མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཐའེ་ཝན་དོན་གཅོད་ལས་ཁུངས་ཞེས་མིང་བསྒྱུར་རྒྱུར་སྐྱོན་བརྗོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གཞུང་གིས་ཨ་རིར་ཡོད་པའི་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་དོན་གཅོད་ལས་ཁུངས་ (Taipei Economic and Cultural Representatie Office) ཞེས་པའི་མིང་དེ་ཐའེ་ཝན་དོན་གཅོད་ལས་ཁུངས་ (Taiwan Representative Office) ཞེས་པར་བསྒྱུར་འདོད་ཡོད་པའི་སྙན་ཞུ་ཕུལ་ཡོད་འདུག

Taiwan’s government has asked to change the name of the Taipei Economic and Cultural Representative Office in Washington. Photo: Wikipedia

ཉེ་ཆར་ཐའེ་ཝན་གཞུང་གི་རེ་སྐུལ་བཞིན་ཨ་རིའི་གཞུང་ངོས་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཐའེ་ཝན་གྱི་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་དོན་གཅོད་ལས་ཁུངས་ (Taipei Economic and Cultural Representatie Office) ཞེས་པའི་མིང་དེ་ཐའེ་ཝན་དོན་གཅོད་ལས་ཁུངས་ (Taiwan Representative Office) ཞེས་པར་བསྒྱུར་འདོད་ཡོད་སྐོར་ཞུས་ཡོད་པའི་གནས་ཚུལ་ཐོན་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་བརྩི་བཀུར་གྱིས་ཐའེ་ཝན་ལ་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་ལམ་འཇོག་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་ཡོད་འདུག

ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་སྟེང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལི་ཅན་ (Zhao Lijian) ཟེར་བ་དེས། ཐའེ་ཝན་གྱི་གནད་དོན་ནི་ཨ་རྒྱའི་འབྲེལ་ལམ་གྱི་གནད་དོན་གཙོ་བོ་དང་ཚོར་ཤུགས་སྐྱེན་ཤོས་དེ་ཡིན་ལ། རྒྱ་ནག་གཅིག་གི་སྲིད་ཇུས་ནི་རྒྱལ་ཁབ་ཕྱོགས་གཉིས་བར་གྱི་ཕྱི་འབྲེལ་གྱི་རྨང་གཞི་ཆགས་ཡོད། ཨ་རྒྱའི་ཕྱི་འབྲེལ་འཛུགས་སྐབས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་ནང་ཨ་རིའི་ངོས་ནས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས། ཨ་རིའི་མང་ཚོགས་ཀྱིས་ཐའེ་ཝན་གྱི་མང་ཚོགས་དང་རིག་གཞུང་དང་། ཚོང་དོན་གྱིས་མཚོན་པའི་གཞུང་འབྲེལ་མིན་པའི་འབྲེལ་ལམ་གཞན་ཐོག་མུ་མཐུད་འབྲེལ་ལམ་འཛིན་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད། དེ་བཞིན་ཉེ་ལམ་སྲིད་འཛིན་བྷའེ་ཌིན་གྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་ཁ་པར་བརྒྱུད་འབྲེལ་བ་བྱེད་སྐབས་ཨ་རིར་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་གཏོང་འདོད་མེད་སྐོར་བཤད་ཡོད། ཅེས་བརྗོད་འདུག འོན་ཀྱང་ཨ་རིའི་གཞུང་གིས་སྤེལ་བའི་ཁ་པར་གྱི་འབྲེལ་ལམ་ནང་སྲིད་འཛིན་གཉིས་དབར་དེའི་སྐོར་གླེང་མོལ་བྱུང་བ་གང་དུའང་བཀོད་མེད་པ་རེད།

Zhao Lijina, Chinese Foreign Spokesperson. Photo: Ministry of Foreign Affairs, China

གཞན་ཡང་མགྲིན་ཚབ་པ་དེས། ད་ལན་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ལ་རེ་སྐུལ་ཞུས་ཟིན་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་དང་། རྒྱལ་ཁབ་ཕྱོགས་གཉིས་བར་ཕྱི་འབྲེལ་འཛུགས་སྐབས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་གསུམ་ལ་བརྩི་བཀུར་དང་། དངོས་ཡོད་ལག་ལེན་གྱི་སྟེང་ནས་ཐའེ་ཝན་དང་གཞུང་འབྲེལ་གྱི་ཐོག་ནས་རྣམ་པ་ཅི་རིགས་ཀྱི་འབྲེལ་ལམ་བྱེད་མཚམས་འཇོག་རྒྱུ་དང་། ལྷག་ཏུ་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་དོན་གཅོད་ལས་ཁུངས་ཞེས་པའི་མིང་དེ་ཐའེ་ཝན་དོན་གཅོད་ལས་ཁུངས་ཞེས་པར་མི་བསྒྱུར་རྒྱུ་དང་། ཐའེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་བརྡ་ལན་ལོག་པ་མི་སྤྲོད་རྒྱུ་སོགས་བཤད་ཡོད་འདུག

ཨ་རིའི་གཞུང་གི་འབྲེལ་ཡོད་ཁུངས་ལྡན་མི་སྣ་སྐོར་ཞིག་གིས་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་དཔལ་འབྱོར་དུས་བབ་ (Financial Times) གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདས་པའི་ལོ་གཉིས་ནང་ཨ་རིའི་གཞུང་གིས་རྒྱ་ནག་གི་སྐྱོན་བརྗོད་སོགས་ལ་མ་འཛེམས་པར། ཐའེ་ཝན་ལ་དངོས་སུ་ཆེས་མཐོའི་སྐུ་ཚབ་འཐུས་མི་མངག་གཏོང་དང་གོ་མཚོན་བཙོང་བ་སོགས་བརྒྱུད། ད་ལྟ་སྲིད་འཛིན་བྷའེ་ཌིན་མཆོག་གིས་སྣེ་ཁྲིད་པའི་ཝ་ཤིང་ཊོན་གཞུང་དང་སྲིད་འཛིན་ཆའེ་ཡེན་ཝུན་མཆོག་གིས་སྣེ་ཁྲིད་པའི་ཐའེ་པེའི་གཞུང་གི་འབྲེལ་ལམ་དེ་སྔར་བས་ཇེ་བརྟན་དུ་འགྱུར་བཞིན་པའི་སྐབས་དེ། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཐའེ་ཝན་གཞུང་གིས་ཨ་རིའི་གཞུང་ལ་དོན་གཅོད་ལས་ཁུངས་ཀྱི་མིང་དེར་བསྒྱུར་བཅོས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་ལྟར། ཉེ་ལམ་ཨ་རིའི་གཞུང་ངོས་ནས་གནད་དོན་དེ་གཙིགས་ཆེར་བཟུང་སྟེ། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་དང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཁྲོད་དུ་མིང་བསྒྱུར་རྒྱུར་མོས་པ་ཡོད་མཁན་མང་པོ་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད། འོན་ཀྱང་མཐའ་མའི་ཐག་གཅོད་ནི་སྲིད་འཛིན་བྷའེ་ཌིན་མཆོག་གི་མཚན་རྟགས་འཁོད་པའི་འཛིན་སྐྱོང་བཀའ་ཁྱབ་བརྒྱུད་ནས་ཡོང་དགོས་པ་ཞིག་ཡིན་པ་རེད།

ཐའེ་ཝན་གཞུང་གིས་དོན་གཅོད་ལས་ཁུངས་ཀྱི་མིང་བསྒྱུར་བཅོས་ཐད་ད་ལྟ་གང་ཡང་བཤད་མེད་ནའང་། ཁ་སང་ཕྱི་ཚེས་ ༡༣ ཉིན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇོ་སེབ་ཝུ་ (Joseph Wu) ཡིས། ཨ་རི་དང་ཕྱོགས་ཡོངས་ནས་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་ཐའེ་ཝན་གྱི་ཡུན་རིང་གི་དམིགས་ཡུལ་ཞིག་ཡིན་པ་དང་། འབྱུང་འགྱུར་མུ་མཐུད་དམིགས་ཡུལ་དེ་སྒྲུབ་ཐབས་བྱ་ངེས་ཡིན་སྐོར་བརྗོད་ཡོད་འདུག འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་ལམ་ལེགས་པའི་ཐའེ་ཝན་གྱི་ཁ་གཏད་གོ་མིན་ཏང་སྲིད་དོན་ཚོགས་པའི་ཚོགས་གཙོ་ཇོ་ནི་ཁྲང་ (Johnny Chiang) ཟེར་བ་དེས། ད་ལྟ་དོན་གཅོད་ཀྱི་མིང་བསྒྱུར་བཅོས་བྱ་རྒྱུ་དེ་ཐའེ་ཝན་དང་ཨ་རི་དབར་གྱི་གནད་དོན་གལ་ཆེ་ཤོས་དེ་མིན་པར། དེ་བས་ཨ་རིར་འགོག་ཁབ་མངག་ཉོ་བྱས་པ་དག་དུས་ཐོག་བསྐུར་དགོས་པའི་རེ་སྐུ་ཞུ་དགོས་སྐོར་བཤད་དེ་དགག་བྱ་ཆེན་པོ་བྱས་ཡོད་པ་རེད། འོན་ཀྱང་སྲིད་འཛིན་ཚའེ་ཡེན་ཝུན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་ (Democratic Progressive Party) མགོ་འཁྲིད་ལིའུ་ཤི་ཧྥང་ (Liu Shih-fang) ཟེར་བ་ཞིག་གིས། དོན་གཅོད་ལས་ཁུངས་ཀྱི་མིང་དེ་ཐའེ་པེ་ནས་ཐའེ་ཝན་ལ་བསྒྱུར་རྒྱུ་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་རྩ་བ་མིན་སྐོར་བརྗོད་ཡོད་འདུག

A demonstrator holds flags of Taiwan and the United States in support of Taiwanese President Tsai Ing-wen in Burlingame, Calif., in Jan. 2017. Photo: Stephen Lam / Reuters file

ཕྱི་ལོ་ ༡༩༧༡ ལོར་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པའི་རྒྱུ་མཚན་གྱིས་ཐའེ་ཝན་ཕྱིར་ཐོན་དགོས་བྱུང་ཡོད་ལ། རྒྱ་ནག་ཕྱོགས་ནས་གནོན་ཤུགས་དང་དགག་བྱ་མི་ཡོང་བའི་ཆེད་དུ། ཐའེ་ཝན་གྱིས་ད་བར་ཨོ་ལིམ་པིག་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ (World Trade Organization) གྱིས་མཚོན་པའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གི་ཐའེ་པེ་ (Chinese Taipei) ཞེས་པའི་མིང་ཐོག་ནས་ཞུགས་ཀྱི་ཡོད་ཅིང་། ཉེ་ལམ་རྒྱ་ནག་གིས་ཡང་དང་བསྐྱར་དུ་ཐའེ་ཝན་གྱི་མཁའ་ལམ་ནང་དམག་དོན་གནམ་གྲུ་བཏང་སྟེ་གླིང་ཕྲན་རྒྱལ་ཁབ་ལ་འཇིགས་སྐུལ་སྔར་བས་ཤུགས་ཆེར་བྱེད་མགོ་བརྩམས་ཡོད་ལ། ལོ་ཤས་ནས་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་སྟོབས་ཤུགས་བརྒྱུད་ཐའེ་ཝན་དང་འབྲེལ་བ་གཙང་བཅད་དགོས་པའི་གནོན་ཤུགས་སྤྲོད་མུས་ཡིན་པ་ལྟར། འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་དང་ཕྱི་འབྲེལ་ཡོད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ནི་ཡ་ (Lithuania) ཡིས་རང་གི་རྒྱལ་ཁབ་ནང་ཐའེ་ཝན་ཞེས་པའི་མིང་འཁོད་པའི་ཐའེ་ཝན་གྱི་དོན་གཅོད་ལས་ཁུངས་ཤིག་འཛུགས་རྒྱུར་ཆོག་མཆན་སྤྲད་པར་བརྟེན། རྒྱ་ནག་གཞུང་གིས་ཡུལ་དེར་ཡོད་པའི་རང་གི་གཞུང་ཚབ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། རྒྱ་ནག་ཏུ་ཡོད་པའི་ལི་ཐུ་ནི་ཡའི་གཞུང་ཚབ་ཀྱང་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག ད་ལྟའི་ཆར་ཐའེ་ཝན་དང་དངོས་སུ་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་ ༡༥ མ་གཏོགས་མེད་པ་རེད།

རྒྱ་ནག་དང་ཨ་རིའི་དབར་ཕྱི་འབྲེལ་མ་འཛུགས་གོང་ཨ་རིའི་ནང་ཐའེ་ཝན་གྱི་གཞུང་ཚབ་ཁང་ཡོད་ཀྱང་། ཕྱི་ལོ་ ༡༩༧༩ ཟླ་ ༡ ཚེས་ ༡ ཉིན་ཨ་རི་དང་རྒྱ་ནག་དབར་དངོས་སུ་ཕྱི་འབྲེལ་བཙུགས་པར་བརྟེན། ཐའེ་ཝན་གྱིས་གཞུང་ཚབ་ཁང་སྒོ་བརྒྱབ་སྟེ། དེའི་ཚབ་ཏུ་བྱང་ཨ་རིའི་ལས་དོན་འབྲེལ་མཐུད་ལས་ཁང་ (Coordination Council For North America Affairs) ཞེས་པ་དེ་བཙུགས་ཤིང་། ཕྱི་ལོ་ ༡༩༩༤ ལོར་བྷིལ་ཀི་ལི་ཊོན་འཛིན་འཛིན་གྱིས་ལས་ཁུངས་དེའི་མིང་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་དོན་གཅོད་ལས་ཁུངས་ཞེས་པར་བསྒྱུར་བཅོས་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese