མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་འདེམས་ཐོན་སྤྱི་འཐུས་རྣམ་པས་བཞུགས་མོལ་ཚོགས་འདུ་ཚོགས་གཏན་འཁེལ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་རྒྱལ་ཁག་གི་འདེམས་ཐོན་སྤྱི་འཐུས་ལྔ་ཐུན་མོང་ནས་གྲོས་མགོ་སྟོན་ཏེ་འབོད་སྐུལ་རིམ་པར་གནང་བ་བརྒྱུད་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་འདེམས་ཐོན་སྤྱི་འཐུས་རྣམ་པས་འབྱོར་ཐོ་འགོད་རྒྱུ་དང་ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གང་རུང་ཞིག་ཏུ་བཞུགས་མོལ་ཚོགས་འདུ་དབུ་འཛུགས་གནང་གཏན་འཁེལ་ཡོད་འདུག

Parliament of the Central Tibetan Administration. Photo:TPiE

འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༨ ཉིན་སྤྱི་འཐུས་གྲོས་ཚོགས་ཁང་དུ་འདེམས་ཐོན་སྤྱི་འཐུས་ ༢༡ གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་གཞིར་བཟུང་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱི་མདུན་ནས་དམ་བཅའ་ཕུལ་ཡོད་པ་དང་། འདེམས་ཐོན་སྤྱི་འཐུས་ ༢༢ ཀྱིས་༸གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་བཅའ་ཕུལ་ཏེ་ཁག་གཉིས་ཆགས་པར་བརྟེན། དབུས་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་ཚོགས་དྲུང་ལས་ཁུངས་སུ་ཕེབས་ཏེ།དབུས་འོས་བསྡུ་ལས་ཁང་གིས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབ་བྱས་པའི་བཅའ་ཁྲིམས་ལ་གུས་བརྩི་ཞུ་དགོས་པར་བརྟེན། བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་ལྟར། སྤྱི་འཐུས་ཀྱི་གསུམ་ཆ་གཉིས་ཚང་རྗེས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

འདས་པའི་ཟླ་གསུམ་ལྷག་རིང་ཕྱོགས་གཉིས་ཀྱི་འདེམས་ཐོན་སྤྱི་འཐུས་རྣམ་པས་ཐུན་མོང་དང་མི་སྒེར་གྱི་ཐོག་ནས་ལན་འདེབས་དང་དཀའ་རྙོག་ཐད་གསལ་བཤད་རིམ་པར་བྱས་ཡོད་པ་མ་ཟད། དང་ཐོག་སྐུ་ཚབ་རྣམས་ལྷན་འཛོམས་ཐོག་གྲོས་བསྡུར་རིམ་པ་འགའ་བྱས་ཡོད་ཀྱང་ཕན་འབྲས་མ་བྱུང་བར་བརྟེན། ད་ལྟ་བར་འདེམས་ཐོན་སྤྱི་འཐུས་ཚང་མ་དངོས་སུ་འཛོམས་ཏེ་ནང་མོལ་གནང་ཐུབ་མེད་པ་དང་། དཀའ་རྙོག་དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་ངོ་རྒོལ་སྐྱོན་འཛུགས་རིགས་མང་དག་ཅིག་བྱུང་དང་འབྱུང་མུས་ཡིན་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་གཞུང་གིས་ཚོགས་དྲུང་ལགས་ཀྱི་མཚན་ཐོག་ཏུ་འབོད་སྐུལ་ཞུ་ཡིག་ཅིག་བཏང་སྟེ། ཕྱི་ཟླ་དགུ་པའི་གྲོས་ཚོགས་འཚོག་ལ་ཉེ་བ་དང་བསྟུན་འདས་དོན་གྱི་འགལ་ཟླ་ཕར་བཞག་སྟེ་ཁ་ཚ་དགོས་གཏུག་གི་དཀའ་ངལ་སེལ་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༧ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༧ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༨ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

མཆན། 3

  1. བློ་བཟང་འཕྲིན་ལས། says:
    ལོ་ 5 སྔོན།

    གཞུང་མོལ་ཚོགས་འདུ་ཚོགས་པར་སྤྱི་འཐུ་ལས་ཐོག་བདམ་འབུལ་ཟིན་པ་རྣམས་ཡིན་པ་ལས་གཞན་རྣམས་ག་ལ་ཡིན།

    Reply
  2. བཙན་ནག་པ། says:
    ལོ་ 5 སྔོན།

    བཞུགས་མོལ་ཚོགས་འདུ་ཚོགས་པར་རྒྱབ་བསྐྱོར་དང་ཆབས་ཅིག བཙའ་ཁྲིམས་དང་གྲོས་ཚོད་གཉིས་གལ་གང་ཆེ་ངེས་པར་དབྱེ་མཚམས་ཆོད་པ་ཞིག་དགོས་པ་འདེམས་ཐོན་འཐུས་མི་ཡོངས་ནས་དགོངས་བཞེས་མཛོད་ཅིག

    Reply
  3. དཔའ་རྒོད says:
    ལོ་ 5 སྔོན།

    ༄། ད་ཡིན་ད་ཚོགས་གཙོ་གཞོན་གཉིས་འདི་ཡིན་ཟེར་བ་ཞིག་གནང་རོགས། དེ་མིན་ཞུ་འདོད་གང་ཡང་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese