མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༢ ལོར་༧དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་འདོན་མཛད་སྒོ་གནང་གཏན་འཁེལ་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ ནས་ ༡༧ བར་ཉིན་གྲངས་གཉིས་རིང་པུ་རུ་ཝ་ལར་ཡོད་པའི་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་འདོན་མཛད་སྒོ་གནང་གཏན་འཁེལ་ཡོད་པ་རེད།

དེ་རིང་དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་སྟོན་མཛད་སྒོ་ཚོགས་ཆུང་ནས་གསལ་བསྒྲགས་སྤེལ་བ་ལྟར་ན། ༧སྐྱབས་མགོན་༧གོང་མ་ཛྙན་བཛྲ་རིན་པོ་ཆེ་མཆོག་གི་དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པའི་ཁྲི་འདོན་མཛད་སྒོ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་རིང་པུ་རུ་ཝ་ལ་བོད་མིའི་གཞིས་ཆགས་སུ་ཆགས་པའི་ས་སྐྱའི་མ་དགོན་ཐུབ་སྟན་རྣམ་རྒྱལ་གླིང་དུ་གནང་གཏན་འཁེལ་ཡོད་འདུག

སྤྱིར་དེ་སྔ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ་དེ་བཞིན། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༩ དང་ ༣༠ ཉིན་གནང་གཏན་ཁེལ་ཡོད་ནའང་། འདས་ལོའི་ལོ་མགོ་ནས་རྒྱ་གར་ཚུད་པའི་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མི་མང་གི་འདུ་འཛོམས་དང་འགྲོ་སྐྱོད་ཚུན་ཆད་ལ་བཀག་སྡོམ་བྱས་ཡོད་པར་བརྟེན། ཁྲི་འདོན་མཛད་སྒོ་དེ་ཉིད་དུས་ལྟར་འཚོགས་ཐུབ་མེད་པ་རེད། ད་ལན་གྱི་གསལ་བསྒྲགས་ཀྱི་མཇུག་ཏུའང་། ཁྲི་འདོན་མཛད་སྒོ་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་རྣམས་ནད་ཡམས་ཀྱི་གནས་སྟངས་ལ་གཞིགས་ཏེ་རྗེས་སུ་རིམ་པས་གསལ་བསྒྲགས་ཞུ་རྒྱུ་ཡིན་སྐོར་འཁོད་ཡོད་འདུག

དེ་སྔོན་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༨ ཉིན་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་གཉིས་ནས་དཔལ་ས་སྐྱའི་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་ཕྱོགས་སྐོར་ལ་གྲོས་མཐུན་གྲོས་ཆོད་ཅིག་གཏན་འབེབ་གནང་བ་གཞིར་བཟུང་། དཔལ་ས་སྐྱ་པའི་བསྟན་བདག་ཁྲི་པའི་མཚན་གནས་དེ་བཞིན་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་གཉིས་ཀ་ཁྱད་མེད་ཀྱི་གདུང་སྲས་བགྲེས་རིམ་བཞིན་གནང་རྒྱུ་དང་། བསྟན་བདག་ཁྲི་པའི་ཐུགས་འགན་བཞེས་པར་དཔལ་ས་སྐྱའི་ལུགས་ཀྱི་ཆོ་ག་ཕྱག་ལེན་གྱི་རིམ་པ་གཞི་རིམ་སློབ་ཚན་གཞིར་བཟུང་ལེགས་ཐོན་ཐོག་གཞུང་ལུགས་སློབ་གཉེར་གསན་བསམ། ཡབ་ཆོས་གསུང་ངག་རིན་པོ་ཆེ་ཚོགས་སློབ་གཉིས་ཀྱི་མཚོན་ཟབ་ཆོས་དབང་ལུང་མན་ངག་གལ་ཆེའི་རིགས་གསན་བསམ་གྲུབ་པ་དང་། དཔལ་ཀྱེ་རྡོ་རྗེའི་གཞི་བསྙེན་གཙོ་བོར་གྱུར་བའི་ལྷག་ལྷ་གལ་ཆེའི་རིགས་ཀྱི་ལྗགས་བསྙེན་གྲུབ་པ་བཅས་དགོས་ཀྱི་ཡོད་པ་རེད་འདུག ཁྲི་པའི་དུས་ཡུན་ཡང་ལོ་གསུམ་རེ་དང་། ལོ་གསུམ་རེ་རྫོགས་མཚམས་རེས་མོས་སུ་ཡིན་ལ་རྩིས་སྤྲོད་གནང་དགོས་པ་དང་། བསྟན་བདག་ཁྲི་པའི་ཐུགས་འགན་བཞེས་པའི་རིང་དཔལ་ས་སྐྱའི་ཡབ་ཆོས་ཐུན་མོང་མ་ཡིན་པའི་གསུང་ངག་རིག་པོ་ཆེ་ཚོགས་སློབ་གཉིས་དང་། སྒྲུབ་ཐབས་ཀུན་བཏུས། རྒྱུད་སྡེ་ཀུན་བཏུས་སོགས་གསུང་ཆོས་གལ་ཆེའི་རིགས་རེ་གནང་ཐུབ་པ་དགོས་ཀྱི་ཡོད་འདུག

HH 41st Sakya Trizin Gongma Trichen Ngawang Kunga and his Successors. Photo: Sakya Academy

དཔལ་ས་སྐྱ་པའི་གྲོས་ཆོད་དེའི་མགོར། ས་སྐྱ་པའི་ཆོས་བརྒྱུད་འདི་བཞིན་ཐོག་མར་འཁོན་སྟོན་དཀོན་མཆོག་རྒྱལ་པོས་དབུ་བརྙེས། དཔལ་བརྩེ་བ་ཆེན་མོས་སྲོལ་གཏོད། ཆོས་རྗེ་ཁུ་དབོན་གྱིས་དར་རྒྱས་སུ་མཛད་ནས་སྤྱི་ལ་དབང་བའི་གདུང་རབས་བཅུ་གཅིག་གི་གདན་ས་སྐྱོངས་གནང་མཛད། དེ་རྗེས་བླ་བྲང་བཞིར་གྱེས་ནས་རྒྱུན་བསྐྱངས་ཤིང་། མཐར་དུས་མཆོད་བླ་བྲང་གི་གདུང་རབས་ད་ལྟའི་བར་རིམ་བྱོན་གྱིས་བསྟན་སྲིད་ཀྱི་མཛད་འཁུར་རྒྱ་ཆེ་བསྐྱངས་ཤིང་། འཇམ་མགོན་དབང་འདུད་སྙིང་པོར་གདུང་སྲས་བཞི་བྱུང་བ། བླ་བྲང་སོ་སོར་བཞུགས་ཀྱང་། གཉིས་རྟེན་རབ་བྱུང་ཡིན་སྟབས་བཞུགས་པའི་ཡུན་ལས་རྒྱུན་གནས་མེད་ཅིང་། གཉིས་གདུང་འཛིན་མཛད་པ་ནས་སྒྲོལ་མ་ཕོ་བྲང་དང་། ཕུན་ཚོགས་ཕོ་བྲང་ཞེས་ད་ལྟ་ཡོངས་གྲགས་གཉིས་ནས་བསྟན་བདག་ཁྲི་པའི་མཚན་གནས་ཕོ་བྲང་གཉིས་རེས་མོས་དགུང་ནའི་བབས་བསྟུན་གྱི་མཛད་བཞིན་པ་ནས་ད་ཆ་ཕོ་བྲང་ཁག་གཉིས་ཀྱི་གདུང་སྲས་རྣམས་གསན་བསམ་རྒྱ་ཆེ་མཛད་དང་མཛོད་བཞིན་པ་མ་ཟད། ཕོ་བྲང་རྣམ་གཉིས་ཐུགས་མཐུན་དམ་གཙང་ཐུགས་སྣང་སྣོད་བཅུད་གཅིག་གྱུར་རྫོགས་ལྡན་གསར་པའི་དུས་རབས་ལྟ་བུའི་སྐབས་འདིར། ཞེས་བཀོད་ཡོད་འདུག

༧སྐྱབས་མགོན་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་ནི། ཡབ་ས་སྐྱ་༧གོང་མ་ཁྲིི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་། རྒྱལ་ཡུམ་བཀྲ་ཤིས་ལྷ་སྐྱིད་གཉིས་ཀྱི་སྲས་སུ་བོད་རྒྱལ་ལོ་ ༢༡༠༦ ས་ལུག་བོད་ཟླ་ལྔ་པའི་ཚེས་བཅུ་སྟེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དུས་ཆེན་དགེ་བའི་ཉིན་ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༥ དེཧ་རཱ་དུན་དུ་སྐུ་འཁྲུངས། དེ་མ་ཐག་ཡབ་རྗེ་མཆོག་གིས་གོང་མའི་ཕྱག་སྲོལ་ལྟར་ལྗགས་ལ་དྷཱི་ཡིག་འབྲི་བ་དང་ལེགས་སྦྱར་སྐད་དུ་ཛྙ་ན་བཛྲ་སྟེ། ཡེ་ཤེས་རྡོ་རྗེ་ཞེས་པའི་མཚན་གསོལ། མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་ནི་ཐོག་མར་འོད་གསལ་ལྷ་ལས་བྱུང་ཞིང་། གཟུགས་ཁམས་ལྷ་གནས་ཀྱི་སྤུན་བདུན་ཡོད་པའི་ནང་ནས་བྱུང་བ་ཞིག་ཡིན་ལ། གདུང་བརྒྱུད་འདིར་དུས་རབས་བརྒྱད་པའི་ནང་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཞལ་བཞུགས་སྐབས་ནས་འཁོན་ཀླུའི་དབང་སྲུང་བ་སོགས་མཁས་གྲུབ་མང་པོ་བྱོན་ཏེ་བོད་ཀྱི་ནང་བསྟན་ལ་མཛད་རྗེས་ཆེན་པོ་བཞག་ཡོད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

སྐར་མ ༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese