ་རྒྱུ་ཁག་པོ་ཡོད་ཀྱང་སེམས་འགྱུར་རྒྱུ་ལས་སླ་པོ་རེད། དེའི་རྒྱུ་མཚན་ལ་བསམ་བློ་བཏང་ནས་སེམས་ལ་འགྱུར་བ་འགྲོ་རྒྱུར་ཕྱོགས་མང་པོ་ནས་བསམ་བློ་གཏང་དགོས། ཞེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༩ སྔོན་ལ།
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥

མཆན། 1

  1. Asanga says:
    ལོ་ 2 སྔོན།

    ༧གོང་ས་མཆོག་གིས་སྐྱེ་རྒ་ན་འཆི་ནི་ལྷན་སྐྱེས་ཀྱི་འགྲོ་སྟངས་ཤིག་ཡིན་པས་དེར་སེམས་ཁྲལ་བྱས་ན་ཕན་རླབས་མེད་པ་དང་སྡུག་བསྔལ་བྱུང་ཚེ་བློ་ཞུམ་མ་བསྡད་པར་སྡུལ་བསྔལ་གྱི་རྒྱུ་རྩད་གཅོད་བྱས་ནས་སྡུག་བསྔལ་སྤང་རྒྱུ་བསླབ་དགོས་པ་རེད་ཅེས་གསུངས། 🙂

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist